༈དབྱངས་གསལ་སོ་བཞིའི་མཛེས་སྡུག གཟིམ་པ་མེད་པའི་མཆོད་མེ།
ཁྱེད་ཀྱི་གནས་ཡུལ། >>དྲ་རྩོམ། >> སྙིང་ཉེ་མ།
སྙིང་ཉེ་མ།
གངས་རིའི་རྣམ་ཤེས།

        ____ངོ་མ་ཐུག་པའི་བུད་མེད་དྲ་གྲོགས་ཤིག་ལ་བྲིས།
 
རྨི་ལམ་དམར་བོ་ཞིག་གི་ཕྱི་ནང་གསང་གསུམ་ནས
བདག་གི་ཤ་གསེང་རུས་གསེང་གི་བརྩེ་བ 
ཚིག་དང་ཐ་སྙད་ཁ་ཤས་ཀྱིས་བཟོས་ཏེ
འཕྲིན་དང་ཁ་པར་གྱི་ལམ་ནས
ཁྱོད་ལ་སྤྲིངས་ཡོད    སྙིང་ཉེ་མ
 
དྲན་པ་དང་སྡུག་ཡུས་བརྩེགས་པའི་སེམས་ཀྱི་ཕོ་བྲང་ན
བརྩེ་བ་དང་དུང་བའི་མིག་ཆུ་སྙིང་ནས་འཐོར་དུས
ད་བཟོད   ཁྱོད་ནི་ངའི་དྲན་པའི་རྨ་ཁ་དང
སྐྱོ་བའི་དབྱངས་རྟ་ཡིན་པར་ཤེས་ཡོད  སྙིང་ཉེ་མ
 
གང་ལྟར   དུས་ཚོད་ཀྱི་དམར་གསོད་ཁྲོད་ནས
ཁྱོད་ལ་ཐུག་པའི་གོ་སྐབས་ཤིག་མཆིས་ན
བརྩེ་དུང་དང་སྦི་རག་གི་བཟི་ཁ་ན 
 བདག  ཁྱོད་དང་ལྷན་དུ
འདོད་པའི་ལྟད་མོར་འགྲོ་འདོད་ཡོད སྙིང་ཉེ་མ
 
            ༢༠༡༠ ༡ ༣༡ཉིན་འབར་ཁམས་ནས་བྲིས།
 

[ཡོང་ཁུངས། ངེད་དྲ་བ།] [ཟླ་ཚེས། 10-02-05] [ཀློག་གྲངས། ]
དཔྱད་བརྗོད།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2008 Tibetcm.coM All rights reserved. Powered by: Tibetitw.coM
E-mail:tibetcm@126.com    QQ:492779202 QQ:32460212