༈དབྱངས་གསལ་སོ་བཞིའི་མཛེས་སྡུག གཟིམ་པ་མེད་པའི་མཆོད་མེ།
ཁྱེད་ཀྱི་གནས་ཡུལ། >>དྲ་རྩོམ། >> འབྲོག་པའི་སྐྱོ་གླུ།
འབྲོག་པའི་སྐྱོ་གླུ།
དགེ་འདུན་སྐྱབས།


རི་བོ་མཐོན་པོའི་མགོ་ནས།།

ཕྱོགས་བཞིར་རྒྱང་ལྟ་བྱེད་དུས།།

སྔར་གྱི་རྫི་བུ་རྣམ་པ།།

མིག་གིས་མཐོང་རྒྱུ་མི་འདུག།།

 

ཁྱིམ་ཚང་རེ་རེའི་རྩྭ་སར།།

ལྕགས་ར་གོར་གོར་བརྒྱབ་པས།།

རྫི་བུ་རྩེ་བའི་ཁོར་ཡུག།།

རྡོག་བརྫིས་བྱས་ནས་བུད་སོང་།།

 

སློབ་གསོ་སློབ་གསོ་ཟེར་ནས།།

འབྲོག་པའི་བྱིས་པ་ཚང་མ།།

སློབ་རའི་ནང་དུ་ཁྲིད་པས།།

གསང་བ་ཆེན་པོ་ཡོད་འདུག།།

 

ཨ་རོ་མགོ་བ་ལོ་ལོ།།

འབྲོག་ཕྱོགས་མི་ཤེས་བཞིན་དུ།།

ང་ཚོའི་འབྲོག་པའི་འཚོ་བ།།

གང་འདོད་རྩེ་ཆས་མ་བྱེད།།

 

[ཡོང་ཁུངས། ངེད་དྲ་བ།] [ཟླ་ཚེས། 09-06-30] [ཀློག་གྲངས། ]
དཔྱད་བརྗོད།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2008 Tibetcm.coM All rights reserved. Powered by: Tibetitw.coM
E-mail:tibetcm@126.com    QQ:492779202 QQ:32460212