མཚོ་བུ་དགའ་བདེ་ཀྲུང་གོའི་ལོ་རབས་བརྒྱད་ཅུ་བའི་མཇུག་གི་མི་རབས་ཀྱི་སྙན་ངག་པའི་གྲས་སུ་བདམས་པ།

གསར་འགོད་པ་སྐྱ་བོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-12-31

 

 

 

         

                        བོད་ཀྱི་སྙན་ངག་པའི་མི་རབས་གསུམ་པའི་ཚོགས་མི་མཚོ་བུ་དགའ་བདེ་ལགས་ཀྲུང་གོ་ཡོངས་ཀྱི་ལོ་རབས་བརྒྱད་ཅུ་བའི་མཇུག་ཏུ་སྐྱེས་པའི་སྙན་ངག་པ་ཉི་ཤུ་ཡི་གྲས་སུ་བདམས་ཐོན་བྱུང་། ཁོང་གིས་ད་བར་དུ་རྒྱ་ཡིག་གི་<<མི་དམངས་རྩོམ་རིག>>དང་།
<<སྐར་མ>><<དྲི་བཞོན་ལྗང་ཁུ>> <<མི་རིགས་རྩོམ་རིག>> <<བོད་ཀྱི་རྩོམ་རིག>>སོགས་སུ་དེང་རབས་ཀྱི་ཁྱད་ཆོས་མངོན་པར་གསལ་བ་གཞིར་བྱས་གོ་བདེ་ལ་བབ་ཆགས་པའི་ཚིག་སྦྱོར་ལ་བརྟེན་ནས་རྒྱ་སྐད་སྙན་ངག་གི་ལམ་བུ་གསར་བ་བཤངས་བྱེད་ཀྱི་བརྩམས་ཆོས་ཕོན་ཆེ་བ་བཀོད་པར་མ་ཟད་མཆོད་མེ་དྲ་བ་དང<<གངས་རྒྱན་མེ་ཏོག>>དུས་དེབ་སོགས་སུའང་རང་གི་རྩོམ་ཉམས་ཀྱིས་ཕྱུག་པའི་བོད་ཡིག་གི་སྙན་ངག་འབོར་ཆེན་བཀོད་པས་དེ་སྔ་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་སྙན་ངག་བཅུའི་གཟིགས་བཟོས་མཚན་སྙན་རག་པ་མ་ཟད་བོད་ཀྱི་སྙན་ངག་པའི་མི་རབས་གསུམ་པའི་བགྲོ་གླེང་འདུ་ཚོགས་སྐབས་གསུམ་པ་རུམི་རབས་གསུམ་པའི་ཚབ་མཚོན་སྙན་ངག་པའིམཚན་བཏགས་ཀྱང་ཐོབ་ཡོད། ཁོང་གིས་ད་ལྟ་ཀན་ལྷོ་ཁུལ་གྱི<<ཟླ་ཟེར>>དུས་དེབ་ཀྱི་རྩོམ་སྒྲིག་པའི་འགན་ཁུར་ཡོད་ལ་ཉེ་ལམ་པེ་ཅིང་གི་ལུའུ་ཞུན་རྩོམ་རིག་གླིང་ན་སློབ་སྦྱོང་བྱེད་ཀྱིན་ཡོད་དོ།།

 

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚོ་བུ་དགའ་བདེ་ཀྲུང་གོའི་ལོ་རབས་བརྒྱད་ཅུ་བའི་མཇུག་གི་མི་རབས་ཀྱི་སྙན་ངག་པའི་གྲས་སུ་བདམས་པ།

2008-12-31 གསར་འགོད་པ་སྐྱ་བོ། ཀློག་གྲངས། མཆན ཡོད།

 

 

 

         

                        བོད་ཀྱི་སྙན་ངག་པའི་མི་རབས་གསུམ་པའི་ཚོགས་མི་མཚོ་བུ་དགའ་བདེ་ལགས་ཀྲུང་གོ་ཡོངས་ཀྱི་ལོ་རབས་བརྒྱད་ཅུ་བའི་མཇུག་ཏུ་སྐྱེས་པའི་སྙན་ངག་པ་ཉི་ཤུ་ཡི་གྲས་སུ་བདམས་ཐོན་བྱུང་། ཁོང་གིས་ད་བར་དུ་རྒྱ་ཡིག་གི་<<མི་དམངས་རྩོམ་རིག>>དང་།
<<སྐར་མ>><<དྲི་བཞོན་ལྗང་ཁུ>> <<མི་རིགས་རྩོམ་རིག>> <<བོད་ཀྱི་རྩོམ་རིག>>སོགས་སུ་དེང་རབས་ཀྱི་ཁྱད་ཆོས་མངོན་པར་གསལ་བ་གཞིར་བྱས་གོ་བདེ་ལ་བབ་ཆགས་པའི་ཚིག་སྦྱོར་ལ་བརྟེན་ནས་རྒྱ་སྐད་སྙན་ངག་གི་ལམ་བུ་གསར་བ་བཤངས་བྱེད་ཀྱི་བརྩམས་ཆོས་ཕོན་ཆེ་བ་བཀོད་པར་མ་ཟད་མཆོད་མེ་དྲ་བ་དང<<གངས་རྒྱན་མེ་ཏོག>>དུས་དེབ་སོགས་སུའང་རང་གི་རྩོམ་ཉམས་ཀྱིས་ཕྱུག་པའི་བོད་ཡིག་གི་སྙན་ངག་འབོར་ཆེན་བཀོད་པས་དེ་སྔ་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་སྙན་ངག་བཅུའི་གཟིགས་བཟོས་མཚན་སྙན་རག་པ་མ་ཟད་བོད་ཀྱི་སྙན་ངག་པའི་མི་རབས་གསུམ་པའི་བགྲོ་གླེང་འདུ་ཚོགས་སྐབས་གསུམ་པ་རུམི་རབས་གསུམ་པའི་ཚབ་མཚོན་སྙན་ངག་པའིམཚན་བཏགས་ཀྱང་ཐོབ་ཡོད། ཁོང་གིས་ད་ལྟ་ཀན་ལྷོ་ཁུལ་གྱི<<ཟླ་ཟེར>>དུས་དེབ་ཀྱི་རྩོམ་སྒྲིག་པའི་འགན་ཁུར་ཡོད་ལ་ཉེ་ལམ་པེ་ཅིང་གི་ལུའུ་ཞུན་རྩོམ་རིག་གླིང་ན་སློབ་སྦྱོང་བྱེད་ཀྱིན་ཡོད་དོ།།

 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།