༈དབྱངས་གསལ་སོ་བཞིའི་མཛེས་སྡུག གཟིམ་པ་མེད་པའི་མཆོད་མེ།
ཁྱེད་ཀྱི་གནས་ཡུལ། >>དྲ་རྩོམ། >> འཕྲུལ་སྣང་གི་ཡི་གེ་དག
འཕྲུལ་སྣང་གི་ཡི་གེ་དག
སེར་ལེགས་འཕྲིན།


མངོན་སུམ་ཁྲོད་ཀྱི་ལག་པ་རྒྱང་ལ་བསྲིངས་ཏེ་རྙེད་པ་ནི
འཕྲུལ་སྣང་གི་རྨི་ལམ་ཚན་པ་གཅིག་སྟེ
དེའི་ཁྲོད་ཀྱི་འོད་ཟེར་གྱི་ལག་ཆ་བཀོལ་ནས
སེམས་པའི་སྟེང་གི་ལོག་རྟོག་གི་མདུད་པ་དལ་གྱིས་བཤིགས་ཏེ
ཁྱོད་ལ་འདི་ལྟར་འབྲི་འདོད

ལྷམ་མཐིལ་ལྟ་བུའི་སྲིད་པ་འདིའི་རྨང་གཞི
ཚོན་མདངས་མེད་པའི་ཐང་ག་ཞིག་གི་སྐྱ་ཐིག་ཡིན་ཚེ
འདི་ཉིད་བཟོ་བོ་ནི་བདེ་སྡུག་གི་ཚོར་བ་བྲལ་བའི་
རླུང་བུ་ཞིག་ཡིན་པའི་དབང་དུ་བཏང་ན
ཁོའི་ཆུ་རིས་འཛུམ་པའི་ལྭ་བའི་སྟེང་དུ
འགྲོས་དལ་བའི་བོང་བུ་ཞིག་གིས་རྐང་རྗེས་སྤར་ཏེ
ཁོ་ལ་ཐག་རིང་གི་ལྷ་སྒྲུང་དྲན་དུ་བཅུགས་རྗེས
ཁོས་ཁ་བྱང་མེད་པའི་རི་མོ་འདི་བྲིས་པ་གདོན་མི་ཟ

ནམ་མཁའ་སྟོང་བས་ཆུ་འཛིན་གྱི་སྐ་རགས་གྲོལ་ཏེ
ཉི་ཟླ་གཉི་ག་མྱོས་བུམ་གྱི་དཔེ་རུ་བྱས་ནས
སྣང་སྟོང་གི་ཁམས་སུ་སྒེག་འགྲོས་ཀྱི་གོམ་པ་འགའ་སྤོས་པ
ངའི་འཕྲུལ་སྣང་ཁྲོད་ཀྱི་ཡི་གེ་དག
སྟོང་བསམ་གྱི་ཐག་པ་གཅིག་ལ་བརྒྱུས་པ་དང་ཅི་འདྲའི་མཚུངས་ཨང

 

[ཡོང་ཁུངས། ངེད་དྲ་བ།] [ཟླ་ཚེས། 09-06-13] [ཀློག་གྲངས། ]
དཔྱད་བརྗོད།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2008 Tibetcm.coM All rights reserved. Powered by: Tibetitw.coM
E-mail:tibetcm@126.com    QQ:492779202 QQ:32460212