གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷོ་ནུབ་མི་རིགས་སློབ་ཆེན་ནས་དུས་རབས་ཀྱི་འགྱུར་ཁུག་ཅེས་པའི་སྙན་ངག་གྱེར་འདོན་འགྲན་སྡུར་སྤེལ་བ།

2008-12-08 22:17:00 ཉག་རོང་ཨ་དཀར་རྣམ་རྒྱལ། ཀློག་གྲངས། མཆན ཡོད།

     ཟླ་འདིའི་ཚེས་གཉིས་ཉིན་གྱི་དགོང་མོར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སློབ་ཁུལ་གསར་བ་རུ།སྒྲོན་སྟེགས་རྩོམ་རིག་ཚོགས་པས་བོད་རིག་པའི་སློབ་གླིང་གི་རྒྱབ་སྐྱོར་འོག་སྐབས་ལྔ་བའི་དུས་རབས་ཀྱི་འགྱུར་ཁུག་ཅེས་པའི་སྙན་ངག་གྱེར་འདོན་འགྲན་སྡུར་དེ་གཟབ་རྒྱས་ངང་སྤེལ་ཡོད།འགྲན་ཚོགས་འདི་འདེམ་སྒྲིག་དང་བསྐྱར་འགྲན།རྟིང་རྩོད་བཅས་གོ་རིམ་གསུམ་གྱི་སྒོ་ནས་དུས་ཡུན་ཟླ་བ་གཅིག་ལྷག་བརྒྱུད་དེ་མཐར་ལེགས་པར་འགྲུབ་པ་ཡིན་ལ།གཞི་རྒྱ་དང་རྣམ་པ་གང་གི་ཐད་ནས་ཀྱང་སྐབས་སྔོན་མ་གང་གིས་ཀྱང་བསྡུར་བར་དཀའ་བས་སློབ་གླིང་གི་དགེ་སློབ་ཡོངས་ཀྱི་བསྟོད་བསྔགས་ཐོབ་ཡོད།

      ཐེངས་འདིར་རྩ་འཛུགས་པ་སྟེ་སྒྲོན་སྟེགས་རྩོམ་རིག་ཚོགས་པས་བོད་རིག་པའི་སློབ་གླིང་གིས་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིགས་སློབ་མ་ཡོངས་ལ་སྣེ་འཁྲིད་པ་དམིགས་ཡུལ་དུ་བྱས་ནས་སྔོན་དང་མི་འདྲ་བར་སློབ་གླིང་གཞན་པ་སོ་སོའི་འགྲན་ཞུགས་པ་བསྡུས་ཡོད་ལ།མཐར་མདོ་དབུས་ཁམས་གསུམ་ནས་ཡོང་བའི་སློབ་གྲོགས་ཉི་ཤུ་སྟེ་ཚོགས་པ་བཅོ་ལྔ་ཆེས་མཇུག་མཐའི་རྟིང་རྩོད་དུ་ཚུད་ཡོད།ཆུ་ཚོད་གཅིག་དང་ཕྱེད་ཀ་ལྷག་གི་འགྲན་སྡུར་བརྒྱུད་མཐར།ཕ་ཡུལ་མཚོ་སྔོན་ནས་ཡིན་པའི་སློབ་གྲོགས་སྒྲོལ་མ་བཀྲ་ཤིས་ལ་ཨང་དང་པོ་ཐོབ་ཞིང་།ཕ་ཡུལ་ཀན་སུའུ་ནས་ཡིན་པའི་སློབ་གྲོགས་དཀོན་མཆོག་རིན་ཆེན་དང་ཕ་ཡུལ་ཟི་ཁྲོན་ནས་ཡིན་པའི་སློབ་གྲོགས་ཟླ་བ་ལྷ་མཚོ་གཉིས་ལ་ཨང་གཉིས་པ་ཐོབ།དེ་མིན་མདོ་དབུས་ཁམས་ཀྱི་སློབ་གྲོགས་ཕོ་མོ་དྲུག་གིས་རང་རང་གི་སྐད་དུ་གྱེར་བའི་ཚོགས་པ་སོགས་བཞི་ལ་ཨང་གསུམ་པ་ཐོབ་ཡོད།

      མཇུག་དུ་སྒྲོན་སྟེགས་རྩོམ་རིག་ཚོགས་པའི་བྱ་འགུལ་ཚན་ཁག་གི་འགན་འཛིན་པ་གཡག་བུ་དཔལ་རྩལ་གྱིས་ཕྱོགས་སྡོམ་གནང་སྐབས་ཁོས་སྒྲོན་སྟེགས་རྩོམ་རིག་ཚོགས་པ་ནི་བོད་རིག་པའི་སློབ་གླིང་གི་ཁོངས་སུ་གཏོགས་པའི་བོད་ཀྱི་སྐད་ཡིག་དང་རྩོམ་ཡིག་ཁྱབ་སྤེལ་གཙོ་བོར་བྱེད་པའི་ཚོགས་པ་ཞིག་ཡིན་པའི་ཆ་ནས་རྗེས་སུ་ཡང་འདི་དང་འདི་ལྟ་བུའི་བྱ་འགུལ་སྣ་ཚོགས་སྤེལ་བ་བརྒྱུད་ནས་རྣམས་པ་ཚོར་དབྱངས་གསལ་སོ་བཞིའི་ལོངས་སྤྱོད་རྣལ་མ་རེ་འབུལ་རྒྱུ་ཡིན་ཞེས་བཤད་སོང་། ། 


མདོ་འཛིན་པ་དག

གྱེར་འདོན་པའི་ཉམས་འགྱུར།

གྱེར་འདོན་པའི་ཉམས་འགྱུར།

ཚོགས་རའི་ཟུར་གཅིག

ཚོགས་རའི་ཟུར་གཅིག

འགྲན་ཚོགས་མཇུག་བསྡུས་རྗེས་ཀྱི་མཉམ་པར།

 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།