༈དབྱངས་གསལ་སོ་བཞིའི་མཛེས་སྡུག གཟིམ་པ་མེད་པའི་མཆོད་མེ།
ཁྱེད་ཀྱི་གནས་ཡུལ། >>ལྷུག་རྩོམ། >> འདབ་གཤོག
འདབ་གཤོག
སྟག་འབུམ་རྒྱལ།

མི་འགའ་རེས་འདབ་གཤོག་ནི་འདབ་གཤོག་ཙམ་ལས་ཅི་ཡང་མི་རེད་སྙམ་གྱིན་འདུག   དེ་ནི་ཁོ་ཚོས་འདབ་གཤོག་ནི་རེ་བ་དང་དུང་སེམས་ལས་འཕོས་པའི་གདམ་གསེས་ཤིག་དང    དུས་ཚོད་དང་བར་སྣང་གི་གྲུ་ག་རེ་རེ་ནས  ལས་བསྐོས་དང་འཛིང་ག་བཀྱེ་བའི་བློ་སྤོབས་དེ་ཡིན་པ་མ་རྟོགས་པས་རེད

 མི་ལ་ལས་ཁ་གཡང་སྒྲོག་པ་ནི་བློ་སྤོབས་ཡིན་སྙམ་གྱིནའདུག   ཁོ་ཚོ་ཁ་གཡང་སྒྲོག་པར་མགོ་བོ་འཐོམས་ཏེ་ཐ་ན་རང་ཉིད་ཀྱི་ལས་ཀ་གང་ཡིན་པ་དེའང་བརྗེད་དུ་ཉེ་བའི་ཚོད་དུ་གདའ   དོན་དངོས་སུ་ཁ་གཡང་ནི་ཙམ་ལས་ཅི་ཡང་མ་རེད   ཁ་གཡང་ནི་བློ་སྤོབས་ག་ལ་ཡིན   ཁྱོད་ཀྱིས་བྱ་རྒྱལ་རྒོད་པོའི་འདབ་གཤོག་གིས་སྤྱི་ཁྲེ་དགུ་ཁྲིའི་བར་སྣང་ཟིལ་གྱིས་གནོན་པ་དང   ཁྱུང་ཆེན་གྱི་གཤོག་རླབས་ཀྱིས་དཔག་ཚད་ཁྲི་ཡི་སྟོང་དབྱིངས་འཕྲེད་ཀྱིས་གཅོད་པའི་ཟིལ་ཤུགས་དེ་མཐོང་ཚེ  ད་གཟོད་འདབ་གཤོག་གི་གོ་དོན་དང་དེའི་ཕག་ཏུ་གབ་པའི་གསང་བརྡ་དེ་རྟོགས་ངེས

དུས་ཚོད་ནི་ནམ་ཡང་གསེར་མདོག་གི་དུས་ཚིགས་ཀྱི་ཕྱོགས་སུ་སྙེག   མི་སེམས་ཀྱང་ནམ་ཡང་གསེར་མདོག་གི་ཉི་ཤར་གྱི་ཕྱོགས་སུ་འཕྱོ   གསེར་མདོག་ནི་ནམ་ཡང་ཆེས་མཛེས་སྡུག་ལྡན་པའི་རེ་སྙེག་དེ་ཡིན་ཞིང     འདབ་གཤོག་ནི་མ་གཞི་ནས་རེ་ཞིང་སྙེག་པ་དེ་འཛིན་པར་གཞོལ་བ་དང་ཟིན་ཆོག་པའི་བློ་སྤོབས་དེ་རེད་ཨང

 

[ཡོང་ཁུངས། ༢༠༠༨ལོའི་གངས་རྒྱན་མེ་ཏོག] [ཟླ་ཚེས། 09-11-27] [ཀློག་གྲངས། ]
དཔྱད་བརྗོད།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2008 Tibetcm.coM All rights reserved. Powered by: Tibetitw.coM
E-mail:tibetcm@126.com    QQ:492779202 QQ:32460212