སྒྲུང་རིང《གངས་འདབས་ཀྱི་དུར་ཁྲོད་དང་ཤམ་བྷ་ལའི་བྱ་རྒོད》ཅེས་པ་ངེད་དྲ་བ་ནས་མུ་འགོད་བྱ་རྒྱུ་ཡིན་པ།

          

          
      
ན་གཞོན་རྩོམ་པ་པོ་སྐྱབས་ཆེན་བདེ་གྲོལ་གྱིས་སྤྱི་ལོ༡༩༩༩ལོ་ནས་༢༠༠༡པར་བརྩམས་གནང་མཛད་པའི་བརྩམས་སྒྲུང་རིང་མོ<<གངས་འདབས་ཀྱི་དུར་ཁྲོད་དང་ཤམ་བྷ་ལའི་བྱ་རྒོད>>ཅེས་པ་དེ་སྔ་དངོས་སུ་པར་སྐྲུན་བྱ་རྒྱུ་བྱས་ན་འང་རྒྱུ་རྐྱེན་གང་མང་གི་རྐྱེན་པས་ཀློག་མཁན་གྱི་སྤྱན་སྔར་འབུལ་མ་ཐུབ་པས་འདིར་དེ་ལ་རེ་སྒུག་བྱེད་མཁན་གྱི་ཀློག་མཁན་ཚོའི་འདུན་པ་བསྐང་ཆེད་ངེད་དྲ་བར་བརྩམས་སྒྲུང་ཧྲིལ་བོ་མུ་འགོད་བྱ་རྒྱུ་ཡིན། བརྩམས་སྒྲུང་དེ་ནི་རྩོམ་པ་པོ་ཁོང་རང་ཉིད་ཀྱིས་བོད་ཀྱི་ལོ་རྒྱུས་སྟེང་གི་དེང་རབས་རིང་ལུགས་ཀྱི་རྩོམ་ཉམས་མངོན་པར་དོད་པའི་སྒྲུང་རིང་དང་པོར་ངོས་འཛིན་གྱིན་ཡོད་ལ་སྲོལ་རྒྱུན་གྱི་བརྩམས་སྒྲུང་ལྟར་བྱུང་རིམ་ཀྱག་ཀྱོག་ཆེ་བ་དང་མི་སྣའི་སྣང་བརྙན་གཙིགས་སུ་འཛིན་པ་ཞིག་མིན་པར་སྒྲོམ་གཞི་ལྷོད་ཅིང་ཡུལ་དུས་ཀྱི་བཀག་རྒྱ་མེད་པ་དང་། རྩོམ་པ་པོས་རྟོག་སྣང་དང་ཁ་མཚར་ཀུ་རེ་ཡིས་ཕྱུག་པ། མངོན་སུམ་དང་ལྷ་སྒྲུང་། རང་བྱུང་ཁམས་སོགས་དབྱེར་མེད་དུ་འདྲེས་པ་ཞིག་ཡིན། བརྩམས་སྒྲུང་དེ་ཉིད“མེ་ལྕེའི་ཉིན་ཐོ”དང་། “གཏམ་རྒྱུད” “ཡུལ་ལྗོངས” “རྩོམ་པ་པོའི་ཆིག་ལབ” བཅས་ཚན་པ་བཞི་རེས་མོས་སུ་འཁོར་ཏེ་གྲུབ་པ་ཞིག་ཡིན་པས་ཚན་པ་དེ་དག་ཀློག་མཁན་གྱིས་སེམས་རྣལ་མོས་རེ་རེ་བཞིན་སྦྲེལ་མ་ཐུབ་ཚེ་རྩོམ་ཧྲིལ་བོ་ཉམས་སུ་མྱོང་བར་བར་ཆད་ཆེན་པོ་ཐེབས་ངེས་པ་ཞིག་ཀྱང་ཡིན་ལ་དེ་ནི་བརྩམས་སྒྲུང་དེ་འཇིག་རྟེན་སྟེང་གི་བརྩམས་སྒྲུང་གཞན་དང་མི་འདྲ་བའི་ཁྱད་ཆོས་སུ་འང་གྲུབ་ཡོད་དོ།།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒྲུང་རིང《གངས་འདབས་ཀྱི་དུར་ཁྲོད་དང་ཤམ་བྷ་ལའི་བྱ་རྒོད》ཅེས་པ་ངེད་དྲ་བ་ནས་མུ་འགོད་བྱ་རྒྱུ་ཡིན་པ།

2009-11-25 ངེད་དྲ་བ། ཀློག་གྲངས། མཆན ཡོད།

          

          
      
ན་གཞོན་རྩོམ་པ་པོ་སྐྱབས་ཆེན་བདེ་གྲོལ་གྱིས་སྤྱི་ལོ༡༩༩༩ལོ་ནས་༢༠༠༡པར་བརྩམས་གནང་མཛད་པའི་བརྩམས་སྒྲུང་རིང་མོ<<གངས་འདབས་ཀྱི་དུར་ཁྲོད་དང་ཤམ་བྷ་ལའི་བྱ་རྒོད>>ཅེས་པ་དེ་སྔ་དངོས་སུ་པར་སྐྲུན་བྱ་རྒྱུ་བྱས་ན་འང་རྒྱུ་རྐྱེན་གང་མང་གི་རྐྱེན་པས་ཀློག་མཁན་གྱི་སྤྱན་སྔར་འབུལ་མ་ཐུབ་པས་འདིར་དེ་ལ་རེ་སྒུག་བྱེད་མཁན་གྱི་ཀློག་མཁན་ཚོའི་འདུན་པ་བསྐང་ཆེད་ངེད་དྲ་བར་བརྩམས་སྒྲུང་ཧྲིལ་བོ་མུ་འགོད་བྱ་རྒྱུ་ཡིན། བརྩམས་སྒྲུང་དེ་ནི་རྩོམ་པ་པོ་ཁོང་རང་ཉིད་ཀྱིས་བོད་ཀྱི་ལོ་རྒྱུས་སྟེང་གི་དེང་རབས་རིང་ལུགས་ཀྱི་རྩོམ་ཉམས་མངོན་པར་དོད་པའི་སྒྲུང་རིང་དང་པོར་ངོས་འཛིན་གྱིན་ཡོད་ལ་སྲོལ་རྒྱུན་གྱི་བརྩམས་སྒྲུང་ལྟར་བྱུང་རིམ་ཀྱག་ཀྱོག་ཆེ་བ་དང་མི་སྣའི་སྣང་བརྙན་གཙིགས་སུ་འཛིན་པ་ཞིག་མིན་པར་སྒྲོམ་གཞི་ལྷོད་ཅིང་ཡུལ་དུས་ཀྱི་བཀག་རྒྱ་མེད་པ་དང་། རྩོམ་པ་པོས་རྟོག་སྣང་དང་ཁ་མཚར་ཀུ་རེ་ཡིས་ཕྱུག་པ། མངོན་སུམ་དང་ལྷ་སྒྲུང་། རང་བྱུང་ཁམས་སོགས་དབྱེར་མེད་དུ་འདྲེས་པ་ཞིག་ཡིན། བརྩམས་སྒྲུང་དེ་ཉིད“མེ་ལྕེའི་ཉིན་ཐོ”དང་། “གཏམ་རྒྱུད” “ཡུལ་ལྗོངས” “རྩོམ་པ་པོའི་ཆིག་ལབ” བཅས་ཚན་པ་བཞི་རེས་མོས་སུ་འཁོར་ཏེ་གྲུབ་པ་ཞིག་ཡིན་པས་ཚན་པ་དེ་དག་ཀློག་མཁན་གྱིས་སེམས་རྣལ་མོས་རེ་རེ་བཞིན་སྦྲེལ་མ་ཐུབ་ཚེ་རྩོམ་ཧྲིལ་བོ་ཉམས་སུ་མྱོང་བར་བར་ཆད་ཆེན་པོ་ཐེབས་ངེས་པ་ཞིག་ཀྱང་ཡིན་ལ་དེ་ནི་བརྩམས་སྒྲུང་དེ་འཇིག་རྟེན་སྟེང་གི་བརྩམས་སྒྲུང་གཞན་དང་མི་འདྲ་བའི་ཁྱད་ཆོས་སུ་འང་གྲུབ་ཡོད་དོ།།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།