གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལ་གཞས་ཆེད་བསྒྲིགས་ཀྱི་བརྙན་འཁོར《སྦྲ་ནག་ཚང》ཞེས་པ་པར་སྐྲུན་དང་འགྲེམ་སྤེལ་བྱས་པ།

2008-12-26 11:53:00 གསར་འགོད་པ་སྐྱ་བོ། ཀློག་གྲངས། མཆན ཡོད།

 

ཉེ་ལམ། རྨ་ཆུ་རྫོང་གནས་སྐོར་སྡེ་ཁག་གིས་པར་སྐྲུན་དང་འགྲེམ་སྤེལ་བྱས་པའི་ལ་གཞས་ཆེད་བསྒྲིགས་ཀྱི་བརྙན་འཁོར<<སྦྲ་ནག་ཚང>>ཞེས་པ་འགྲེམ་སྤེལ་བྱེད་འཆར་ཡོད། ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་གི་བརྙན་འཁོར་འདི་ལ་གཞས་སོ་གཅིག་གིས་གྲུབ་ཅིང་དེར་རྨ་ཀླུང་ཕྱུག་མོའི་རང་བྱུང་གི་སྒེག་ཉམས་དང་། འབྲོག་པའི་ཡུལ་སྲོལ་གོམས་གཤིས། ཕོ་མོའི་བརྩེ་འདང་གི་འདུ་འབྲལ་སོགས་སྒྱུ་རྩལ་གྱི་ཉམས་ཀྱིས་ལེགས་པོར་མཚོན་པ་དང་་གཞས་ཚིག་ལ་སྙན་ངག་གི་ཉམས་དང་ལྡན་ཞིང། གདངས་དབྱངས་ཉིད་ས་གནས་རང་གི་ཁྱད་ཆོས་ཀྱིས་ཕྱུག་པ། གཞས་པའི་གྲེ་འགྱུར་ལ་སྙན་ཆ་རྫོགས་པ། པར་རིས་མངོན་པར་མཛེས་པ་སོགས་ཐུན་མིན་གྱི་ཡོན་ཏན་དག་གིས་ཀུན་ནས་བརྒྱན་པ་ཡོད། ལྷག་པར་དུ་བློ་འདྲི་ས་དང་རྩོམ་སྒྲིག་པ། རོལ་ཆས་དཀྲོལ་མཁན། པར་ལེན་པ། འཁྲབ་འཁྲིད་པ་སོགས་རྨ་ཆུའི་ཡུལ་གྱི་ཤེས་ཡོན་པའི་དཔུང་སྡེ་ཆེ་ཁག་གིས་གྲུབ་པ་ཡིན་པས་འཆར་འགོད་དང་སྒྲིག་སྦྱོར་སོགས་གང་ཐད་ནས་ཕུན་སུམ་ཚོགས་པ་ཞིག་གོ།

མདུན་ཤོག་དང་རྒྱབ་ཤོག


      བརྡ་སྦྱོར་པར་རིས།
 

འཁྲབ་སྟོན་གྱི་ཡུལ་དངོས།༡

ཕྱི་ལྗོངས་ལེན་པ།

འཁྲབ་སྟོན་གྱི་ཡུལ་དངོས།༢

འཁྲབ་སྟོན་གྱི་ཡུལ་དངོས།༣
     

བརྙན་འཁོར་འདི་སྡེབ་ཉོ་བྱེད་འདོད་མཁན་ཚོས་གཤམ་གྱི་ལས་ཁུངས་དང་མི་སྣར་འབྲེལ་བ་བྱས་ནས་ཞིབ་ཕྲའི་གནས་ཚུལ་ལ་རྒྱུས་ལོན་བྱེད་པར་ཞུ།

འབྲེལ་བ་བྱ་སའི་ལས་ཁུངས། ཀན་ལྷོ་ཁུལ་རྨ་ཆུ་རྫོང་གནས་སྐོར་སྡེ་ཁག

               འབྲེལ་བ་བྱ་མི། རྨ་འོད། ཁ་པར་ཨང་གྲངས། ༡༣༩༠༩༤༡༨༦༦༦

             

 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།