གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་དང་སོག་པོ། ཡུ་གུར་བཅས་ཀྱི་ཡི་གེའི《མི་རིགས་རྩོམ་རིག》གསར་འདོན་གནང་བ།

2009-11-15 18:11:00 ཀྲུང་གོ་བོད་ཀྱི་ཤེས་རིག་དྲ་བ། ཀློག་གྲངས། མཆན ཡོད།

    
    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༦༠འཁོར་བའི་ཉིན་མོ་ཐོན་པ་དང་། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་གཙོ་སྒྲུབ་གནང་བའི་《མི་རིགས་རྩོམ་རིག》དུས་དེབ་ལ་བོད་དང་སོག་པོ་ཡུ་གུར་བཅས་གྲངས་ཉུང་མི་རིགས་གསུམ་གྱི་ཡི་གེའི་པར་གཞིའི་དུས་དེབ་དངོས་སུ་གསར་འདོན་བྱས།  འདིས་རང་རྒྱལ་གྱི་རྒྱལ་ཁབ་རིམ་པའི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་དུས་དེབ་གཅིག་པུ་དེར་རྒྱ་ཡིག་ཚུད་པའི་མི་རིགས་མང་པོའི་ཡི་གེ་དང་དུས་མཉམ་དུ་འདོན་སྤེལ་བྱེད་པའི་འགྱུར་ལྡོག་གསར་པ་བྱུང་བ་མཚོན་པ་ཞིང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༦༠འཁོར་བར་རིག་གནས་ཀྱི་ལེགས་སྐྱེས་འབུལ་པའང་རེད།
      ཐོག་མར་བཏོན་པའི་གྲངས་ཉུང་མི་རིགས་པར་གཞིའི་《མི་རིགས་རྩོམ་རིག་》དུས་དེབ་ལ་ལེ་ཚན་ཁག་བདུན་ཕྱེ་ཡོད་དེ།   དུས་དེབ་གསར་དུ་བཏོན་པར་རྟེན་འབྲེལ་ཞུ་བའི་ཕྱག་བསྟར་དང་།  བརྩམས་སྒྲུང་།  ལྷུག་རྩོམ།  སྙན་ཚིག  རྩོམ་པ་པོའི་སྤོབས་ཉམས།  དཔྱད་གཏམ།  གཙོ་སྒྲིག་པའི་གཏམ་བཅས་ཡིན། 
       གྲངས་ཉུང་མི་རིགས་ཀྱི་ཡི་གེའི་པར་གཞིའི་《མི་རིགས་རྩོམ་རིག》དུས་དེབ་ཀྱི་ཡིག་བསྒྱུར་འགན་ཁུར་མཁན་ནི་ཀྲུང་གོའི་མི་རིགས་ཡིག་སྒྱུར་ཅུས་(ལྟེ་གནས)ཀྱི་བོད་ཡིག་ཁང་དང་།  སོག་ཡིག་ཁང་། ཡུ་གར་ཁང་བཅས་ཡིན།
       བོད་ཡིག་པར་གཞིའི་ཁ་བྱང་ནི་དེ་སྔའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཨུ་ཡོན་ཀྲང་གཞོན་པ་རག་སྡིས་ཀྱིས་ཕྱག་བསྟར་གནང་བ་ཡིན་ཞིང་།  ཁོང་གིས་ཕུལ་བའི་རྟེན་འབྲེལ་ཞུ་ཚིག་ནང་།  བོད་ཡིག་པར་གཞིའི་《མི་རིགས་ཀྱི་རྩོམ་ཡིག》དུས་དེབ་དཔེ་སྐྲུན་བྱས་པ་འདིས་ལོ་རྒྱུས་ཀྱི་གསུང་རྩོམ་གྲགས་ཅན་དང་དེང་རབས་ཀྱི་གསར་རྩོམ་ཚུད་པའི་བོད་ཡིག་གི་བརྩམས་ཆོས་ལ་རྒྱལ་ཁབ་རིམ་པའི་ཆུ་ཚད་མཐོན་པོ་ལྡན་པའི་སྤེལ་ཡུལ་ཞིག་གསར་དུ་གཏོད་པ་མ་ཟད། མི་རིགས་གཞན་དག་གི་ལོ་རྒྱུས་ཀྱི་གསུང་རྩོམ་གྲགས་ཅན་དང་རྒྱལ་ཕྱིའི་རྩོམ་རིག་གྲགས་ཅན་གྱི་བརྩམས་ཆོས་དག་ཀྱང་བོད་ཡིག་ཏུ་བསྒྱུར་ནས་སྤེལ་རེས་བྱེད་གནས་གསར་པ་ཞིག་བཏོད་དེ་བོད་ཡིག་གཟིགས་པ་པོ་རྣམ་པའི་ཕྱོགས་གང་ཅིའི་དགོས་མཁོ་སྐོང་བ་དང་བོད་རིགས་ཀྱི་རྩོམ་རིག་བྱ་གཞག་དར་རྒྱས་གོང་སྤེལ་སྔར་ལས་ལྷག་པ་ཡོང་བར་ལེགས་སྐྱེས་འབུལ་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད་ཅེས་གསུངས།
      ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི་དང་ཀྲུའུ་ཞི་གཞོན་པ་ལི་པིན་གྱི་དུས་དེབ་གསར་སྤེལ་གྱི་ཤིས་ཚིག་ནང་བསྟན་དོན། གྲངས་ཉུང་མི་རིགས་ཀྱི་ཡི་གེའི་པར་གཞིའི་《མི་རིགས་རྩོམ་རིག》དུས་དེབ་གསར་དུ་བཏོན་པ་དེ་ནི་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ཞིང་།  ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་ལོ་རྒྱུས་དེབ་ཐར་ནང་འགོད་འོས་པའི་དོན་ཆེན་ཞིག་ཡིན། བསྒྱུར་བཅོས་སྒོ་འབྱེད་བྱས་ཚུན་དུ།  རང་རྒྱལ་གྲངས་ཉུང་མི་རིགས་ཀྱི་རྩོམ་པ་པོ་དཔུང་སྡེ་འཕེལ་རྒྱས་མགྱོགས་མྱུར་བྱུང་ཞིང་། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཁོངས་མིའི་ཁྲོད་གྲངས་ཉུང་མི་རིགས་ཀྱི་རྩོམ་པ་པོ་མི་༡༠༠༠ལྷག་ཡོད་པ་དང་།  དུས་མཚུངས་སུ་རང་མི་རིགས་ཡི་གེ་ལམ་ནས་གསར་རྩོམ་གནང་བའི་རྩོམ་པ་པོ་མང་པོ་ཞིག་མཆིས།

 

རྩོམ་ཁུངས། ཀྲུང་གོ་བོད་ཀྱི་ཤེས་རིག་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།