ཀླུ་མོ་སྐྱིད་ཟེར་བ་ཞིག་གིས་ངེད་དྲ་བར་བཀོད་ཟིན་པའི་དཔྱད་རྩོམ་ཞིག་བརྐུས་པ།

      
      དེ་སྔ་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་ལོ་རྒྱུས་ཚན་ཁག་གི་ཞིབ་འཇུག་པ་སྐལ་བཟང་རྒྱ་མཚོའམ་སྐལ་རྒྱམ་ལགས་ཀྱིས་བརྩམས་པའི་དཔྱད་རྩོམ<<
སྒྱུ་རྩལ་རྩོམ་རིག་དང་གཏན་ཚིགས་རིག་པ་གཉིས་ཀྱི་འབྲེལ་བ་ཅུང་བཤད་པ>>ཞེས་པའི་དཔྱད་རྩོམ་དེ་ངེད་དྲ་བར་བཀོད་ཟིན་པ་མིང་ལ་ཀླུ་མོ་སྐྱིད་ཟེར་བའི་ཀློག་མཁན་ཞིག་གིས་ཇི་མ་ཇི་བཞིན་དུ་བཤུས་ནས༢༠༠༩ལོའི<<མཚོ་སྔོན་མང་ཚོགས་སྒྱུ་རྩལ>>དེབ་དང་པོ་རུ་བཀོད་འདུག་པ་རྩོམ་མཁན་ཁོང་རང་གིས་ངེད་དྲ་བ་རྩོམ་སྒྲིག་ཁང་ལ་གློག་ཡིག་བསྐུར་ནས་འགྲེལ་བརྗོད་བྱས་འདུག 

          འདིར་རྩོམ་མཁན་གྱི་ཁེ་དབང་དང་རྩོམ་དབང་བསྲུང་ཕྱིར་ངེད་དྲ་བས་ཆེད་དུ་བསྒྲག་རྒྱུ་ནི། འདིར་བཀོད་པའི་རྩོམ་ཡོངས་རྫོགས་ནི་རྒྱ་ཆེའི་ཀློག་པ་པོ་ཡོངས་ལ་རིན་མེད་གཟིགས་འབུལ་ཞུས་པ་ལས་གང་འདོད་དུ་རྐུ་བཤུ་བྱེད་རྐྱང་ཞིག་མིན་པ་དང་། རྗེས་ཕྱོགས་དེ་ལྟ་བུའི་གནད་དོན་མི་འབྱུང་ཕྱིར་ཀླུ་མོ་སྐྱིད་ཀྱིས་རྗེས་མའི་ཟླ་བ་གཉིས་ཀྱི་ནང་ཚུན་ཆད་དུ་སྐུ་ཞབས་སྐལ་རྒྱམ་ལ་སྒེར་གྱི་འབྲེལ་ལམ་བརྒྱུད་ནས་དགོངས་དག་ཞུ་དགོས་པ་དང་། <<མཚོ་སྔོན་མང་ཚོགས་སྒྱུ་རྩལ>>དུས་དེབ་ཀྱིས་ཀྱང་དེ་དོན་གསལ་བོར་བསྒྲགས་ཏེ་རྩོམ་དེའི་བདག་དབང་ཕྱིར་སྐུ་ཞབས་སྐལ་རྒྱམ་ལ་སྤྲད་དགོས། གལ་སྲིད་དེ་དོན་ལག་ཏུ་མི་བསྟར་ཚེ་ངེད་དྲ་བས་ཀླུ་མོ་སྐྱིད་ཀྱིས་དཔྱད་རྩོམ་བརྐུས་པའི་སྐོར་མུ་མཐུད་དུ་དྲ་ངོས་ནས་བསྒྲག་རྒྱུ་ཡིན་པ་འདིར་ཆེད་དུ་ཞུས་པའོ།།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀླུ་མོ་སྐྱིད་ཟེར་བ་ཞིག་གིས་ངེད་དྲ་བར་བཀོད་ཟིན་པའི་དཔྱད་རྩོམ་ཞིག་བརྐུས་པ།

2009-07-09 ངེད་དྲ་བ། ཀློག་གྲངས། མཆན ཡོད།

      
      དེ་སྔ་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་ལོ་རྒྱུས་ཚན་ཁག་གི་ཞིབ་འཇུག་པ་སྐལ་བཟང་རྒྱ་མཚོའམ་སྐལ་རྒྱམ་ལགས་ཀྱིས་བརྩམས་པའི་དཔྱད་རྩོམ<<
སྒྱུ་རྩལ་རྩོམ་རིག་དང་གཏན་ཚིགས་རིག་པ་གཉིས་ཀྱི་འབྲེལ་བ་ཅུང་བཤད་པ>>ཞེས་པའི་དཔྱད་རྩོམ་དེ་ངེད་དྲ་བར་བཀོད་ཟིན་པ་མིང་ལ་ཀླུ་མོ་སྐྱིད་ཟེར་བའི་ཀློག་མཁན་ཞིག་གིས་ཇི་མ་ཇི་བཞིན་དུ་བཤུས་ནས༢༠༠༩ལོའི<<མཚོ་སྔོན་མང་ཚོགས་སྒྱུ་རྩལ>>དེབ་དང་པོ་རུ་བཀོད་འདུག་པ་རྩོམ་མཁན་ཁོང་རང་གིས་ངེད་དྲ་བ་རྩོམ་སྒྲིག་ཁང་ལ་གློག་ཡིག་བསྐུར་ནས་འགྲེལ་བརྗོད་བྱས་འདུག 

          འདིར་རྩོམ་མཁན་གྱི་ཁེ་དབང་དང་རྩོམ་དབང་བསྲུང་ཕྱིར་ངེད་དྲ་བས་ཆེད་དུ་བསྒྲག་རྒྱུ་ནི། འདིར་བཀོད་པའི་རྩོམ་ཡོངས་རྫོགས་ནི་རྒྱ་ཆེའི་ཀློག་པ་པོ་ཡོངས་ལ་རིན་མེད་གཟིགས་འབུལ་ཞུས་པ་ལས་གང་འདོད་དུ་རྐུ་བཤུ་བྱེད་རྐྱང་ཞིག་མིན་པ་དང་། རྗེས་ཕྱོགས་དེ་ལྟ་བུའི་གནད་དོན་མི་འབྱུང་ཕྱིར་ཀླུ་མོ་སྐྱིད་ཀྱིས་རྗེས་མའི་ཟླ་བ་གཉིས་ཀྱི་ནང་ཚུན་ཆད་དུ་སྐུ་ཞབས་སྐལ་རྒྱམ་ལ་སྒེར་གྱི་འབྲེལ་ལམ་བརྒྱུད་ནས་དགོངས་དག་ཞུ་དགོས་པ་དང་། <<མཚོ་སྔོན་མང་ཚོགས་སྒྱུ་རྩལ>>དུས་དེབ་ཀྱིས་ཀྱང་དེ་དོན་གསལ་བོར་བསྒྲགས་ཏེ་རྩོམ་དེའི་བདག་དབང་ཕྱིར་སྐུ་ཞབས་སྐལ་རྒྱམ་ལ་སྤྲད་དགོས། གལ་སྲིད་དེ་དོན་ལག་ཏུ་མི་བསྟར་ཚེ་ངེད་དྲ་བས་ཀླུ་མོ་སྐྱིད་ཀྱིས་དཔྱད་རྩོམ་བརྐུས་པའི་སྐོར་མུ་མཐུད་དུ་དྲ་ངོས་ནས་བསྒྲག་རྒྱུ་ཡིན་པ་འདིར་ཆེད་དུ་ཞུས་པའོ།།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།