༈དབྱངས་གསལ་སོ་བཞིའི་མཛེས་སྡུག གཟིམ་པ་མེད་པའི་མཆོད་མེ།
ཁྱེད་ཀྱི་གནས་ཡུལ། >>འཕྲིན་གསར། >> མི་རབས་གསུམ་པའི་དྲ་ཐོག་པོད་ཁུག་ཚགས་པར་འགྲེམས་སྤེལ་བྱས་པ།
མི་རབས་གསུམ་པའི་དྲ་ཐོག་པོད་ཁུག་ཚགས་པར་འགྲེམས་སྤེལ་བྱས་པ།
ངེད་དྲ་བ།

               
               
              ཉེ་ལམ་དགེ་འདུན་ཆོས་འཕེལ་དྲ་བས་གཙོ་སྒྲུབ་བྱས་ཤིང་མི་རབས་གསུམ་པའི་ཚོགས་མི་བྱང་སྒྲ་སྙན་ལགས་ཀྱིས་གཙོ་སྒྲིག་བྱས་པའི་མི་རབས་གསུམ་པ་དང་འབྲེལ་ཡོད་ཀྱི་དྲ་ཐོག་པོད་ཁུག་ཚགས་པར་<<
མི་རབས་གསུམ་པ>>ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས་ཡོད།  ཚགས་པར་འདིའི་ནང་དུ་བོད་ཀྱི་སྙན་ངག་གསར་བའི་དཔུང་སྡེ་གསར་བ་མི་རབས་གསུམ་པ་ཡི་སྐབས་དོན་གནས་ཚུལ་སོགས་གསར་འགྱུར་གྱི་སྐོར་དང་ཚོགས་མི་དག་གི་རྩོམ་རིག་བརྩམས་ཆོས། གཞན་ཡང་ཕྱི་གླིང་གི་སྙན་ངག་གཞུང་ལུགས་ངོ་སྤྲོད་དང་བོད་ཀྱི་རྩོམ་པ་པོ་དང་སྙན་ངག་པ། རི་མོ་བ་སོགས་ཀྱིས་མི་རབས་གསུམ་པའི་སྐོར་ལ་དངོས་ལྡོག་གི་དཔྱད་གཏམ་ཅི་རིགས་སྤེལ་བའི་རྩོམ་ཡིག་དང་ཟུར་ཟའི་རི་མོ་སོགས་པར་དང་བཅས་དུས་རབས་གསར་བའི་ཚགས་པར་གྱི་ཁྱད་ཆོས་དང་ཡང་འཚམ་པོར་བཀོད་ཡོད་པས།  ལོ་རྒྱུས་ལ་སོ་ལྟ་དང་གཟབ་ཉན་བྱེད་པོ་རྣམས་དང་སྒོས་སུ་བོད་ཀྱི་སྙན་ངག་གསར་བའི་མདུན་ལྗོངས་ལ་ཞིབ་འཇུག་གི་རེ་བ་འཆང་མཁན་དག་ལ་ཉར་ཚགས་ཀྱི་རིན་ཐང་སྔ་ན་མེད་པ་ཞིག་བསྐྲུན་ཡོད་དོ། །



 

[ཡོང་ཁུངས། ངེད་དྲ་བ།] [ཟླ་ཚེས། 09-03-27] [ཀློག་གྲངས། ]
དཔྱད་བརྗོད།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2008 Tibetcm.coM All rights reserved. Powered by: Tibetitw.coM
E-mail:tibetcm@126.com    QQ:492779202 QQ:32460212