ནུབ་བྱང་ཚང་གིས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར་བའི་གནས་ཚུལ་ཐོན་འདུག

འཕྲིན་གཏོང་བ། བཀྲིས་ལྷ་མོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-12-18

        ༢༠༡༠ལོའི་ཟླ་༡༡པའི་ཟླ་དཀྱིལ་ནས། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགྱིག་ཁུག་བཀོལ་སྤྱོད་བྱེད་འགོ་བརྩམས།


ཁོར་ཡུག་སྲུང་སྐྱོབ་བྱེད་ཆེད་འགྱིག་ཁུག་ལ་རིན་སྤྲོད་དགོས་པའི་བརྡ་ཐོ།

        ད་ལྟ་འཛམ་གླིང་སྤྱིའི་ཁ་ཕྱོགས་ནི་ཞི་བདེ་དང་འཕེལ་རྒྱས་ཡིན་པ་དང། ཁོར་ཡུག་གནད་དོན་ནི་དེ་ལས་གནད་དོན་ཆེན་པོ་ཞིག་ཡིན་པ་རེད། སྔོན་ཆད་སྡོང་འཛུགས་ནགས་སྐྲུན་དང་ས་རྒོད་ལྗང་བསྒྱུར་གྱི་ལས་དོན་གཙོར་བཟུང་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱེད་སྒོ་སྤེལ་བ་དང། དེའི་རྗེས་ནས་ཡང་འགྱིག་ཁུག་གི་སྐྱོན་ཆ་ཤེས་རྗེས། ས་ཆ་མང་བོ་ཞིག་ནས་དེ་བཀོལ་སྤྱོད་བྱེད་པ་ཆད་བཀག་བྱས་ནས་ཤོག་བུའི་ཁུག་མ་འཁྱེར་འགོ་བརྩམས་པ་རེད། གནད་དོན་དེ་ད་ལྟ་སློབ་གྲྭ་འདི་ལ་ཡང་བྱུང་ཏེ་ཐོག་མར་ཟས་གང་ཞིག་ཉོ་བའི་དུས་སུ་འགྱིག་ཁུག་གིས་དེ་འཁྱེར་དགོས་པ་དང། ད་དུང་སློབ་ཆེན་ལྟ་བུ་ཞིག་ལ་མཚོན་ན་སློབ་མའི་མི་གྲངས་མང་བས། བལྟོས་བཅོས་གྱི་འགྱིག་ཁུག་བཀོལ་སྤྱོད་བྱེད་པ་ཡང་ཧ་ཅང་མང་བ་རེད།

        གནད་ཆུང་ས་ནས་དཔྱད་ཚེ་དེས་སློབ་གྲྭའི་ཉེ་འཁོར་གྱི་ཁོར་ཡུག་ལ་བཙོག་བསྒྱུར་བྱེད་ཀྱིན་ཡོད་པ་དང། སྤྱིའི་ཆ་ནས་བཤད་ན་ཁོར་ཡུག་ལ་གཏོར་བརླག་ཆེན་པོ་བཟོ་བཞིན་ཡོད་པས། ད་ལྟའི་ལག་བསྟར་བྱེད་ཕྱོགས་ངེས་ཅན་ཞིག་ནས་ཁོར་ཡུག་བཙོག་བསྒྱུར་ལ་ཚོད་འཛིན་ཆེན་པོ་བྱེད་ཡོད་པ་རེད།


ད་ལྟ་བཀོལ་སྤྱོད་བྱེད་བཞིན་པའི་ཟས་རིགས་འགྱིག་ཁུག

        དེ་ཡང་གཙོ་བོ་ད་ལྟ་བཀོལ་སྤྱོད་བྱེད་བཞིན་པའི་འགྱིག་ཁུག་གི་བོངས་ཇེ་ཆེར་བཏང་ཡོད་ལ་འགྱིག་ཁུག་སྔོན་ལྟར་བཀོལ་སྤྱོད་ཐེངས་གཅིག་ཅན་ལྟ་བུ་མ་ཡིན་པར་རྒྱུན་བཀོལ་བྱེད་ཆོག་པ་དང། རིན་གོང་ཡང་སྔོན་ལས་འཕར་ཡོད་པས། ཐད་ཀར་སློབ་མ་རྣམས་ཀྱིས་འཛེམ་མེད་ཀྱིས་འགྱིག་ཁུག་སྤྱོད་པ་ལ་ཚོད་འཛིན་ཐེབས་ཡོད་པ་རེད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནུབ་བྱང་ཚང་གིས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར་བའི་གནས་ཚུལ་ཐོན་འདུག

2010-12-18 འཕྲིན་གཏོང་བ། བཀྲིས་ལྷ་མོ། ཀློག་གྲངས། མཆན ཡོད།

        ༢༠༡༠ལོའི་ཟླ་༡༡པའི་ཟླ་དཀྱིལ་ནས། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགྱིག་ཁུག་བཀོལ་སྤྱོད་བྱེད་འགོ་བརྩམས།


ཁོར་ཡུག་སྲུང་སྐྱོབ་བྱེད་ཆེད་འགྱིག་ཁུག་ལ་རིན་སྤྲོད་དགོས་པའི་བརྡ་ཐོ།

        ད་ལྟ་འཛམ་གླིང་སྤྱིའི་ཁ་ཕྱོགས་ནི་ཞི་བདེ་དང་འཕེལ་རྒྱས་ཡིན་པ་དང། ཁོར་ཡུག་གནད་དོན་ནི་དེ་ལས་གནད་དོན་ཆེན་པོ་ཞིག་ཡིན་པ་རེད། སྔོན་ཆད་སྡོང་འཛུགས་ནགས་སྐྲུན་དང་ས་རྒོད་ལྗང་བསྒྱུར་གྱི་ལས་དོན་གཙོར་བཟུང་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱེད་སྒོ་སྤེལ་བ་དང། དེའི་རྗེས་ནས་ཡང་འགྱིག་ཁུག་གི་སྐྱོན་ཆ་ཤེས་རྗེས། ས་ཆ་མང་བོ་ཞིག་ནས་དེ་བཀོལ་སྤྱོད་བྱེད་པ་ཆད་བཀག་བྱས་ནས་ཤོག་བུའི་ཁུག་མ་འཁྱེར་འགོ་བརྩམས་པ་རེད། གནད་དོན་དེ་ད་ལྟ་སློབ་གྲྭ་འདི་ལ་ཡང་བྱུང་ཏེ་ཐོག་མར་ཟས་གང་ཞིག་ཉོ་བའི་དུས་སུ་འགྱིག་ཁུག་གིས་དེ་འཁྱེར་དགོས་པ་དང། ད་དུང་སློབ་ཆེན་ལྟ་བུ་ཞིག་ལ་མཚོན་ན་སློབ་མའི་མི་གྲངས་མང་བས། བལྟོས་བཅོས་གྱི་འགྱིག་ཁུག་བཀོལ་སྤྱོད་བྱེད་པ་ཡང་ཧ་ཅང་མང་བ་རེད།

        གནད་ཆུང་ས་ནས་དཔྱད་ཚེ་དེས་སློབ་གྲྭའི་ཉེ་འཁོར་གྱི་ཁོར་ཡུག་ལ་བཙོག་བསྒྱུར་བྱེད་ཀྱིན་ཡོད་པ་དང། སྤྱིའི་ཆ་ནས་བཤད་ན་ཁོར་ཡུག་ལ་གཏོར་བརླག་ཆེན་པོ་བཟོ་བཞིན་ཡོད་པས། ད་ལྟའི་ལག་བསྟར་བྱེད་ཕྱོགས་ངེས་ཅན་ཞིག་ནས་ཁོར་ཡུག་བཙོག་བསྒྱུར་ལ་ཚོད་འཛིན་ཆེན་པོ་བྱེད་ཡོད་པ་རེད།


ད་ལྟ་བཀོལ་སྤྱོད་བྱེད་བཞིན་པའི་ཟས་རིགས་འགྱིག་ཁུག

        དེ་ཡང་གཙོ་བོ་ད་ལྟ་བཀོལ་སྤྱོད་བྱེད་བཞིན་པའི་འགྱིག་ཁུག་གི་བོངས་ཇེ་ཆེར་བཏང་ཡོད་ལ་འགྱིག་ཁུག་སྔོན་ལྟར་བཀོལ་སྤྱོད་ཐེངས་གཅིག་ཅན་ལྟ་བུ་མ་ཡིན་པར་རྒྱུན་བཀོལ་བྱེད་ཆོག་པ་དང། རིན་གོང་ཡང་སྔོན་ལས་འཕར་ཡོད་པས། ཐད་ཀར་སློབ་མ་རྣམས་ཀྱིས་འཛེམ་མེད་ཀྱིས་འགྱིག་ཁུག་སྤྱོད་པ་ལ་ཚོད་འཛིན་ཐེབས་ཡོད་པ་རེད།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།