སྐབས་གསུམ་པའི《ཟླ་ཟེར》གྱི་རྩོམ་རིག་བྱ་དགའ་སྟེར་བའི་མཛད་སྒོ་གཙོས་སུ་བསྡུས་པ།

གསར་འགོད་པ་བཀྲ་ཤིས་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-09-15

ཀན་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས<<ཟླ་ཟེར>>དུས་དེབ་ཁང་གིས་ཟླ༩པའི་ཚེས༡༣ཉིན་གཙོས་སུ་སྐབས་གསུམ་པའི<<ཟླ་ཟེར>>གྱི་རྩོམ་རིག་བྱ་དགའ་སྤྲོད་པ་དང་གཞི་རིམ་གྱི་རྩོམ་པ་པོའི་གསོ་སྦྱོང་ཚོགས་འདུ་གཟབ་རྒྱས་ངང་བསྡུས། 

ཉེ་བའི་ལོར། རང་ཁུལ་གྱི་བོད་ཀྱི་སྐད་ཡིག་གིས་རྩོམ་རིག་གསར་རྩོམ་བྱེད་པའི་རྒྱ་ཆེའི་རྩོམ་པ་པོ་རྣམས་ཀྱིས་ས་གནས་ནས་གཞི་བཙུགས་ཤིང་། གཞི་རིམ་དང་མང་ཚོགས་ཀྱི་ཁྲོད་དུ་ཟབ་ཞུགས་བྱེད་པ་དང་། འཚོ་བའི་དོན་དངོས་ལ་ཟབ་ཞུགས་བྱས་ཏེ། རྒྱ་ཆེའི་བོད་རིགས་ལས་བྱེད་པ་རྣམས་ལ་ལྟ་འདོད་ཅིང་ཉན་སྤྲོ་བའི་རིག་རྩལ་རྩོམ་ཡིག་གང་མང་ཞིག་མཁོ་འདོན་བྱས་ནས་ཀུན་ཀྱིས་བསྔགས་བརྗོད་དང་དགའ་བསུ་ཐོབ།

མིག་སྔའི་བར་དུ། <<ཟླ་ཟེར>>དུས་དེབ་འདོན་ཐེངས་བརྒྱ་ལ་ཐོན་ཞིང་། དུས་དེབ་རེར་ཡིག་འབྲུ་འབུམ་ལྷག་ཟིན་པ་དང་། ད་བར་རྩོམ་ལུས་སྣ་ཚོགས་ཀྱི་རྩོམ་ཡིག་སྟོང་བཞི་ལྷག་རྒྱ་ཆེའི་ཀློག་པ་པོའི་མིག་གི་དགའ་སྟོན་དུ་སྤེལ། ད་ལྟ་རྐང་འཛིན་རྩོམ་པ་པོ་མི500ལྷག་ཡོད་ལ། དེ་ལས་རྩོམ་པ་པོ་གཙོ་བོ་མི200ལྷག་ལ་གོང་འཕེལ་བྱུང་།

     

    

1982ལོར<<ཟླ་ཟེར>>དུས་དེབ་གསར་འདོན་བྱས་པ་ནས། དུས་དེབ་ཕྱིའི་རྣམ་པ་དང་ནང་གི་བརྗོད་དོན་སོགས་ཀྱི་ཐད་ལ་རང་གི་ཁྱད་ཆོས་ཐོན་པ་དང་། བོད་ཁུལ་གྱི་རྩོམ་རིག་དུས་དེབ་གཙོ་བོ་ཞིག་ཏུ་གྱུར། 1992ལོར་རྒྱལ་ཁབ་གསར་འགྱུར་པར་སྐྲུན་སྤྱི་ཁྱབ་ཧྲུའུ་ཡིས་དམིགས་བསལ་དུ<<ཟླ་ཟེར>>དུས་དེབ་དེ་རྒྱལ་ནང་དུ་དངོས་སུ་འགྲེམ་སྤེལ་བྱེད་པའི་ཆོག་མཆན་གནང་བ་དང་།1994ལོར་རྒྱལ་སྤྱིར་བཀྲམས་པའི་དཔེ་རྟགས་ཐོབ། 2002ལོར་ཀན་སུའུ་ཞིང་ཆེན་གསར་འགྱུར་པར་སྐྲུན་ཅུས་ཀྱིས་ཁྱད་དུ་སྔར་གྱི་ས་ཁུལ་རིམ་པའི་དུས་དེབ་ནས་ཞིང་ཆེན་རིམ་པའི་དུས་དེབ་ཏུ་རིམ་པ་འཕར་བའི་ཆོག་མཆན་གནང་།  <<ཟླ་ཟེར>>དུས་དེབ་དེ་བོད་ཁུལ་གཙོས་རྒྱལ་ཁབ་ཉི་ཤུ་ལྷག་ལ་འགྲེམ་སྤེལ་བྱེད་ཀྱིན་ཡོད་ལ།  2008ལོར་ཀན་སུའུ་ཞིང་ཆེན་གྱི་ཕུལ་བྱུང་དུས་དེབ་ཀྱི་བྱ་དགའ་ཐོབ།

   

   

ཐེངས་འདིའི་ཚོགས་འདུར་ལྗོངས་དང་ཞིང་ཆེན་ལྔའི་བོད་རིགས་རྩོམ་པ་བོའི་འཐུས་ཚབ་དང་དེ་མིན་ཀན་ལྷོའི་གཞི་རིམ་གྱི་རྩོམ་པ་བོ་མི་བརྒྱ་ལྷག་ཞུགས། གཅན་མེ་སྟག་དང་ཁྲི་སེམས་དཔའ། བསོད་ནམས་དོན་གྲུབ། སྐྱབས་ཆེན་བདེ་གྲོལ། རི་སྔོན་བླ་མ་ཐར།   ས་དམར་གྲགས་པ་བཅས་རྩོམ་པ་པོ་མི་དྲུག་ལ་སྐབས་གསུམ་པའི<<ཟླ་ཟེར>>གྱི་རྩོམ་རིག་བྱ་དགའ་ཐོབ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐབས་གསུམ་པའི《ཟླ་ཟེར》གྱི་རྩོམ་རིག་བྱ་དགའ་སྟེར་བའི་མཛད་སྒོ་གཙོས་སུ་བསྡུས་པ།

2009-09-15 གསར་འགོད་པ་བཀྲ་ཤིས་ཚེ་རིང་། ཀློག་གྲངས། མཆན ཡོད།

ཀན་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས<<ཟླ་ཟེར>>དུས་དེབ་ཁང་གིས་ཟླ༩པའི་ཚེས༡༣ཉིན་གཙོས་སུ་སྐབས་གསུམ་པའི<<ཟླ་ཟེར>>གྱི་རྩོམ་རིག་བྱ་དགའ་སྤྲོད་པ་དང་གཞི་རིམ་གྱི་རྩོམ་པ་པོའི་གསོ་སྦྱོང་ཚོགས་འདུ་གཟབ་རྒྱས་ངང་བསྡུས། 

ཉེ་བའི་ལོར། རང་ཁུལ་གྱི་བོད་ཀྱི་སྐད་ཡིག་གིས་རྩོམ་རིག་གསར་རྩོམ་བྱེད་པའི་རྒྱ་ཆེའི་རྩོམ་པ་པོ་རྣམས་ཀྱིས་ས་གནས་ནས་གཞི་བཙུགས་ཤིང་། གཞི་རིམ་དང་མང་ཚོགས་ཀྱི་ཁྲོད་དུ་ཟབ་ཞུགས་བྱེད་པ་དང་། འཚོ་བའི་དོན་དངོས་ལ་ཟབ་ཞུགས་བྱས་ཏེ། རྒྱ་ཆེའི་བོད་རིགས་ལས་བྱེད་པ་རྣམས་ལ་ལྟ་འདོད་ཅིང་ཉན་སྤྲོ་བའི་རིག་རྩལ་རྩོམ་ཡིག་གང་མང་ཞིག་མཁོ་འདོན་བྱས་ནས་ཀུན་ཀྱིས་བསྔགས་བརྗོད་དང་དགའ་བསུ་ཐོབ།

མིག་སྔའི་བར་དུ། <<ཟླ་ཟེར>>དུས་དེབ་འདོན་ཐེངས་བརྒྱ་ལ་ཐོན་ཞིང་། དུས་དེབ་རེར་ཡིག་འབྲུ་འབུམ་ལྷག་ཟིན་པ་དང་། ད་བར་རྩོམ་ལུས་སྣ་ཚོགས་ཀྱི་རྩོམ་ཡིག་སྟོང་བཞི་ལྷག་རྒྱ་ཆེའི་ཀློག་པ་པོའི་མིག་གི་དགའ་སྟོན་དུ་སྤེལ། ད་ལྟ་རྐང་འཛིན་རྩོམ་པ་པོ་མི500ལྷག་ཡོད་ལ། དེ་ལས་རྩོམ་པ་པོ་གཙོ་བོ་མི200ལྷག་ལ་གོང་འཕེལ་བྱུང་།

     

    

1982ལོར<<ཟླ་ཟེར>>དུས་དེབ་གསར་འདོན་བྱས་པ་ནས། དུས་དེབ་ཕྱིའི་རྣམ་པ་དང་ནང་གི་བརྗོད་དོན་སོགས་ཀྱི་ཐད་ལ་རང་གི་ཁྱད་ཆོས་ཐོན་པ་དང་། བོད་ཁུལ་གྱི་རྩོམ་རིག་དུས་དེབ་གཙོ་བོ་ཞིག་ཏུ་གྱུར། 1992ལོར་རྒྱལ་ཁབ་གསར་འགྱུར་པར་སྐྲུན་སྤྱི་ཁྱབ་ཧྲུའུ་ཡིས་དམིགས་བསལ་དུ<<ཟླ་ཟེར>>དུས་དེབ་དེ་རྒྱལ་ནང་དུ་དངོས་སུ་འགྲེམ་སྤེལ་བྱེད་པའི་ཆོག་མཆན་གནང་བ་དང་།1994ལོར་རྒྱལ་སྤྱིར་བཀྲམས་པའི་དཔེ་རྟགས་ཐོབ། 2002ལོར་ཀན་སུའུ་ཞིང་ཆེན་གསར་འགྱུར་པར་སྐྲུན་ཅུས་ཀྱིས་ཁྱད་དུ་སྔར་གྱི་ས་ཁུལ་རིམ་པའི་དུས་དེབ་ནས་ཞིང་ཆེན་རིམ་པའི་དུས་དེབ་ཏུ་རིམ་པ་འཕར་བའི་ཆོག་མཆན་གནང་།  <<ཟླ་ཟེར>>དུས་དེབ་དེ་བོད་ཁུལ་གཙོས་རྒྱལ་ཁབ་ཉི་ཤུ་ལྷག་ལ་འགྲེམ་སྤེལ་བྱེད་ཀྱིན་ཡོད་ལ།  2008ལོར་ཀན་སུའུ་ཞིང་ཆེན་གྱི་ཕུལ་བྱུང་དུས་དེབ་ཀྱི་བྱ་དགའ་ཐོབ།

   

   

ཐེངས་འདིའི་ཚོགས་འདུར་ལྗོངས་དང་ཞིང་ཆེན་ལྔའི་བོད་རིགས་རྩོམ་པ་བོའི་འཐུས་ཚབ་དང་དེ་མིན་ཀན་ལྷོའི་གཞི་རིམ་གྱི་རྩོམ་པ་བོ་མི་བརྒྱ་ལྷག་ཞུགས། གཅན་མེ་སྟག་དང་ཁྲི་སེམས་དཔའ། བསོད་ནམས་དོན་གྲུབ། སྐྱབས་ཆེན་བདེ་གྲོལ། རི་སྔོན་བླ་མ་ཐར།   ས་དམར་གྲགས་པ་བཅས་རྩོམ་པ་པོ་མི་དྲུག་ལ་སྐབས་གསུམ་པའི<<ཟླ་ཟེར>>གྱི་རྩོམ་རིག་བྱ་དགའ་ཐོབ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།