༈དབྱངས་གསལ་སོ་བཞིའི་མཛེས་སྡུག གཟིམ་པ་མེད་པའི་མཆོད་མེ།
ཁྱེད་ཀྱི་གནས་ཡུལ། >>འཕྲིན་གསར། >> "སྲིན་མོ་བུད་མེད་རོགས་སྐྱོར་ཚོགས་པས"གཞི་རིམ་ནས་མཚན་མའི་ནད་ཡམས་འགོག་པའི་བྱ་འགུལ་སྤེལ་བ།
"སྲིན་མོ་བུད་མེད་རོགས་སྐྱོར་ཚོགས་པས"གཞི་རིམ་ནས་མཚན་མའི་ནད་ཡམས་འགོག་པའི་བྱ་འགུལ་སྤེལ་བ།
ངེད་དྲ་བ།

 

         ནུབ་བྱང་མི་རིགས་སློབ་ཆེན་གྱི་དཔལ་མོས་མ་དངུལ་བཙལ་ཏེ་མཐུན་རྐྱེན་སྦྱར་བ་དང་རྩ་འཛུགས་བྱས་པར་བརྟེན། སྤྱི་ཟླ་དགུ་བའི་ཚེས་ཉེར་ལྔ་ནས་ཉེར་དྲུག་ལ་མོ་རང་དང་མཚོ་སྔོན་བརྙན་འཕྲིན་ལས་ཁུངས་ཀྱི་འཇམ་དབྱངས་སྐྱིད། མཚོ་སྔོན་གསོ་རིག་སློབ་གླིང་གི་བོད་གཞུག་སྐྱིད། མཚོ་སྔོན་རྐང་ཚའི་བོད་སྨན་ཁང་གི་སྨན་པ་ཞའོ་ཞ་བཅས་ཀྱིས་ཉིན་གཉིས་རིང་ལ་རྐང་ཚའི་འབྲོག་སྡེ་བདུན་ནས་བརྙན་རིས་དང་འདྲ་པར་སྟོན་པ། ནད་གཞི་འབྱུང་རྐྱེན་དང་འགོག་ཐབས་བཤད་པའི་ཐབས་ལམ་བརྒྱུད་དེAIDSསོགས་མཚན་མའི་འགོས་ནད་སྔོན་འགོག་བྱ་ཐབས་སྐོར་གྱི་ཤེས་བྱ་བསྒྲགས་པ་མ་ཟད། མི་རེར་སྨན་དང་ནང་གོས། ལག་ཕྱིས་སོགས་འཕྲོད་བསྟེན་ཡོ་བྱད་སྣ་ཁ་དྲུག་རེ་སྦྱིན།
      
      
      
      ཐེངས་འདིའི་བྱ་འགུལ་ལ་བསྡོམས་པས་ན་ཚོད་མི་འདྲ་བའི་སྐྱེས་ཕོ་མོ140ལྷག་ཞུགས་པ་དང༌། དེའི་ནང་སྐྱེས་མ87ཡོད།ཡུལ་ཚོའི་་སྲིད་གཞུང་དང་སྡེ་བ་སོ་སོའི་འགན་འཛིན་པ། དེ་མིན་ད་དུང་འབྲེལ་ཡོད་མི་སྣའི་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད། 
         མི་མང་པོ་ཞིག་གིས་བོད་ཁུལ་གཞི་རིམ་སོ་སོ་ནས་འདི་འདྲའི་བྱ་འགུལ་སྣ་ཚོགས་མུ་མཐུད་དུ་སྤེལ་རྒྱུ་དང་རང་ཉིད་ཀྱང་ཞུགས་འདོད་ཆེ་ཟེར་ཏེ་རེ་བ་འདོན་པར་བརྟག་ན་གཞི་རིམ་མང་ཚོགས་ཀྱི་གོ་རྟོགས་སད་བཞིན་ཡོད་པ་རྟོགས་ཐུབ།  དེར་བརྟེན། ང་ཚོས་ཐོག་མར་མདོ་སྨད་ནསAIDSསོགས་མཚན་མའི་འགོས་ནད་སྔོན་འགོག་བྱ་ཐབས་སྐོར་གྱི་ཤེས་བྱ་བརྒྱུད་སྒྲོག་བྱེད་པའི་བྱ་འགུལ་འདི་མུ་མཐུད་དུ་སྤེལ་རྒྱུ་ཡིན་པས། གལ་ཏེ་ཁྱེད་ལའང་ཞུགས་འདོད་ཡོད་ན། ངེད་ཅག་ལ་འབྲེལ་གཏུག་བྱོས་དང༌། འུ་ཅག་གིས་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཚེ་རང་རེའི་མང་ཚོགས་ལ་ཕན་ནུས་ཅུང་ཙམ་ཡོད་རྒྱུ་རེད་སྙམ།
 

[ཡོང་ཁུངས། ངེད་དྲ་བ།] [ཟླ་ཚེས། 09-10-02] [ཀློག་གྲངས། ]
དཔྱད་བརྗོད།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2008 Tibetcm.coM All rights reserved. Powered by: Tibetitw.coM
E-mail:tibetcm@126.com    QQ:492779202 QQ:32460212