༈དབྱངས་གསལ་སོ་བཞིའི་མཛེས་སྡུག གཟིམ་པ་མེད་པའི་མཆོད་མེ།
ཁྱེད་ཀྱི་གནས་ཡུལ། >>འཕྲིན་གསར། >> སྒྱུ་རྩལ་བ་ཆེན་མོ་མེ་ཁོལ་རྗ་ཁཱ་སེན་མཆོག་སྐུ་གཤེགས་པ།
སྒྱུ་རྩལ་བ་ཆེན་མོ་མེ་ཁོལ་རྗ་ཁཱ་སེན་མཆོག་སྐུ་གཤེགས་པ།
ངེད་དྲ་བ།

      
   ཨ་རིའི་ནུབ་ཕྱོགས་ཀྱི་ཆུ་ཚོད་ལྟར་བརྩིས་པའི་ཟླ་༦པའི་ཚེས་ཉེར་ལྔའི་ཉིན་གྱི་མཚན་མོར། འཛམ་གླིང་ཡོངས་ལ་སྐད་གྲགས་ཆེ་བའི་གཞས་པའམ་སྒྱུ་རྩལ་བ་ཆེན་མོ་མེ་ཁོལ་རྗ་ཁཱ་སེན་མཆོག་སྙིང་ནད་ཀྱིས་གློ་བུར་ཏུ་མནར་ཏེ་སྐུ་གཤེགས། ས་སྒང་རིལ་མོ་འདིའི་སྟེང་གི་དར་སོ་ཆེ་བའི་གླུ་དབྱངས་ཀྱི་རྒྱལ་བོར་འབོད་པའི་ཁོང་ཉིད་ནི་གཞས་ཀྱི་ཚིག་དང་དབྱངས་རྩོམ་པ་དང་། འཁྲབ་རྭ་བཟོ་བ། དབྱངས་རྟ་སྒྲིག་པ། གཞས་གཏོང་བ། བྲོ་འཁྲབ་པ། རོལ་ཆས་དཀྲོལ་བ་སོགས་ཀྱི་ཕྱོགས་ལ་ལྷན་སྐྱེས་ཀྱི་ཤེས་རབ་མངའ་བའི་སྒྱུ་རྩལ་བ་ཞིག་ཡིན་པ་དང་། དེ་སྔ་ཕྱི་ལོ༢༠༠༦ལོར་སྡོམ་རྩིས་བྱས་པ་ལྟར་ན་ཁོང་གི་རོལ་མོའི་ཆེད་སྒྲིག་ངོ་མ་བཙོང་བའི་གྲངས་དུང་ཕྱུར་བདུན་ལས་བརྒལ་ཟིན། ཁོང་གིས་རང་གི་མཚན་སྙན་དང་རྒྱུ་ནོར་ལ་བརྟེན་ནས་དགེ་རྩའི་ཚོགས་པ་༣༩ལ་རོགས་སྐྱོར་བྱས་ཏེ་༢༠༠༦ལོའི་བར་དགེ་རྩར་རོགས་རམ་བྱས་པའི་ཟིན་ཐོ་གཞན་དག་ལས་བརྒལ་ནས་མི་སྒེར་གྱི་མིང་ཐོག་ནས་དགེ་རྩར་རོགས་རམ་བྱས་པ་ཆེས་མང་པའི་སྐྱེས་བུར་གྱུར།

       འདིར་ངེད་དྲ་བས་བོད་པའི་སྒྱུ་རྩལ་བ་དག་གིས་ཀྱང་ཁོང་ལ་རྗེས་དྲན་དང་གདེང་འཇོག་བྱས་པའི་ཚིག་ཏུཁོང་གི་གློག་ཞགས་འཁྱུག་པ་ལྟ་བུའི་གླུ་སྐད་དང་གར་གྱི་སྟང་སྟབས་དེས་སྲིད་པའི་མེ་ལོང་ལ་ངོས་གཞན་ཞིག་བཟོས་ཟིནཞེས་པ་ཕུལ་བ་ཡིན་ནོ།།

 

[ཡོང་ཁུངས། ངེད་དྲ་བ།] [ཟླ་ཚེས། 09-06-27] [ཀློག་གྲངས། ]
དཔྱད་བརྗོད།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2008 Tibetcm.coM All rights reserved. Powered by: Tibetitw.coM
E-mail:tibetcm@126.com    QQ:492779202 QQ:32460212