༈དབྱངས་གསལ་སོ་བཞིའི་མཛེས་སྡུག གཟིམ་པ་མེད་པའི་མཆོད་མེ།
ཁྱེད་ཀྱི་གནས་ཡུལ། >>འཕྲིན་གསར། >> སྐབས་བཞི་བའི་སྙན་ངག་འདུ་ཚོགས“ལང་ཚོའི་རྦབ་ཆུ”འི་གནས་ཚུལ་རགས་པ།
སྐབས་བཞི་བའི་སྙན་ངག་འདུ་ཚོགས“ལང་ཚོའི་རྦབ་ཆུ”འི་གནས་ཚུལ་རགས་པ།
ངེད་དྲ་བ།


ཚོགས་ར།

ནུབ་མཚོ་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་གཙོ་ཆོས་སྐྱོང་རྒྱ་མཚོས་ཤིས་ཚིག་འབུལ་བཞིན་པ།

ཡེ་ཤེས་ལྷ་སྒྲོན་གྱིས་ཁམས་སྐད་ཀྱིས་སྙན་ངག་གྱེར་འདོན་བྱེད་བཞིན་པ།

སེང་རྡོར་གྱིས་རང་གི་བྲིས་རྩོམ<<ཡིག་ནོར་རེད། ཡིག་ནོར་མ་རེད>>ཅེས་པ་གྱེར་འདོན་བྱེད་བཞིན་པ།

གངས་ལྗོངས་ཡི་གེའི་བྱེད་པོའི་འདྲ་སྐུའི་མདུན་ནས་རྗེས་དྲན་གྱི་པར་བསྐྱོན་པ།

ཡན་ལག་ཚོགས་ར།

དཀར་ཟས་ལ་རོལ་བ།

སྙན་ངག་པ་གཅན་མེ་སྟག་ལགས་ཀྱིས་མཚོ་སྔོན་པོར་སྙན་ངག་གི་མཆོད་པ་འབུལ་བ།

ལྗང་བུ་དང་མདའ་བཙན་པོ།

པགས་པའི་ངོས་སུ་བྲིས་པའི་སྙན་ངག་ཀུན་གྱི་མཐོང་ལམ་དུ་ངོམ་པ།

ལྡོང་བུ་སོགས་ཀྱིས་འཇུ་སྐལ་བཟང་གི་སྙན་ངག<<དགེ་འདུན་ཆོས་འཕེལ>>ཞེས་པ་ཀློག་པ།

རྩེད་མོའི་རྣམ་པ།

དེ་གར་འཛོམས་པའི་མི་རབས་གསུམ་པ་བ་དག་གི་མཉམ་པར།
        ཐེངས་འདིའི་སྙན་ངག་འདུ་ཚོགས་དེ་ཧྥ་རན་སིའི་བོད་ཀྱི་སྲོལ་རྒྱུན་གསོ་རིག་ཚོགས་པ(TTM)ཡིས་མཐུན་རྐྱེན་སྦྱར་ཞིང་། མཚོ་སྔོན་ཏཱ་རེ་གློག་བརྙན་དང་རིག་གནས་ཁྱབ་སྤེལ་ལྟེ་བ་དང་ནུབ་མཚོ་མི་རིགས་བཅའ་སྡོད་སློབ་གྲྭ་གཉིས་ཀྱིས་མཉམ་དུ་བསྒྲུབས་པ་ཞིག་ཡིན། སྙན་ངག་ཀློག་འདོན་དང་ལྟ་ཚུལ་བགྲོ་གླེང་གཉིས་བརྗོད་གཞིར་གཙོ་བོར་བཟུང་བ་དང་། ནུབ་མཚོ་མི་རིགས་བཅའ་སྡོད་སློབ་གྲྭའི་དགེ་སློབ་ལྷན་རྒྱས་ནས་ཀྱང་གླུ་གར་དང་སྙན་ངག་ཀློག་འདོན་གཙོར་བྱས་པས་འཁྲབ་སྟོན་གྱི་ལོངས་སྤྱོད་གྱ་ནོམ་པ་ཞིག་སྙན་ངག་པ་དག་གི་མདུན་དུ་བསྟར། སྙན་ངག་པ་བོང་སྟག་རི་ལུས<<རྒྱལ་ཁབ་དྲིན་ཆེན་པོ>>དང་། སེང་གེ་རྡོ་རྗེས<<ཡིག་ནོར་རེད། ཡིག་ནོར་མ་རེད>>ཅེས་པའི་སྙན་ངག་སོགས་གྱེར་འདོན་བྱས་པ་འཁྲུག་ཆ་དོད་པོའི་ངང་གླེང་གཞི་རེ་རེར་གྱུར་བ་དང་།མི་རབས་གསུམ་པའི་ཚོགས་མི་དག་དང་སྙན་ངག་པ་གཞན་དག་གི་བར་དུའང་འབྲེལ་འདྲིས་ཀྱི་གོ་སྐབས་བྱུང་བས་ཚོགས་པ་དེའི་སྐོར་ལ་རྒྱུས་ལོན་ཟབ་མོ་བྱུང་།  ནུབ་མཚོ་གྲོང་རྡལ་གྱི་མགྲོན་ཁང་དྲོ་སྐྱིད་ཀྱིས་ཁེངས་ཤིང་ཁོ་ར་ཁོར་ཡུལ་ལྷིང་འཇགས་ཡིན་པས་སྙན་ངག་པ་དག་གིས་ལུས་སེམས་གཉིས་ཀྱི་ངལ་བ་གསོ་བར་རྟེན་འབྲེལ་བཟང་པོ་འགྲིག ཆང་དང་ཐ་མག དམར་ཟས་བཅས་མེད་པའི་ཉིན་མོ་ཞིག་ཀྱང་སྲུང་བརྩི་བྱས་ཏེ་འགྲམ་དར་ཆགས་པའི་མཚོ་སྔོན་པོར་སྙན་ངག་གི་མཆོད་པ་ཕུལ་བས་ཀུན་གྱིས་དེ་ལས་རྙེད་པའི་ཚོར་བ་གསར་བ་དེའང་ཉམས་སུ་མྱངས་ཐུབ་པར་བྱས།

 

[ཡོང་ཁུངས། ངེད་དྲ་བ།] [ཟླ་ཚེས། 09-12-02] [ཀློག་གྲངས། ]
དཔྱད་བརྗོད།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2008 Tibetcm.coM All rights reserved. Powered by: Tibetitw.coM
E-mail:tibetcm@126.com    QQ:492779202 QQ:32460212