བསླབ་གཞི་གསར་བའི་དབྱིན་ཡིག་ཅེས་པའི་དཔེ་ཆ་པར་དུ་བསྐྲུན་པ།

ཤེས་རབ་དབང་རྒྱལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-10-15

    བསླབ་གཞི་གསར་བའི་དབྱིན་ཡིག་ནི་འབྲིང་རིམ་སློབ་མ་དང་རང་སྦྱོང་བྱེད་མཁན་ལ་དམིགས་ནས་རྩོམ་སྒྲིག་མཛད་ཅིང་། བསླབ་གཞི་འདི་དེབ་གཉིས་ཀྱིས་གྲུབ་ཡོད་ལ། དེབ་གཉིས་བར་རྟེན་འབྱུང་གི་འབྲེལ་བ་ལྡན་ཞིང་།རང་གི་ཁྱད་ཆོས་ཀྱང་མངོན་པར་ཐོན་ཡོད། དཔེར་ན། དེབ་དང་པོར་ཐོག་མའི་ཤེས་བྱ་ལ་འཇུག་པ་དང་དེབ་གཉིས་པར་ཉམས་ལེན་དང་འཕེལ་རྒྱས་ཕྱོགས་ལ་འཇུག་པས། གཤམ་ནས་བསླབ་གཞི་འདིའི་ཁྱད་ཆོས་སྤྱི་དང་དེབ་གཉིས་ཀྱི་ཁྱད་ཆོས་བསྡུས་ཙམ་མཚམས་སྦྱོར་ཞུ་བར་བྱ། །

    བསླབ་གཞི་ནང་དབྱིན་ཡིག་གི་འཆད་པ་དང་གསན་པ། ཀློག་པ་དང་འབྲི་བ། སྒྱུར་བ་བཅས་སྐད་རིགས་སློབ་པའི་རྩ་བའི་ནུས་པ་ལྔ་བོ་གཞི་གཅིག་ཏུ་བསྲེས་ཤིང་། ཐོག་མ་དང་འཕེལ་རྒྱས། བྱང་ཆུབ་པ་བཅས་སྐད་རིགས་སློབ་པའི་དུས་རིམ་སོ་སོར་དམ་པོར་འབྲེལ་ནས་རྩོམ་སྒྲིག་མཛད་ཡོད་པས། དབྱིན་ཡིག་སློབ་མཁན་ཚོར་མཚོན་ན། དུས་སྐབས་ཐུང་ངུར་དབྱིན་ཡིག་ལ་བློ་ཕྱོགས་སླ་ཞིང་འཆད་གསན་འབྲི་གསུམ་སོགས་འབྲས་བུ་ཐོབ་སླ་བའི་བསླབ་གཞི་ཞིག་ཡིན་པས་སྲོལ་རྒྱུན་བསླབ་གཞིས་འགྲན་དཀའ་བ་ཞིག་ཡིན་པ་ཐག་གིས་ཆོད།

    དེབ་དང་པོའི་ནང་དབྱིན་ཡིག་དབྱངས་གསལ་གྱི་སྦྱོར་ཀློག་དང་ཐ་སྙད་ཀྱི་སྒྲ་གདངས། བརྗོད་པའི་ཉམས་འགྱུར་བཅས་སྲོག་ཤིང་དུ་བཟུང་ཞིང་། རྒྱུན་ལྡན་གྱི་འཚོ་བ་དང་འབྲེལ་བའི་ཞལ་བརྡའི་རྣམ་པར་བརྟེན་ནས་རྩོམ་སྒྲིག་མཛད་ཡོད་པས། དབྱིན་ཡིག་སློབ་གཉེར་པར་མཚོན་ན། དབྱིན་ཡིག་གི་དབྱངས་གསལ་དང་ཐ་སྙད། བརྗོད་པ་བཅས་ཀྱི་རྟེན་འབྱུང་འབྲེལ་བར་རྒྱུས་ལོན་དང་བག་ཆགས་ཟབ་མོ་ཞིག་འཇོག་པ་དང་། འཆད་གསན་འབྲི་གསུམ་སོགས་གོམ་པ་བརྟན་པོ་ཞིག་སྤོ་བར་ནུས་པ་གལ་ཆེན་ཐོན་སྲིད་པས། སློབ་ཆུང་གི་ལོ་རིམ་ལྔ་བ་དང་དམའ་འབྲིང་གི་ལོ་རིམ་དང་པོ་ནས་གཉིས་པ་བཅས་ཀྱི་བསླབ་གཞི་བྱས་ན་ཆོག་པར་བསམས། །

    དེབ་གཉིས་པའི་དུས་རྒྱུན་འཚོ་བའི་ཕྱོགས་སོ་སོར་འབྲེལ་བའི་རྩོམ་ཐུང་དགུ་བཅུ་ལྷག་བདམས་ནས་རྩོམ་སྒྲིག་མཛད་ཡོད་པས། འཚོ་བར་དངོས་ཞུགས་སྒོས་དབྱིན་ཡིག་གི་འཆད་གསན་འབྲི་རྩོམ་དང་བརྡ་སྤྲོད་སོགས་ཕྱོགས་སོ་སོ་ནས་ཉམས་སུ་ལེན་པའི་རྒྱུ་ཆའི་མཛོད་དུ་གྲུབ་ཡོད་ལ། དབྱིན་ཡིག་གི་རང་ཆོས་སུ་གྲུབ་པའི་ཐ་སྙད་དང་བརྗོད་པ། ལེགས་བཤད་སོགས་ཀྱང་ཕུན་སུམ་ཚོགས་པ་འདོན་སྤྲོད་མཛད་ཡོད་ལ། དབྱིན་ཡིག་སློབ་གསོར་ཟབ་མོར་ཞུགས་པས་གོ་བདེ་ཞིང་བརྗོད་སླ་ལ། ཚིག་ཚོགས་འོས་འཚམ་གྱིས་གྲུབ་པའི་སྣ་མང་དཔེ་ཚོགས་ལྟ་བུ་ཡིན། རྒྱུན་ལྡན་གྱི་དབྱིན་ཡིག་སློབ་གསོ་ལག་ལེན་ལྟར་ན། དམའ་འབྲིང་གི་ལོ་རིམ་གཉིས་པ་དང་གསུམ་པ། མཐོ་འབྲིང་གི་ལོ་རིམ་དང་པོ་བཅས་ཀྱི་བསླབ་གཞི་བྱས་ན་འོས་སྙམ། །

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བསླབ་གཞི་གསར་བའི་དབྱིན་ཡིག་ཅེས་པའི་དཔེ་ཆ་པར་དུ་བསྐྲུན་པ།

2009-10-15 ཤེས་རབ་དབང་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།