༈དབྱངས་གསལ་སོ་བཞིའི་མཛེས་སྡུག གཟིམ་པ་མེད་པའི་མཆོད་མེ།
ཁྱེད་ཀྱི་གནས་ཡུལ། >>མི་རབས་གསུམ་པ། >> མི་རབས་གསུམ་པར་ཞུ་བ།
མི་རབས་གསུམ་པར་ཞུ་བ།
ལྡོང་བུ།

མི་རབས་གསུམ་པའི་གྲོགས་པོ་དག་ལ་ཞུ་རྒྱུར།
      རེ་ཆད་ལ་ཡིད་རྟོན་བྲལ་ཞིང་སྨྲེ་ངག་དང་གདུང་ཡུས་ཀྱིས་སྐྱེལ་དགོས་པའི་དུས་རབས་འདིར་མ་དྭངས་པའི་རྡུལ་འཚུབ་སྟུག་པོའི་དབྱིངས་སུ་བདེན་པའི་ལམ་བུ་ཞིག་འཚོལ་བ་རྣམ་པར་དཔྱོད་པའི་བློ་ཡུལ་ལ་མ་གཏོགས་ཤོང་བ་མེད།  ཁོ་བོས་བསམ་ན།  འདི་ནི་འུ་བུ་ཅག་གི་གནས་བབ་ལགས།  གནས་ལུགས་ནི་སྲོག་རྩ་དུམ་བུར་གཅོད་བྱེད་ཀྱི་རལ་གྲི་མིན་པའི་ངེས་པའང་མེད།  ཁོ་བོས་ད་ལྟའི་ཡུལ་ལྗོངས་འདི་དང་དེའི་ངོ་གདོང་ལ་ཡིད་ཆེས་བྱ་ཐབས་བྲལ་ཡང་པང་དུ་ལེན་མི་འོས་པ་དག་ནི་འདི་ལྟར་རང་རེའི་ཕྱོགས་སུ་ལྷགས་ཤིང་སོས་དལ་མོས་ངལ་ཙམ་ཡང་གསོ་བར་མི་བྱེད།  ལམ་བུ་ནི་གཉིས་ཏེ་ལོབས་སུ་འཇུག་པའམ་རྒོལ་བའོ།  །    རྣོ་ལྕགས་དང་མེ་རོ།  གསོབ་གསོབ་དང་ཚུལ་འཆོས།  ཡ་ང་བའི་སྐྱོ་གར་གང་རུང་གིས་ས་སྒང་རིལ་བོ་ཞིག་བདག་ཏུ་བཟུང་དུས་ལམ་འགྲམ་གྱི་རྩྭ་སྐྱ་ཐར་ཐོར་གྱི་གསེབ་ནས་ཡི་གར་འོང་བའི་ཉིན་གྱི་ཟླ་བ་དང་གསེར་མདོག་གི་རྔུལ་ཆུ་འཐུ་མཁན་དག  ཅི་ཡང་མེད་ས་ནས་སྟོང་བསམ་གྱི་སྒྲུབ་ཕུག་ལེགས་པོར་བཞེངས་བསྐྲུན་གྱིས་དང༌།  ཟེར་སྒྲོས་ཀྱི་ཚིག་སྐམ་དེ་དག་གི་མཐའ་རུ་མི་རབས་ཤིག་གི་ལས་སྐལ་འདི་ཁོ་ན་རུ་ངེས།  ཞོར་དུ་ཐེངས་གསུམ་པའི་མི་རབས་གསུམ་པའི་འདུ་ཚོགས་ལ་ཞུགས་མ་ཐུབ་པར་དགོངས་འགལ་མེད་པར་ཞུ་ཞུ།
 

[ཡོང་ཁུངས། མཆོད་མེའི་པོད་ཁུག] [ཟླ་ཚེས། 08-11-25] [ཀློག་གྲངས། ]
དཔྱད་བརྗོད།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2008 Tibetcm.coM All rights reserved. Powered by: Tibetitw.coM
E-mail:tibetcm@126.com    QQ:492779202 QQ:32460212