ལེགས་བཤད་ལ་རྒོལ་བའི་ལེགས་བཤད།༡

༡ མཁས་པ་སློབ་པའི་དུས་ན་སྐྱིད་འོས། བཙན་གྱིས་བཙིར་ནས་འོངས་པའི་རིག་པ་དེས་སྡུག་ལ་གཏོད། རང་ལ་མནར་གཅོད་བྱེད་བཞིན་མཁས་པར་འགྱུར་བ་དེས་དོན་དུ་ཅི་ཞིག་བསླབ་ཡོད་དམ།
༢ ཚེ་འདིར་མཁས་པར་མ་གྱུར་བར་སྐྱེ་བ་ཕྱི་མར་བཅོལ་མཁན་དེས་སྐྱེ་བ་ཕྱི་མའི་དུས་སུ་སླར་ཡང་དེའི་ཕྱི་མར་བཅོལ་ཨེ་དགོས།
༣ ཉི་མའི་འོད་ཟེར་ཤར་བ་ན་འུག་པ་དག་མ་ཟད་སྤྱིལ་བུ་སྒེའུ་ཁུང་མེད་པ་དག་གི་ནང་དུ་ཨུ་ཚུགས་ཀྱིས་འཛུལ་བའི་མཁས་པ་དག་ཀྱང་ལོང་བར་འགྱུར་རོ།།
༤ བློ་གྲོས་ཆེན་པོ་དང་ལྡན་པ་དག་རྒུད་པར་འགྱུར་ངེས་དོན་ཅི་ཞེས་ན་བློ་གྲོས་ཀྱིས་སོ།།
༥ གལ་ཏེ་མཁས་པ་ཞིག་ལ་གཞན་དག་གིས་ཚེ་གང་བོར་བརྩད་ཅིང་དྲིས་པར་མ་བྱས་ན་མཁས་པ་དེ་ཅི་ལྟ་བུ་ཞིག་ཏུ་འགྱུར་སྲིད་ཅེས་ན་ཐང་སྟོང་དུ་ལུས་པའི་རྡོ་བ་ལྟ་བུ་ཞིག་ཏུ་འགྱུར་སྲིད་དོ།།
༦ ཡོན་ཏན་ལྡན་ན་སྐྱེ་བོ་ཀུན་མ་བསྡུས་པར་ཡང་རང་ཉིད་འདུ་བ་ནི་གནས་ལུགས་ཤིག་ལགས་མོད་དེ་དང་བུང་བ་དག་མེ་ཏོག་གི་མཐའ་རུ་འདུས་པ་གཉིས་གཏན་ནས་མི་འདྲ། སྔོན་མ་ནི་དགོས་མཁོའི་ཆེད་དང་ཕྱི་མ་ནི་རང་བྱུང་གི་ཆོས་ཉིད་ཅིག་གོ།
༧ གཞན་གྱི་ཡོན་ཏན་ཆུང་ངུ་དག་བླངས་ཏེ་ཡོན་ཏན་ཆེན་པོ་ཡོད་པའི་ཐམས་ཅད་མཁྱེན་པ་དེ་ཡོད་ན་ཁོས་ཚོང་རའི་དོ་དམ་གྱི་རིག་པ་སྣ་ཚོགས་པ་ཤེས་སྲིད་ལ་རྒྱལ་སྤྱིའི་འབྲེལ་བ་དང་རྒྱ་མཚོའི་རིག་པ་སོགས་ཀྱང་བྱང་ཆུབ་པར་ངེས། ནོ་པེལ་གྱི་བྱ་དགའ་ཚང་མ་ཁོ་གཅིག་བུས་ལེན་སྲིད་པ་མིན་ནམ། ཐམས་ཅད་མཁྱེན་པ་དེ་མཁས་པ་རེད་དམ་ཡ་མ་གཟུགས་ཀྱི་ཕུང་བོ་ཞིག་རེད།
༨ མཁས་པ་ཤེས་རབ་ཀྱིས་བསྲུང་དགོས་པར་མ་ཟད་གོ་ཁྲབ་ཀྱིས་ཀྱང་སྲུང་དགོས།
༩ ཐབས་རྡུགས་པའི་མཁས་པ་བླུན་པོ་འཇུག་པའི་ལམ་དུ་གཏན་ནས་མ་སོང་ཚེ་ཤུལ་ཏུ་ལྷག་པའི་མཁས་པ་འཇུག་པའི་ལམ་ནི་འཆི་ལམ་ཉག་གཅིག་གོ།
༡༠ ཤེས་རབ་ལྡན་པ་མགོ་སྐོར་བྱེད་གཅིག་ལས་མེད་དེ། ཤེས་རབ་བོ།།
༡༡ བློ་གྲོས་ལྡན་པ་གཉིས་བགྲོས་ན་ཅིག་ཤོས་དེའི་བློ་གྲོས་ཉམས་པར་འགྱུར་རོ།།
༡༢ ཁྱོད་ཀྱི་འཇིགས་ཟིལ་ལ་སྐྲག་པས་མ་གཏོགས་སྨྲས་ཤིང་བསྐུལ་བས་དུད་འགྲོར་ཇི་ལྟར་གོ་བ་སྐྱེས། གལ་ཏེ་གོ་བ་ཙམ་སྐྱེས་ན་དེ་ནི་སྨྲས་ཤིང་བསྐུལ་བས་མ་ཡིན་པར་དུད་འགྲོའི་གདོད་མའི་རང་གཤིས་ཡིན་ནོ།།
༡༣ རང་གི་ཡུལ་ལས་ཡུལ་གཞན་དུ་མཆོད་པ་ཐོབ་པའི་མཁས་པ་དེ་ཕྱིར་རང་གི་ཡུལ་དུ་ལོག་ན་མཆོད་པ་ཨེ་ཐོབ།
༡༤ སེང་གེ་གསོད་པའི་རི་བོང་གི་རིག་པ་དེ་མིའི་རིགས་ལ་མཚོན་ན་རྒུད་པ་ཀུན་གྱི་ཁུངས་ཆེ་ཤོས་ཤིག་རེད།
༡༥ བ་ལང་རྒན་གཞོན་དཔྱོད་པ་ལ་མཁས་པ་དེ་ཡོན་ཏན་མིན་ན་བ་གླང་བཤས་ནས་མཁས་པའི་མདུན་སར་བསྐྱལ་ཡོང་བ་དེ་ཡོན་ཏན་ཨེ་ཡིན།
༡༦ བྱིས་པ་སུ་ཡིན་ཡང་རང་གི་ངག་ལས་ལེགས་བཤད་ལེན་པའི་མཁས་པ་དེ་རིགས་ལ་གཟབ་དགོས།
༡༧ དམ་པ་འགའ་ཞིག་དཔོན་དུ་བསྐོས་གྱུར་ན་དམ་པ་མ་ཡིན་པར་འགྱུར་རོ།།
༡༨ དམ་པ་དུལ་བ་ནི་མཁས་པའི་རྟགས་སུ་འོས་ཀྱང་རྟ་མཆོག་དུལ་བ་ནི་བང་རྩལ་ལྡན་པའི་རྟགས་སུ་མི་འོས། དེ་བས་དམ་པའི་ཁྲོད་དུ་རྟ་མཆོག་དང་འདྲ་བ་ཡོད་ཚེ་དུལ་བར་མི་རུང༌།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།