གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚིག་གི་མར་ལོ།༦

2009-02-24 16:05:00 ཐང་དགེ་འབྲུག་ཐར། ཀློག་གྲངས། མཆན ཡོད།

                               ༡
རང་རྒྱལ་བཀྲ་ཤིས་བདེ་ལེགས།ཕྱི་རྒྱལ་ཁ་ཆད་སྣ་རལ།
                     ____བོད་ལྗོངས་བརྙན་འཕྲིན་ཁང་གི་གསར་འགྱུར་ཁ་བྱང༌།
                              ༢

སྒོར་མོ་གནད་དོན་མ་རེད།གནད་དོན་ནི་སྒོར་མོ་མེད་པ་དེ་རེད།
                   ____བཟི་བོ་ཞིག་གི་དྲང་གཏམ།
                              ༣
ལག་ཏེ་ཉ་ཟོས་ན་ཀླད་པར་ཕན་རབས་ཡོད་ན།ཁྱེད་ཀྱིས་ཉ་སྲིན་ཞིག་ཟོས་ན་འགྲིག་གི་རེད།
                   ____བུ་ཡིས་ཉ་ཟོས་ན་བཟང་རབས་བཤད་པ་ཐོས་རྗེས་ཕ་ཡིས་བཏབ་པའི་ལན།
                              ༤
རྒན་བཀྲ་ཤིས་ལགས།ཁྱེད་ཀྱི་མིང་ལ་ཅི་ཟེར་རམ།
                   ____འཚབ་ཆེ་བའི་ཁྱིམ་བདག་ཅིག་གིས།
                             ༥
སྟག་ལྟ་བུའི་དགྲ་བོ་ལས་ཕག་ལྟ་བུའི་དབུས་རོགས་ཐུ།
                   ____དབུས་གྲོགས་ཀྱིས་དབུས་གྲོགས་ལ་འཕངས་པའི་མདའ།
                            ༦
དྲ་ཁང་དུ་མཚན་ཕུད་པས་ད་ལྟ་ང་ལ་ནད་དུག་ཕོག་ཡོད་པ་འདྲ།
                   ____དྲ་བར་ཞུགས་མ་ཐག་གི་སློབ་མ་ཞིག་གིས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།