《ཟླ་ཟེར》ལ་ཀན་སུའུ་ཞིང་ཆེན་གྱི་ཕུལ་བྱུང་དུས་དེབ་ཀྱི་བྱ་དགའ་ཐོབ་པ།

 བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་ངོ༣༠རིང་ལ་ཀན་སུའུ་ཞིང་ཆེན་གྱི་དུས་དེབ་ལས་རིགས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ལོན་པ་དང༌།  ཕུལ་བྱུང་དུས་དེབ་ཀྱིས་གསར་འགྱུར་དཔེ་སྐྲུན་ལས་དོན་ཁྲོད་སྐུལ་འཁྲིད་དང་དཔེ་སྟོན་གྱི་ནུས་པ་ཐོན་པ་མ་ཟད་དུས་དེབ་ལས་རིགས་ཁྲོད་ཀྱི་རྩོམ་ལེགས་པོ་དང་མི་འཇོན་ཐང་ཅན་སྐྱེད་བསྲིངས་བྱེད་པ། གྲུབ་འབྲས་ལེགས་པོ་འབྱུང་བ། སྔར་ལས་ལྷག་པར་དུས་དེབ་དཔེ་སྐྲུན་ལས་རིགས་ཐད་དར་རྒྱས་ཡོང་ཆེད།   ཉེ་ལམ།   ཀན་སུའུ་ཞིང་ཆེན་གསར་འགྱུར་པར་སྐྲུན་ཅུས་ཀྱིས་ཀན་སུའུ་ཞིང་ཆེན་ཕུལ་བྱུང་དུས་དེབ་འདེམས་བསྐོ་བྱེད་པའི་བྱ་འགུལ་སྤེལ་བ་དང༌། ཞིང་ཆེན་གྱི་དུས་དེབ་སུམ་བརྒྱ་ལྷག་གི་ཁྲོད་ནས《ཟླ་ཟེར》ལ་ཀན་སུའུ་ཞིང་ཆེན་གྱི་ཕུལ་བྱུང་དུས་དེབ་ཀྱི་བྱ་དགའ་ཐོབ།    དེས་ཟླ་ཟེར་དུས་དེབ་སྤེལ་ནས་ད་བར་གྱི་གྲུབ་འབྲས་ལ་གདེང་འཇོག་དང་ཁས་ལེན་བྱས་པ་མཚོན་པ་མ་ཟད།   མ་འོངས་པའི་ཁ་ཕྱོགས་དང་འཕེལ་རྒྱས་ལ་མཛུབ་སྟོན་གལ་ཆེན་བྱས། ཐེངས་འདིར་བྱ་དགའ་ཐོབ་པའི་དུས་དེབ་ལ་ཆབ་སྲིད་ཀྱི་རེ་འདུན་ནན་པོ་ཡིན་ཞིང༌། ལས་དོན་གྱི་ཆུ་ཚད་མཐོ་བ། རྩོམ་སྒྲིག་ཚད་ལྡན་ཡིན་པ། ཇུས་འགོད་ཚགས་ཞིབ་པ། ནོར་འཁྲུལ་གྱི་ཆ་ཉུང་བ། སྤྱི་ཚོགས་དང་དཔལ་འབྱོར་གྱི་ཕན་ཁེ་བཟང་བ། ནང་ཁུལ་གྱི་བདག་གཉེར་ལམ་ལུགས་ཆ་ཚང་བཅས་ཀྱི་ཆ་རྐྱེན་འཛོམས་དགོས།
  
ཟླ་ཟེར་དུས་དེབ་ནི་ཀན་སུའུ་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་དང་ཀན་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་གཉིས་ཀྱིས་མཉམ་དུ་སྒྲུབ་ཅིང་ཀན་སུའུ་ཞིང་ཆེན་གྱི་རྒྱལ་ཁབ་ཕྱི་ནང་ལ་འགྲེམ་སྤེལ་བྱེད་པའི་མི་རིགས་གྲངས་ཉུང་གི་ཞིང་ཆེན་རིམ་པའི་རྩོམ་རིག་རྐྱང་རྐྱང་གི་དུས་དེབ་ཅིག་ཡིན། ལོ་མང་པོའི་རིང་ཀན་ལྷོ་ནས་རྐང་ཚུགས་པ་དང་བོད་ཁམས་ལ་ཁ་ཕྱོགས་ཏེ་སྲོལ་རྒྱུན་གྱི་གཞི་རྩའི་སྟེང་དེང་རབས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་བྱས་ཏེ་སྒྱུ་རྩལ་རང་བཞིན་དང་ཀློག་སྤྲོ་བའི་སེམས་འདུན་ཟུང་དུ་སྤྲེལ་ནས་བོད་ཁམས་ཀྱི་རྩོམ་རིག་ལས་དོན་ལ་ནུས་ཚོད་ཀྱིས་བྱས་རྗེས་མི་དམན་པ་རེ་འཇོག་མུས་སུ་མཆིས།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

《ཟླ་ཟེར》ལ་ཀན་སུའུ་ཞིང་ཆེན་གྱི་ཕུལ་བྱུང་དུས་དེབ་ཀྱི་བྱ་དགའ་ཐོབ་པ།

2009-02-06 ཨ་པཎ། ཀློག་གྲངས། མཆན ཡོད།

 བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་ངོ༣༠རིང་ལ་ཀན་སུའུ་ཞིང་ཆེན་གྱི་དུས་དེབ་ལས་རིགས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ལོན་པ་དང༌།  ཕུལ་བྱུང་དུས་དེབ་ཀྱིས་གསར་འགྱུར་དཔེ་སྐྲུན་ལས་དོན་ཁྲོད་སྐུལ་འཁྲིད་དང་དཔེ་སྟོན་གྱི་ནུས་པ་ཐོན་པ་མ་ཟད་དུས་དེབ་ལས་རིགས་ཁྲོད་ཀྱི་རྩོམ་ལེགས་པོ་དང་མི་འཇོན་ཐང་ཅན་སྐྱེད་བསྲིངས་བྱེད་པ། གྲུབ་འབྲས་ལེགས་པོ་འབྱུང་བ། སྔར་ལས་ལྷག་པར་དུས་དེབ་དཔེ་སྐྲུན་ལས་རིགས་ཐད་དར་རྒྱས་ཡོང་ཆེད།   ཉེ་ལམ།   ཀན་སུའུ་ཞིང་ཆེན་གསར་འགྱུར་པར་སྐྲུན་ཅུས་ཀྱིས་ཀན་སུའུ་ཞིང་ཆེན་ཕུལ་བྱུང་དུས་དེབ་འདེམས་བསྐོ་བྱེད་པའི་བྱ་འགུལ་སྤེལ་བ་དང༌། ཞིང་ཆེན་གྱི་དུས་དེབ་སུམ་བརྒྱ་ལྷག་གི་ཁྲོད་ནས《ཟླ་ཟེར》ལ་ཀན་སུའུ་ཞིང་ཆེན་གྱི་ཕུལ་བྱུང་དུས་དེབ་ཀྱི་བྱ་དགའ་ཐོབ།    དེས་ཟླ་ཟེར་དུས་དེབ་སྤེལ་ནས་ད་བར་གྱི་གྲུབ་འབྲས་ལ་གདེང་འཇོག་དང་ཁས་ལེན་བྱས་པ་མཚོན་པ་མ་ཟད།   མ་འོངས་པའི་ཁ་ཕྱོགས་དང་འཕེལ་རྒྱས་ལ་མཛུབ་སྟོན་གལ་ཆེན་བྱས། ཐེངས་འདིར་བྱ་དགའ་ཐོབ་པའི་དུས་དེབ་ལ་ཆབ་སྲིད་ཀྱི་རེ་འདུན་ནན་པོ་ཡིན་ཞིང༌། ལས་དོན་གྱི་ཆུ་ཚད་མཐོ་བ། རྩོམ་སྒྲིག་ཚད་ལྡན་ཡིན་པ། ཇུས་འགོད་ཚགས་ཞིབ་པ། ནོར་འཁྲུལ་གྱི་ཆ་ཉུང་བ། སྤྱི་ཚོགས་དང་དཔལ་འབྱོར་གྱི་ཕན་ཁེ་བཟང་བ། ནང་ཁུལ་གྱི་བདག་གཉེར་ལམ་ལུགས་ཆ་ཚང་བཅས་ཀྱི་ཆ་རྐྱེན་འཛོམས་དགོས།
  
ཟླ་ཟེར་དུས་དེབ་ནི་ཀན་སུའུ་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་དང་ཀན་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་གཉིས་ཀྱིས་མཉམ་དུ་སྒྲུབ་ཅིང་ཀན་སུའུ་ཞིང་ཆེན་གྱི་རྒྱལ་ཁབ་ཕྱི་ནང་ལ་འགྲེམ་སྤེལ་བྱེད་པའི་མི་རིགས་གྲངས་ཉུང་གི་ཞིང་ཆེན་རིམ་པའི་རྩོམ་རིག་རྐྱང་རྐྱང་གི་དུས་དེབ་ཅིག་ཡིན། ལོ་མང་པོའི་རིང་ཀན་ལྷོ་ནས་རྐང་ཚུགས་པ་དང་བོད་ཁམས་ལ་ཁ་ཕྱོགས་ཏེ་སྲོལ་རྒྱུན་གྱི་གཞི་རྩའི་སྟེང་དེང་རབས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་བྱས་ཏེ་སྒྱུ་རྩལ་རང་བཞིན་དང་ཀློག་སྤྲོ་བའི་སེམས་འདུན་ཟུང་དུ་སྤྲེལ་ནས་བོད་ཁམས་ཀྱི་རྩོམ་རིག་ལས་དོན་ལ་ནུས་ཚོད་ཀྱིས་བྱས་རྗེས་མི་དམན་པ་རེ་འཇོག་མུས་སུ་མཆིས།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།