《བླ་བྲང་རིག་གནས་དཔེ་ཚོགས》ཞེས་པ་རྩོམ་སྒྲིག་གནང་རྒྱུའི་བཞུགས་མོལ་ཚོགས་འདུ་བསྡུས་པ།

ཀན་ལྷོའི་གསར་འགྱུར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-10-29

        བོད་ཀྱི་རིག་གནས་ཕྱི་ལ་དྲིལ་བསྒྲགས་གཏོང་ཆེད་དང་ཕྱོགས་ཡོངས་ནས་འཛམ་གླིང་གི་བོད་རིག་པའི་སློབ་གླིང་དང་ཀྲུང་གོ་ཡི་གནས་མཆོག་བླ་བྲང་ཞེས་པའི་མིང་རྟགས་མཐོ་རུ་གཏོང་ཆེད་བསང་ཆུའི་བླ་བྲང་གི་མཚན་སྙན་ཕྱོགས་བཅུར་རྒྱས་པར་དམིགས་ནས་བསང་ཆུ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའིབླ་བྲང་རིག་གནས་དཔེ་ཚོགསརྩོམ་སྒྲིག་གནང་རྒྱུའི་བཞུགས་མོལ་ཚོགས་འདུ་དེ་ཉེ་ཆར་ལན་ཀྲུ་ནས་སྤེལ།བཞུགས་མོལ་ཚོགས་ཐོག་ཏུ་ལན་ཀྲུ་སློབ་ཆེན་གྱི་དགེ་རྒན་ཆེན་མོའམ་རམས་འབྱམས་པའི་མཛུབ་ཁྲིད་དགེ་རྒན་འབྲུག་ཐར་དང་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོའམ་རམས་འབྱམས་པའི་མཛུབ་ཁྲིད་དགེ་རྒན་དོར་ཞི་ཚང༌། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སྐལ་བཟང་ཚེ་བརྟན་སོགས་དང་བླ་བྲང་རིག་གནས་ལ་དུང་ཞེན་ཆེ་བའི་མཁས་པ་བཅུ་ལྷག་དང༌།བསང་ཆུ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་བཅས་མཉམ་གཅིག་ཏུ་འཛོམས་ནས་བཞུགས་མོལ་ཚོགས་འདུ་བསྡུས།

        ཚོགས་ཞུགས་མི་སྣ་ཚང་མས་བསམ་བློ་བརྗེ་རེས་དང་ལྟ་ཚུལ་ལྷུག་བརྗོད་ཀྱིསབླ་བྲང་རིག་གནས་དཔེ་ཚོགསརྩོམ་སྒྲིག་བྱ་བར་གླེང་མོལ་བྱས། བླ་བྲང་རིག་གནས་དཔེ་ཚོགསལ་ཆོས་ལུགས་རིག་གནས་དང་རང་བྱུང་མཛེས་ལྗོངས།དམངས་སྲོལ་གོམས་འདྲིས་གཙོ་བོ་ཡིན་པའི་དཔེ་དེབ་བཅུ་དཔར་སྐྲུན་བྱ་རྒྱུ་ཡིན་ལ་དེརབླ་བྲང་ཆོས་ལུགས་རིག་གནསདང༌། བླ་བྲང་དམངས་སྲོལ་གོམས་འདྲིསབླ་བྲང་འབྲོག་ལས་རིག་གནསབླ་བྲང་རིག་གནས་ཁྲིད་སྟོན》《གནས་སྐོར་བ་དང་བླ་བྲང》《བླ་བྲང་གཞས་བྲོ》《བླ་བྲང་དགོན་པ་དང་དགོན་ལག་བརྒྱ་དང་བརྒྱད་ཀྱི་སྟོད་ཆ་དང་སྨད་ཆ》《བླ་བྲང་དཔོན་ཚངབཅས་དཔེ་དེབ་བཅུ་བོ་དེ་མཁས་པ་བཅུ་དང་རམས་འབྱམས་པ་བཅུ་ཡིས་རྩོམ་འབྲི་བྱ་རྒྱུ་བྱས། 

རྩོམ་ཁུངས། ཀན་ལྷོའི་གསར་འགྱུར།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

《བླ་བྲང་རིག་གནས་དཔེ་ཚོགས》ཞེས་པ་རྩོམ་སྒྲིག་གནང་རྒྱུའི་བཞུགས་མོལ་ཚོགས་འདུ་བསྡུས་པ།

2008-10-29 ཀན་ལྷོའི་གསར་འགྱུར། ཀློག་གྲངས། མཆན ཡོད།

        བོད་ཀྱི་རིག་གནས་ཕྱི་ལ་དྲིལ་བསྒྲགས་གཏོང་ཆེད་དང་ཕྱོགས་ཡོངས་ནས་འཛམ་གླིང་གི་བོད་རིག་པའི་སློབ་གླིང་དང་ཀྲུང་གོ་ཡི་གནས་མཆོག་བླ་བྲང་ཞེས་པའི་མིང་རྟགས་མཐོ་རུ་གཏོང་ཆེད་བསང་ཆུའི་བླ་བྲང་གི་མཚན་སྙན་ཕྱོགས་བཅུར་རྒྱས་པར་དམིགས་ནས་བསང་ཆུ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའིབླ་བྲང་རིག་གནས་དཔེ་ཚོགསརྩོམ་སྒྲིག་གནང་རྒྱུའི་བཞུགས་མོལ་ཚོགས་འདུ་དེ་ཉེ་ཆར་ལན་ཀྲུ་ནས་སྤེལ།བཞུགས་མོལ་ཚོགས་ཐོག་ཏུ་ལན་ཀྲུ་སློབ་ཆེན་གྱི་དགེ་རྒན་ཆེན་མོའམ་རམས་འབྱམས་པའི་མཛུབ་ཁྲིད་དགེ་རྒན་འབྲུག་ཐར་དང་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོའམ་རམས་འབྱམས་པའི་མཛུབ་ཁྲིད་དགེ་རྒན་དོར་ཞི་ཚང༌། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སྐལ་བཟང་ཚེ་བརྟན་སོགས་དང་བླ་བྲང་རིག་གནས་ལ་དུང་ཞེན་ཆེ་བའི་མཁས་པ་བཅུ་ལྷག་དང༌།བསང་ཆུ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་བཅས་མཉམ་གཅིག་ཏུ་འཛོམས་ནས་བཞུགས་མོལ་ཚོགས་འདུ་བསྡུས།

        ཚོགས་ཞུགས་མི་སྣ་ཚང་མས་བསམ་བློ་བརྗེ་རེས་དང་ལྟ་ཚུལ་ལྷུག་བརྗོད་ཀྱིསབླ་བྲང་རིག་གནས་དཔེ་ཚོགསརྩོམ་སྒྲིག་བྱ་བར་གླེང་མོལ་བྱས། བླ་བྲང་རིག་གནས་དཔེ་ཚོགསལ་ཆོས་ལུགས་རིག་གནས་དང་རང་བྱུང་མཛེས་ལྗོངས།དམངས་སྲོལ་གོམས་འདྲིས་གཙོ་བོ་ཡིན་པའི་དཔེ་དེབ་བཅུ་དཔར་སྐྲུན་བྱ་རྒྱུ་ཡིན་ལ་དེརབླ་བྲང་ཆོས་ལུགས་རིག་གནསདང༌། བླ་བྲང་དམངས་སྲོལ་གོམས་འདྲིསབླ་བྲང་འབྲོག་ལས་རིག་གནསབླ་བྲང་རིག་གནས་ཁྲིད་སྟོན》《གནས་སྐོར་བ་དང་བླ་བྲང》《བླ་བྲང་གཞས་བྲོ》《བླ་བྲང་དགོན་པ་དང་དགོན་ལག་བརྒྱ་དང་བརྒྱད་ཀྱི་སྟོད་ཆ་དང་སྨད་ཆ》《བླ་བྲང་དཔོན་ཚངབཅས་དཔེ་དེབ་བཅུ་བོ་དེ་མཁས་པ་བཅུ་དང་རམས་འབྱམས་པ་བཅུ་ཡིས་རྩོམ་འབྲི་བྱ་རྒྱུ་བྱས། 

རྩོམ་ཁུངས། ཀན་ལྷོའི་གསར་འགྱུར།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།