དགོད་གཏམ།༥

ཐང་དགེ་འབྲུག་ཐར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-04-03


     ཡང་ཨ་མཆོད་ཡི་གེ་གཅིག་ཀྱང་མི་ཤེས་པ་ཞིག་ཨ་མཆོད་གཞན་དག་གི་གྲས་སུ་འཚང་ནས་ཤེས་འདོག་གིས་ཨ་མཆོད་གཞན་དག་གི་ཁ་འགུལ་བ་ནང་བཞིན་རང་གི་ཁ་འགུལ་ཅི་ཐུབ་བྱས་པ་དེ་ཁྱིམ་བདག་གིས་ཚོར་ནས་ཨ་མཆོད་དེ་ལ་ཁྱེད་ཀྱིས་ཡི་གེ་མཁྱེན་ནམ།ཞེས་དྲིས་པས།ཨ་མཆོད་དེ་ཡིས་ཅི་མི་སྙམ་པར།ཡི་གེ་མི་ཤེས་ན་ཨ་མཆོད་བྱེད་ཐུབ་བམ་ཞེས་ལྡོག་འདྲི་བྱས།
     ཁྱིམ་བདག་དེ་ཡིས་ཨ་མཆོད་ཚོ་ཆབ་གསང་ལ་སོང་ཤུལ་དུ་ཨ་མཆོད་དེའི་དཔེ་ཆའི་ཤོག་གྲངས་གཅིག་མགོ་ཐུར་བསྟན་ནས་བཞག་པས།ཕྱིར་ཡོང་རྗེས་རང་གི་དཔེ་ཆའི་ཡི་གེ་དེ་གཞན་པའི་ཡི་གེ་དང་ཅུང་མི་འདྲ་བ་ཤེས་ནས་ནན་གྱིས་ལྟ་བཞིན་པ་དེར་ཁྱིམ་བདག་གིས་ཅི་བྱས་སོང་ལགས།ཞེས་དྲིས་པས།ཨ་མཆོད་ན་རེ།སྐྱོན་ཆེན་པོ་མི་འདུག  ཡིན་ན་ཡང་བདག་གི་དཔེ་ཆར་མདའ་མདུང་མང་པོ་(ཡི་གེ་མགོ་ཐུར་བསྟན་པའི་རྣམ་པ་ལ)ཞིག་བསླངས་འདུག་པས་གཏོར་མ་མང་པོ་ཞིག་ལས་དགོས་པ་འདྲ།རྩམ་པ་མང་པོ་ཞིག་གྲ་སྒྲིག་བྱོས་ཞེས་བཤད་དོ། །
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགོད་གཏམ།༥

2009-04-03 ཐང་དགེ་འབྲུག་ཐར། ཀློག་གྲངས། མཆན ཡོད།


     ཡང་ཨ་མཆོད་ཡི་གེ་གཅིག་ཀྱང་མི་ཤེས་པ་ཞིག་ཨ་མཆོད་གཞན་དག་གི་གྲས་སུ་འཚང་ནས་ཤེས་འདོག་གིས་ཨ་མཆོད་གཞན་དག་གི་ཁ་འགུལ་བ་ནང་བཞིན་རང་གི་ཁ་འགུལ་ཅི་ཐུབ་བྱས་པ་དེ་ཁྱིམ་བདག་གིས་ཚོར་ནས་ཨ་མཆོད་དེ་ལ་ཁྱེད་ཀྱིས་ཡི་གེ་མཁྱེན་ནམ།ཞེས་དྲིས་པས།ཨ་མཆོད་དེ་ཡིས་ཅི་མི་སྙམ་པར།ཡི་གེ་མི་ཤེས་ན་ཨ་མཆོད་བྱེད་ཐུབ་བམ་ཞེས་ལྡོག་འདྲི་བྱས།
     ཁྱིམ་བདག་དེ་ཡིས་ཨ་མཆོད་ཚོ་ཆབ་གསང་ལ་སོང་ཤུལ་དུ་ཨ་མཆོད་དེའི་དཔེ་ཆའི་ཤོག་གྲངས་གཅིག་མགོ་ཐུར་བསྟན་ནས་བཞག་པས།ཕྱིར་ཡོང་རྗེས་རང་གི་དཔེ་ཆའི་ཡི་གེ་དེ་གཞན་པའི་ཡི་གེ་དང་ཅུང་མི་འདྲ་བ་ཤེས་ནས་ནན་གྱིས་ལྟ་བཞིན་པ་དེར་ཁྱིམ་བདག་གིས་ཅི་བྱས་སོང་ལགས།ཞེས་དྲིས་པས།ཨ་མཆོད་ན་རེ།སྐྱོན་ཆེན་པོ་མི་འདུག  ཡིན་ན་ཡང་བདག་གི་དཔེ་ཆར་མདའ་མདུང་མང་པོ་(ཡི་གེ་མགོ་ཐུར་བསྟན་པའི་རྣམ་པ་ལ)ཞིག་བསླངས་འདུག་པས་གཏོར་མ་མང་པོ་ཞིག་ལས་དགོས་པ་འདྲ།རྩམ་པ་མང་པོ་ཞིག་གྲ་སྒྲིག་བྱོས་ཞེས་བཤད་དོ། །
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།