༈དབྱངས་གསལ་སོ་བཞིའི་མཛེས་སྡུག གཟིམ་པ་མེད་པའི་མཆོད་མེ།
ཁྱེད་ཀྱི་གནས་ཡུལ། >>འཕྲིན་གསར། >> དུས་དེབ<<སྤྲིན་གྱི་མེ་ཏོག>>གི་འཁྲུངས་སྐར་དང་སྦྲགས་ཏེ་རྩོམ་རིག་བྱ་དགའ་སྦྱིན་པའི་ཚོགས་འདུ་བསྡུས་པ།
དུས་དེབ<<སྤྲིན་གྱི་མེ་ཏོག>>གི་འཁྲུངས་སྐར་དང་སྦྲགས་ཏེ་རྩོམ་རིག་བྱ་དགའ་སྦྱིན་པའི་ཚོགས་འདུ་བསྡུས་པ།
མི་གསལ།

               ཧོར་ཟླ་ལྔ་བའི་ཚེས་ཉེར་བརྒྱད་(སྤྱི་ཟླ་6ཚེས་20)ཉིན<<སྤྲིན་གྱི་མེ་ཏོག>>སྤྱིའི་དེབ་གྲངས་ཉི་ཤུའི་འཁྲུངས་སྐར་དང་སྦྲགས་ཏེ་རྩོམ་རིག་བྱ་དགའ་སྦྱིན་པའི་ཚོགས་འདུ་ཀན་ལྷོ་གཙོས་གྲོང་ཁྱེར་དུ་འཚོགས།
               
              གྲོས་ཚོགས་འདིར་སྔ་ཕྱིར་གཙོས་དགེ་ཐོན་སློབ་གྲྭའི་དགེ་རྒན་དགེ་འདུན་དང༌།ཀླུ་ཚང་དགོན་ཆེན་གྱི་རྒྱ་གྲོལ།རེབ་གོང་ཤེས་རིག་གླིང་གི་ལྕང་སྐྱ་དགེ་འདུན་བཀྲ་ཤིས།<<
རྩོད་པའི་རླབས་ཕྲེང>>རྩོམ་སྒྲིག་ཁང་གི་ཕྱག་ཤུལ་སྤྲུལ་སྐུ།འབའ་སྣང་གྲོལ་སོགས་ཀྱིས <<སྤྲིན་གྱི་མེ་ཏོག>>ལས་བརྩམས་ཏེ་བོད་ཁམས་ཀྱི་གཞུང་སྒེར་དུས་དེབ་ཀྱི་ཁ་ཕྱོགས་ཐད་མཛུབ་སྟོན་དང་དགོངས་འཆར་གལ་ཆེན་བཏོན།ཡང་སྒོས་སུ<<སྤྲིན་གྱི་མེ་ཏོག>>ཅེས་བའི་སྒེར་གཉེར་དུས་དེབ་གསར་དུ་འདོན་སྤེལ་བྱས་ཏེ་ད་ལྟའི་བར་སྤྱིའི་དེབ་གྲངས་ཉི་ཤུ་ཙམ་གྱི་སྟེང་དུ་བཀོད་པའི་རྩོམ་ཡིག་ཆིག་སྟོང་ལྔ་བརྒྱ་ལྷག་གི་ཁྲོད་ནས་བསམ་བློའི་རང་བཞིན་དང་སློབ་གསོའི་རང་བཞིན་ཆེས་ཆེར་ལྡན་པའི་རྩོམ་ཡིག་བཅུ་དྲུག་ཙམ་ལ། སོ་སོར<<སྤྲིན་གྱི་མེ་ཏོག>>སྤྱིའི་དེབ་གྲངས་ཉི་ཤུའི་རྩོམ་ཡིག་དཔྱད་འདེམ་ཁྲོད་བྱ་དགའ་ཨང་དང་པོ་དང་གཉིས་པ།གསུམ་པ།ཕུལ་བྱུང༌།གཟེངས་བསྟོད་བཅས་ཀྱི་བྱ་དགའ་གནང༌། གཞན་མི་རིགས་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་དར་སྤེལ་གྱི་ཐད་ལ་ཕྱག་རྗེས་གལ་ཆེན་འཇོག་བཞིན་པའི་དུས་དེབ<<བླ་སྲོག>>དང་། <<བསམ་བློའི་ཤེས་རིག>> <<གུར་ཀུམ་ཆུན་པོ>> <<ཤར་དུང་རི>> <<རྩོད་པའི་རླབས་ཕྲེང>>བཅས་ལ་གངས་ལྗོངས་སྒེར་གཉེར་དུས་དེབ་ཁྲོད་ཀློག་མཁན་གྱིས་ཆེས་དགའ་བསུ་ཐོབ་པའི་སྒེར་གཉེར་དུས་དེབ་ཀྱི་བྱ་དགའ་གནང༌།

   

[ཡོང་ཁུངས། ངེད་དྲ་བ།] [ཟླ་ཚེས། 09-06-27] [ཀློག་གྲངས། ]
དཔྱད་བརྗོད།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2008 Tibetcm.coM All rights reserved. Powered by: Tibetitw.coM
E-mail:tibetcm@126.com    QQ:492779202 QQ:32460212