ཨལ་ཅེ་རེ་ཡ་རྒྱལ་ཁབ་ཀྱིས་བྱ་དགའི་དངུལ་མཐོན་པོར་བསྩལ་ཏེ་རྒྱལ་དམངས་ལ་རྩོམ་འབྲི་བར་སྐུལ་མ་བཏང་བ།

         ཉེ་བའི་ཆར། ཨལ་ཅེ་རེ་ཡ་ཡི་ཨ་རབ་སྐད་ཀྱི་ཆེས་མཐོའི་ཨུ་ཡོན་ལྷན་ཁང་གིས་བཙུགས་པའི་༢༠༡༠ལོའི་ཨ་རབ་སྐད་ཀྱི་རྩོམ་རིག་བྱ་དགའི་ལས་གཞི་དངོས་སུ་དབུ་ཚུགས་ཤིང་། བྱ་དགའི་དངུལ་རྡེའུ་ནར(རྡེའུ་ནར༦༡ལ་ཨ་སྒོར་གཅིག་རི)ས་ཡ་གཅིག་ལ་བུད་ཡོད། རྩོམ་རིག་བྱ་དགའ་དེར་ཨ་རབ་སྐད་ཡིག་བྱ་དགའ་དང་། ཨ་རབ་སྐད་ཀྱི་ཚན་རིག་དང་རྩོམ་རིག་གི་ཡིག་སྒྱུར་བྱ་དགའ། ཨ་རབ་སྐད་ཀྱི་དཔལ་འབྱོར་རིག་པའི་བྱ་དགའ། ཨ་རབ་སྐད་ཀྱི་བསླབ་བྱའི་སློབ་གསོ་བཅས་རྣམ་གྲངས་བཞི་འདུས་ཡོད། རྣམ་གྲངས་རེ་རེར་བྱ་དགའི་དངུལ་རྡེའུ་ནར་འབུམ་གཉིས་དང་ཁྲི་ལྔ་རེ་ཡོད།

       ཐེངས་འདིར་ཨལ་ཅེ་རེ་ཡ་ཡི་ཨ་རབ་སྐད་ཀྱི་ཆེས་མཐོ་ཨུ་ཡོན་ལྷན་ཁང་གིས་བྱ་དགའ་སྟེར་རྒྱུ་བྱས་ཏེ་རྩོམ་བསྡུ་བའི་དམིགས་ཡུལ་ནི་རྒྱལ་དམངས་ཀྱིས་རྩོམ་འབྲི་བར་སྐུལ་མ་གཏོང་བ་དང་། ཨ་རབ་སྐད་དེ་ལག་རྩལ་དང་རྩོམ་རིག་ཁྲོད་དུ་ཁྱབ་གདལ་དུ་གཏོང་བ། རྒྱལ་དམངས་ཀྱི་ཨ་རབ་སྐད་ཀྱི་ཆུ་ཚད་མཐོ་རུ་གཏོང་ཕྱིར་ཡིན་ནོ།།

 

    རྒྱལ་ཁབ་དེའི་ཞིབ་ཕྲའི་གནས་ཚུལ་ལ་འདི་ནས་གཟིགས་རོགས།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨལ་ཅེ་རེ་ཡ་རྒྱལ་ཁབ་ཀྱིས་བྱ་དགའི་དངུལ་མཐོན་པོར་བསྩལ་ཏེ་རྒྱལ་དམངས་ལ་རྩོམ་འབྲི་བར་སྐུལ་མ་བཏང་བ།

2009-03-03 ངེད་དྲ་བ། ཀློག་གྲངས། མཆན ཡོད།

         ཉེ་བའི་ཆར། ཨལ་ཅེ་རེ་ཡ་ཡི་ཨ་རབ་སྐད་ཀྱི་ཆེས་མཐོའི་ཨུ་ཡོན་ལྷན་ཁང་གིས་བཙུགས་པའི་༢༠༡༠ལོའི་ཨ་རབ་སྐད་ཀྱི་རྩོམ་རིག་བྱ་དགའི་ལས་གཞི་དངོས་སུ་དབུ་ཚུགས་ཤིང་། བྱ་དགའི་དངུལ་རྡེའུ་ནར(རྡེའུ་ནར༦༡ལ་ཨ་སྒོར་གཅིག་རི)ས་ཡ་གཅིག་ལ་བུད་ཡོད། རྩོམ་རིག་བྱ་དགའ་དེར་ཨ་རབ་སྐད་ཡིག་བྱ་དགའ་དང་། ཨ་རབ་སྐད་ཀྱི་ཚན་རིག་དང་རྩོམ་རིག་གི་ཡིག་སྒྱུར་བྱ་དགའ། ཨ་རབ་སྐད་ཀྱི་དཔལ་འབྱོར་རིག་པའི་བྱ་དགའ། ཨ་རབ་སྐད་ཀྱི་བསླབ་བྱའི་སློབ་གསོ་བཅས་རྣམ་གྲངས་བཞི་འདུས་ཡོད། རྣམ་གྲངས་རེ་རེར་བྱ་དགའི་དངུལ་རྡེའུ་ནར་འབུམ་གཉིས་དང་ཁྲི་ལྔ་རེ་ཡོད།

       ཐེངས་འདིར་ཨལ་ཅེ་རེ་ཡ་ཡི་ཨ་རབ་སྐད་ཀྱི་ཆེས་མཐོ་ཨུ་ཡོན་ལྷན་ཁང་གིས་བྱ་དགའ་སྟེར་རྒྱུ་བྱས་ཏེ་རྩོམ་བསྡུ་བའི་དམིགས་ཡུལ་ནི་རྒྱལ་དམངས་ཀྱིས་རྩོམ་འབྲི་བར་སྐུལ་མ་གཏོང་བ་དང་། ཨ་རབ་སྐད་དེ་ལག་རྩལ་དང་རྩོམ་རིག་ཁྲོད་དུ་ཁྱབ་གདལ་དུ་གཏོང་བ། རྒྱལ་དམངས་ཀྱི་ཨ་རབ་སྐད་ཀྱི་ཆུ་ཚད་མཐོ་རུ་གཏོང་ཕྱིར་ཡིན་ནོ།།

 

    རྒྱལ་ཁབ་དེའི་ཞིབ་ཕྲའི་གནས་ཚུལ་ལ་འདི་ནས་གཟིགས་རོགས།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།