གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་རབས་གསུམ་པའི་བརྩམས་དེབ་པར་སྐྲུན་དང་འགྲེམས་སྤེལ་བྱས་པ།

2008-10-31 00:21:00 ངེད་དྲ་བ། ཀློག་གྲངས། མཆན ཡོད།

    བོད་ཀྱི་སྙན་ངག་པའི་དཔུང་སྡེ་གསར་པ་མི་རབས་གསུམ་པ་ཞེས་པའི་ཚོགས་པ་དེའི་བྱུང་འཕེལ་གྱི་ལོ་རྒྱུས་སམ་ཡང་ན་ཚོགས་མི་ཉི་ཤུའི་བདག་ཉིད་ཅན་གྱི་སྙན་ངག་བརྩམས་དེབ་སྟེ་《མི་རབས་གསུམ་པ》ཞེས་པ་༢༠༠༨ལོའི་མི་རབས་གསུམ་པའི་བགྲོ་གླེང་འདུ་ཚོགས་སྐབས་གསུམ་པའི་སྟེང་དངོས་སུ་སྤྱི་ཚོགས་སྟེང་འགྲེམས་སྤེལ་བྱས། དཔེ་དེབ་ཏུ་སྙན་ངག་པ་དག་གི་གསར་རྩོམ་སྙན་ངག་ཉི་ཤུ་གཙོས་འབོལ་རྩོམ་དང་སྙན་ངག་རིང་མོ།  འཕྲིན་གསར་སོགས་ཡི་གེའི་ཆེད་རྩོམ་དང་མི་རབས་གསུམ་པའི་ཚོགས་མི་དག་གི་འཚོ་བའི་ངོས་ཟུར་དག་གི་དྲན་རྟེན་འདྲ་པར།གཞན་ཡང་སྒྱུ་རྩལ་གྱི་ཉམས་བཟོ་དོད་པའི་མི་སྣ་དག་གི་པར་རིས་སོགས་བཀོད་སྒྲིག་བྱས་ཏེ། དུས་རབས་༢༡པའི་ནང་དུའང་བོད་ཡུལ་གྱི་དཔེ་ཆ་དག་གིས་རིགས་གཅིག་ཁོ་ནའི་དམ་བཅའ་བཟུང་ཡོད་པར་ཐུན་གཏོང་དུ་བཅུག་ཡོད་ལ།  སྙན་ངག་པའི་བརྩམས་ཆོས་དག་ལ་ཡི་གེ་རྡོག་གཅིག་ཀྱང་བཅོས་ནོར་མེད་པའི་རང་ཚུགས་བཟུང་བ་ནས་མཛད་མེད་མཛེས་པའི་ལོངས་སྤྱོད་སྐྱིད་པོ་ཞིག་ཀློག་པ་པོའི་མིག་ལམ་དུ་བཀྲམས་པའི་ང་རྒྱལ་བཟུང་ཡོད་པ་ཡིན་ན།བལྟ་རིན་དང་དཔྱོད་རིན་གྱི་རིན་ཐང་ལྡན་ཡོད་པ་ནས་ཚོགས་པ་འདི་ལ་སོ་བལྟ་བྱ་མཁས་ཀྱི་དཔྱོད་ལྡན་པ་དག་ལ་ཉར་ཚགས་ཀྱི་རིན་ཐང་དང་ཡང་ལྡན་ཡོད་དོ།།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།