གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་པ་ཨེ་ལེ་ཀི་སི་ཟན་ཌིར་གྱིས་སྲིད་འཛིན་གསར་བའི་ཁྲི་བཞུགས་མཛད་སྒོར་སྙན་ངག་གྱེར་འདོན་བྱས་པ།

2009-01-23 16:52:00 ངེད་དྲ་བ། ཀློག་གྲངས། མཆན ཡོད།

      

      ཕྱི་ལོ་༢༠༠༩ལོའི་ཟླ་༡པའི་ཚེས༢༠ཉིན་གྱི་ཨ་རིའི་ཤར་ཕྱོགས་ཀྱི་ཆུ་ཚོད་བཅུ་གཉིས་པར། ཨ་རིའི་སྲིད་འཛིན་གསར་བ་བྷི་ར་ཁི·ཨོ་བྷ་མ་མཆོག་གི་ཧ་ཅང་གཟབ་རྒྱས་ཆེ་བའི་ཁྲི་བཞུགས་མཛད་སྒོའི་སྟེང་དུ། ཨ་རིའི་ཡེལ་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་ཨེ་ལེ་སི་བྷེ་སེ·ཨེ་ལེ་ཀི་སི་ཟན་ཌིར(Elizabeth Alexander)མཆོག་གིས<<གླུ་སྐད་མཐོ་རུ་བཏེགས་པའི་དེ་རིང>>ཞེས་པའི་སྙན་ངག་གྱེར་འདོན་བྱས་ཤིང་དེ་ནི་ཨ་རིའི་ལོ་རྒྱུས་སྟེང་གི་སྲིད་འཛིན་གྱི་ཁྲི་བཞུགས་མཛད་སྒོ་རུ་སྙན་ངག་གྱེར་འདོན་བྱེད་ཐེངས་བཞི་བ་རེད། དེ་སྔ་སྙན་ངག་པ་གྲགས་ཅན་ར་བྷིན་ཐི·ཧྥུ་ར་སི་ཐི་དང། མེ་ཡ·ཨན་རྗེ་ལོ་སི། མེལ་ལིར·ཝེ་ལམ་སི་སོགས་ཀྱིས་ཁིན་ནིས་རྡི་སོགས་སྲིད་འཛིན་དག་གི་ཁྲི་བཞུགས་མཛད་སྒོར་སྙན་ངག་གྱེར་འདོན་བྱས་པས་སྲིད་འཛིན་གྱི་ཁྲི་བཞུགས་མཛད་སྒོར་སྙན་ངག་གྱེར་འདོན་བྱ་རྒྱུ་དེ་ཨ་རིའི་ཆབ་སྲིད་དང་དམངས་གཙོའི་མཚོན་བྱེད་གཙོ་བོ་ཞིག་ཏུ་འགྱུར་བཞིན་པར་སྣང་།

     

    དེའང་ཨ་རིའི་སྲིད་འཛིན་གྱི་ཁྲི་བཞུགས་མཛད་སྒོ་ནི་སྤྱི་དམངས་ཡོངས་ཀྱི་ལོ་བཞི་རེའི་ནང་གི་དུས་ཆེན་ཆེ་ཤོས་ཤིག་ཡིན་ནའང་དེ་རུ་རྒྱལ་ཁབ་སོ་སོའི་སྲིད་འཛིན་དང་དབུ་བཞུགས་བློན་ཆེན་དག་གདན་མི་འདྲེན་པར་ཨ་རི་རྒྱལ་ནང་གི་མཁས་དབང་དང་། སྤྱི་ཕན་གྱི་བྱ་བ་གཉེར་མཁན། གློག་བརྙན་འཁྲབ་སྟོན་པ། རོལ་མོ་བ། ཆོས་ལུགས་མི་སྣ་སོགས་གདན་འདྲེན་བྱེད་པས་དེ་ནི་སྲིད་འཛིན་དང་ཁོའི་མཐའ་འཁོར་གྱི་ཆབ་སྲིད་པ་ཙམ་མ་ཡིན་པར་ཨ་རིའི་དམངས་ཡོངས་ཀྱི་སེམས་ཁམས་དེ་གཟབ་རྒྱས་ཆེ་བའི་དུས་ཆེན་ཞིག་གི་རྣམ་པས་ཕྱིར་མངོན་པ་ཉིད་དུ་ངོས་བཟུང་ཡང་ཆོག་གོ།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།