༈དབྱངས་གསལ་སོ་བཞིའི་མཛེས་སྡུག གཟིམ་པ་མེད་པའི་མཆོད་མེ།
ཁྱེད་ཀྱི་གནས་ཡུལ། >>ཁ་མཚར། >> པགས་པ་དྲོན་པོ།
པགས་པ་དྲོན་པོ།
སྐྱ་བོ།

     
     སྔོན་ཡུལ་དངུལ་རྭའི་ཕྱོགས་ཀྱི་རྒན་པོ་ཞིག་ས་གཞན་ཞིག་ན་ཡོད་པའི་རང་གི་མནའ་ཡ་ཚང་ལ་འགྲུལ་བར་སོང་ནས་ཞག་སྡོད་བྱས། མཚན་མོར་ཁོས་མནའ་ཡ་ཚང་ནས་ཟས་མང་ཙམ་ཟོས་པ་དང་ཇའང་མཚམས་མེད་དུ་འཐུང། མནའ་ཡ་ཚང་གིས་ཁོ་ལ་པགས་པ་དྲོན་པོ་ཞིག་ཡོད་པ་དེ་བཏིང་ནས་མལ་ས་སྐྱིད་པོ་ཞིག་བཟོས། ནམ་དཀྱིལ་དུ་སླེབ་དུས་ཁོའི་གྲོད་ཁོག་སྦོས་ཏེ་གཅིན་སྐྱག་འདོར་འདོད་ནའང་མནའ་ཡ་ཚང་ལ་ཁྱི་བཙན་པོ་ཞིག་ཡོད་པས་སྒོར་འགྲོ་མ་ཕོད་པ་དང་ཁོང་ཚང་གི་མི་ལ་འང་ངོ་ཚར་འཛེམ་ནས་འབོད་མ་ཕོད་པས་གཅིན་སྐྱག་དག་པགས་པའི་ཁུག་ཏུ་མི་འདོར་ཀ་མེད་བྱུང་།

      ཕྱི་ཉིན་སྔ་མོ་མནའ་ཡ་ཚང་གི་ནང་མི་དག་གཉིད་ལས་མ་སད་གོང་ནས་ཁོ་ཡར་ལངས་པ་དང་། པགས་པ་དེ་རིལ་མོར་དྲིལ་ནས་རྟའི་ཤ་ཐག་ལ་བསྡམས། མནའ་ཡ་ཚང་གི་མི་རྣམས་ཡར་ལངས་ནས་གནས་ཚུལ་འདྲི་དུས་ཁོས་གྲོགས་པོ་ཡ་གྲོགས་པོ། ང་རང་སྟོད་རྒྱ་གར་དང་སྨད་རྒྱ་ནག་སོགས་མ་སོང་བའི་ས་ཞིག་མེད་ནའང་མདང་དགོང་ལྟ་བུའི་གཉིད་སྐྱིད་པོ་ཞིག་ཁུག་མ་བྱུང་། དེ་ནི་ཁྱེད་ཚང་གི་པགས་པ་དྲོན་པོ་དེའི་དྲིན་ཡིན་ངེས་རེད། གལ་སྲིད་ཁྱེད་ཀྱིས་ང་རང་མནའ་ཡ་ཞིག་ཏུ་བརྩི་ན་པགས་པ་དེ་ང་ལ་ངེས་པར་བཙོང་རོགས་ཞུ་ཞེས་དངུལ་སྒོར་གཅིག་གཡུག་ནས་རྟ་གོང་ལ་བུད་དེ་མྱུར་བར་སོང་ངོ་།།

 

[ཡོང་ཁུངས། ངེད་དྲ་བ།] [ཟླ་ཚེས། 09-07-02] [ཀློག་གྲངས། ]
དཔྱད་བརྗོད།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2008 Tibetcm.coM All rights reserved. Powered by: Tibetitw.coM
E-mail:tibetcm@126.com    QQ:492779202 QQ:32460212