གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

པདྨ་ཚེ་བརྟན་གྱི་སྒྲུང་རྩོམ་ཞིག《༢༠༠༩ལོའི་ཀྲུང་གོའི་སྒྲུང་ཐུང་གཅེས་བཏུས》ནང་བདམས་པ།

2010-04-06 20:28:00 མི་གསལ། ཀློག་གྲངས། མཆན ཡོད།


       ཉེ་ལམ།《༢༠༠༩ལོའི་ཀྲུང་གོའི་སྒྲུང་རྩོམ་ཐུང་ངུ་གཅེས་བཏུས》ཞེས་པ་འགྲེམ་སྤེལ་བྱས་ཤིང་། དེབ་འདི་ཀྲུང་གོའི་སྒྲུང་རྩོམ་རིག་གཞུང་སློབ་ཚོགས་ཀྱི་རྩོམ་སྒྲིག་པ་གཙོ་བོ་ཧོང་ཀྲི་ཀང་གིས་རྩོམ་སྒྲིག་བྱས་པ་དང་། ཧྭ་ཁྲེན་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པ་རེད།
        པདྨ་ཚེ་བརྟན་ལགས་ཀྱི་སྒྲུང་རྩོམ་ཐུང་ངུ་《ཕྱི་དྲོ》ཞེས་པ་༢༠༠༩ལོའི་《བསུང་ཞིམ་རྩྭ》ཞེས་པའི་མཚོ་བོད་རྩོམ་རིག་ཆེད་བསྒྲིགས་དུས་དེབ་སྟེང་སྤེལ་བ་རེད། དཔེ་དེབ་འདིའི་རྩོམ་སྒྲིག་པ་ཧོང་ཀྲི་ཀང་ལགས་ཀྱིས་དཔེ་དེབ་ཀྱི་འགོ་བརྗོད་ནང་འདི་ལྟར།  ༢༠༠༩ལོའི་ནང་། ངས་སྔ་རྗེས་སུ་ཚེ་རིང་ནོར་བུའི་《ཚེ་ཐར་བཏང་བའི་ལུག》དང་།《ཨ་མེ་རི་ཁ》《ངག་རྒྱུན།》 པདྨ་ཚེ་བརྟན་ལགས་ཀྱི《ཕྱི་དྲོ》དང་།《ལུག་བརྒྱད།》ལ་སོགས་པའི་བོད་ཀྱི་རིག་གནས་རྩོམ་ཐུང་མང་པོ་ཞིག་ཀློག་མྱོང་ལ།ཆོས་ལུགས་ཀྱི་ཁྱད་ཆོས་ལྡན་ལ་མི་རིགས་ཀྱི་བརྩེ་སེམས་ཀྱིས་ཁེངས་པའི་སྒྲུང་རྩོམ་དེ་རྣམས་ཀྱིས་མི་དང་དངོས་པོའི་བར་གྱི་འབྲེལ་བ་རྩ་བ་ནས་བསྒྱུར་ཞིང་། ཆོས་དད་པའི་མི་ཞིག་གི་འཇིག་རྟེན་གྱི་ལྟ་ཚུལ་དང་ཉམས་ལེན་སོགས་མཚོན་ཡོད་པ་སྟེ།  ནམ་མཁའ་ནས་རྩྭ་ཐང་དང་། རྩྭ་རྩི་ཤིང་ནས་ལུག་ཁྱུ་སོགས་ཕྱོགས་གང་གི་ཆ་ནས་ཀྱང་ཚེ་སྲོག་གི་མཛེས་པ་ཚོར་ཐུབ་ལ།   བརྩམས་ཆོས་དེ་དག་གི་བརྗོད་བྱ་དངོས་པོའི་འདོད་པ་དང་རྒྱང་དུ་བྲལ་ཞིང་། གང་སར་མཐོ་སྒང་གི་ནམ་མཁའ་ལྟར་དྭངས་ཤིང་གསལ་ལ་རྒྱ་ཡངས་པའི་སྙན་ངག་པའི་རང་གཤིས་ཀྱིས་ཁེངས་ཡོད་པ་རེད། ངས་《ཕྱི་དྲོ》ཞེས་པ་བདམས་དོན་ནི་དེའི་གཏམ་རྒྱུད་འགྲེལ་བརྗོད་བྱེད་སྟངས་ངོ་མཚར་བས་ཡིན་ཞེས་བཤད་པ་རེད།
       ཤེས་གསར་བྱུང་བ་ལྟར་ན། པདྨ་ཚེ་བརྟན་ལགས་ཀྱི་སྒྲུང་རྩོམ་ཐུང་ངུ་ཕྱི་དྲོ་ཞེས་པ་《༢༠༠༩ལོའི་ཀྲུང་གོའི་སྒྲུང་རྩོམ་ཐུང་ངུ་གཅེས་བཏུས་》ནང་གི་བོད་ཀྱི་རྩོམ་པ་པོའི་བརྩམས་ཆོས་གཅིག་པུ་དེ་ཡིན་པ་རེད།

རྩོམ་ཁུངས། ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།