《ལང་ཚོ》ཞེས་པའི་དུས་དེབ་ཀྱི་རྩོམ་བསྡུའི་བརྡ་ཐོ།

    སྨྱུ་གུ་ཐོགས་པའི་བོད་ཀྱི་ན་གཞོན་ཤེས་རབ་ཅན་ཚོའི་བློ་ཁ་རང་དབང་དང་། དམངས་གཙོ།  ཐོབ་ཐང་། འདྲ་མཉམ་སོགས་མི་ཇུས་བསམ་བློ་ཡི་སྟེང་ལ་མངོན་པར་ཕྱོགས་པའི་སྐབས་འདི་ལྟ་བུ་ཞིག་ལ་ཡི་གེའི་ཀུན་རྟོག་གམ་སྒྱུ་རྩལ་ཁོ་ནར་གཏོགས་པའི་རྩོམ་རིག་གི་དུས་དེབ་ཅིག་བསྒྲིག་པ་ནི་འོས་སུ་མ་མཆིས་ཤིང་།   ལས་དེ་ནི་སྨྱུག་འཛིན་རྣམས་ངལ་བའི་རྒྱུ་དང་ལས་ཐོག་རྣམས་ཉོབ་པའི་ལས་སུ་གྱུར་བའི་ལས་ཀ་བསྐྱར་ཟློས་ཤིག་ཡིན་པའང་སྔ་མོ་ནས་ཤེས་པས་མི་ཚད་ཁའང་སྐྱེངས་ནས་ཡོད།   ཡིན་ནའང་བོད་ཀྱི་ན་གཞོན་བྱིངས་ཀྱི་ཤེས་ཡོན་གྱི་ཧེ་བག་ཆེ་བ་དང་།  བསམ་བློའི་བར་ཁྱད་གསལ་བ། ཆུ་ཚད་དོ་མི་མཉམ་པ། ཐ་ན་ན་གཞོན་འགའ་རེས་ནི་དོ་ཁུར་གྱི་མིག་ཟུང་ཡུལ་གཞན་ལ་གཏོད་པ་དང་ཀ་མད་སུམ་ཅུའི་ལས་དབང་ལའང་རྦད་དེ་བསམ་བློ་མི་འཁོར་བའི་གནས་ཚུལ་དངོས་མར་དམིགས་ནས་ང་ཚོ་སྟེ་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་ཞིབ་འཇུག་སློབ་མ་རྣམས་ཀྱིས<<ལང་ཚོ>>ཟེར་བའི་རྩོམ་རིག་ལོ་ཕྱེད་དེབ་ཅིག(དེབ་དང་པོ་བཀྲམ་ཟིན)སྤྱི་ཚོགས་སྟེང་གི་སྒེར་གཉེར་དུས་དེབ་ཀྱི“ཕྱགས་ལུད”ཁྲོད་གཡུག་ནས་ཡོད་ཅིང་། ད་རེས་དེབ་གྲངས་གཉིས་པ་ཕུད་འཆར་ཡོད་པས་རྩོམ་རིག་གསར་རྩོམ་གྱི་ལས་དང་བོར་ཞུགས་མཁན་དང་གཞུང་དེབ་སོགས་སུ་འཁོད་མ་ནུས་པར་ལུས་པའི་སྒམ་ཉར་རྩོམ་ཡིག་རྣམས་འདི་གར་བསྐུར་དང་དུས་དེབ<<ལང་ཚོ>>ཡིས་ཁྱོད་ཚོའི་ལང་ཚོ་ཆུད་ཟོས་སུ་མི་གཏོང་ཁོ་ཐག་ཡིན་ནོ། །

དོ་སྣང་བྱ་དགོས་པའི་ཆ་རྐྱེན་འགའ་ཞིག་ནི།
༡    རྩོམ་ལུས་གང་རུང་ཡིན་ཆོག
༢  ཡིག་འབྲུ་སྟོང་ལས་བརྒལ་མི་རུང་།
༣  ཡིག་གཟུགས་ཧི་མ་ལ་ཡ་དང་པཎ་གཟུགས་གང་རུང་ཡིན་ཆོག
༤ ད་ལོའི་ཟླ་ལྔ་བའི་ཟླ་དཀྱིལ་དུ་རྩོམ་ཡིག་བསྡུ་མཚམས་འཇོག་རྒྱུ་ཡིན་པ་བཅས་ཐུགས་འཇགས་འཚལ་ལོ། །
བསྐུར་ཡུལ། regongsangjieka@gmail.com
gesar2009@163.com

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།