བོད་ཡིག་གི་ཤོག་ཤོ་བརྡ་དག་རོལ་རྩེད་ཀྱི་འགྲེམས་བརྡ།

རྫོང་ཁ་ཡོན་ཏན་དོན་གྲུབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-12-17

  
  ད་ལྟ་བོད་ཡིག་གི་ཤོག་ཤོ་བརྡ་དག་རོལ་རྩེད་ཅེས་པ་འདིའི་པར་གཞི་དང་པོ་དེ་ལེགས་སྒྲིག་བྱས་ཟིན་པ་དང་མི་རིང་བའི་ཆར་དངོས་སུ་པར་འགྲེམས་བྱེད་འཆར་ཡིན། ད་ཐེངས་གསར་དུ་བསྐྲུན་པའི་རྩེད་རིགས་འདི་ནི་བོད་ཡིག་དབྱངས་གསལ་གྱི་ཡིག་འབྲུ་ལས་གྲུབ་པ་ཞིག་ཡིན་པས་རྩེད་མོ་རྩེ་བ་དང་ཆབས་ཅིག་བོད་ཡིག་གི་བརྡ་སྤྲོད་ལ་སློབ་སྦྱོང་བྱེད་རྒྱུར་ཡང་ཕན་ཐོག་ཡོད། བོད་ཡིག་འདི་ཉིད་འཛམ་བུའི་གླིང་གི་སྔོན་ཐོན་འཕྲུལ་རིག་གི་སྟེང་དུ་གོམ་པ་སྤོས་ཏེ་བཀོལ་སྤྱོད་ཀྱི་ནུས་པ་ཆེ་རུ་འགྲོ་བཞིན་ཡོད་པའི་སྐབས་འདིར་ད་དུང་རྩེད་རིགས་སོགས་ཀྱི་སྟེང་དུ་འགྲོ་རྒྱུག་ཡོད་པ་ཞིག་དགོས་མཁོ་ཆེ་བར་མཐོང་ནས་བོད་ཡིག་གི་རྩེད་མོ་འདི་རྒྱ་ཁྱབ་ཏུ་པར་འགྲེམས་ཀྱི་བརྒྱུད་ལམ་འཚོལ་ཞིབ་བྱེད་བཞིན་ཡོད།
     
    སྤྱིར་བོད་ཀྱི་ཡི་གེ་ལ་སྲོག རྐྱེན། ཕ། མ། བུ་ཚའི་ཡི་གེ་ཞེས་སྡེ་ཚན་ལྔར་བསྡུས་ཡོད་པ་ལས། དམིགས་གསལ་རོལ་རྩེད་འདིར་རང་གི་དགོས་པ་སྐབས་བསྟུན་གྱིས་སྲོག་ཡིག་ལྔའི་ཚེག་དང་། རྐྱེན་གྱི་ཡི་གེ་དབུ་ཁྱུད། ཕུར་ཤད། སྦྲུལ་ཤད། རིན་ཆེན་སྤུངས་ཤད་བཅས་བསྡུས་མེད། དེ་མིན་གྱི་གསལ་བྱེད་སུམ་ཅུ། སྔོན་རྗེས་བཅོ་ལྔ། ཡང་འཇུག་གཉིས།གུག་ཀྱེད་བརྩེགས་འདོགས་ཀྱི་ཡི་གེ་བཅུ་གཅིག་བཅས་ཁྱོན་ཡི་གེ་ང་བརྒྱད་པོ་ཆ་ཚང་འདིའི་ནང་བཀོད་ཡོད།
རྩེད་ཆས་འདི་ནི་ཕོ་ཡིག་དང་། མ་ནིང་གི་ཡི་གེ མོ་ཡིག ཤིན་ཏུ་མོའི་ཡི་གེ་བཅས་ཚན་པ་བཞིར་དབྱེ་བསལ་བྱས་ཡོད་ལ་དེ་དག་སོ་སོར་ཁ་དོག་མི་འདྲ་བ་བཞིས་མཚོན་པར་བྱས་ཡོད། རྟགས་ཀྱི་དབྱེ་བ་འདི་ལྟར་ཕྱེ་བ་ཡང་བརྡ་སྤྲོད་ཀྱི་གཞུང་ལ་ཁུངས་སུ་བྱས་པ་ཡིན། མདོ་དོན་བརྡ་དག་རོལ་རྩེད་འདིར་ཡིག་འབྲུ་ང་བརྒྱད་ཡོད་ཅིང་ཕོ་མོ་མ་ནིང་ཤིན་ཏུ་མོ་སྟེ་སྡེ་ཚན་བཞིར་ཕྱེས་ཡོད་པས་འཛམ་གླིང་ནང་རྒྱ་ཁྱབ་ཏུ་སྤྱོད་བཞིན་པའི་ཤོག་ཤོ་དང་འདྲ་པོ་ཡོད་ལ་རྩེ་སྟངས་ཐད་ཁོ་བོས་ཁག་སུམ་ཙམ་ཞིག་བཟོས་ཡོད་པ་ཞིབ་ཕྲ་ཟུར་དུ་གསལ་བཤད་བྱེད་རྒྱུ་ཡིན། ད་དུང་རང་རང་གི་བསམ་བློ་བཏང་ནས་རྩེ་སྟངས་འདྲ་མིན་སྣ་ཚོགས་རྩེ་ཆོག་གི་ཡོད་པས་དེ་ལུགས་ཐུགས་སྣང་ཡོད་པར་ཞུ། །

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་ཡིག་གི་ཤོག་ཤོ་བརྡ་དག་རོལ་རྩེད་ཀྱི་འགྲེམས་བརྡ།

2010-12-17 རྫོང་ཁ་ཡོན་ཏན་དོན་གྲུབ། ཀློག་གྲངས། མཆན ཡོད།

  
  ད་ལྟ་བོད་ཡིག་གི་ཤོག་ཤོ་བརྡ་དག་རོལ་རྩེད་ཅེས་པ་འདིའི་པར་གཞི་དང་པོ་དེ་ལེགས་སྒྲིག་བྱས་ཟིན་པ་དང་མི་རིང་བའི་ཆར་དངོས་སུ་པར་འགྲེམས་བྱེད་འཆར་ཡིན། ད་ཐེངས་གསར་དུ་བསྐྲུན་པའི་རྩེད་རིགས་འདི་ནི་བོད་ཡིག་དབྱངས་གསལ་གྱི་ཡིག་འབྲུ་ལས་གྲུབ་པ་ཞིག་ཡིན་པས་རྩེད་མོ་རྩེ་བ་དང་ཆབས་ཅིག་བོད་ཡིག་གི་བརྡ་སྤྲོད་ལ་སློབ་སྦྱོང་བྱེད་རྒྱུར་ཡང་ཕན་ཐོག་ཡོད། བོད་ཡིག་འདི་ཉིད་འཛམ་བུའི་གླིང་གི་སྔོན་ཐོན་འཕྲུལ་རིག་གི་སྟེང་དུ་གོམ་པ་སྤོས་ཏེ་བཀོལ་སྤྱོད་ཀྱི་ནུས་པ་ཆེ་རུ་འགྲོ་བཞིན་ཡོད་པའི་སྐབས་འདིར་ད་དུང་རྩེད་རིགས་སོགས་ཀྱི་སྟེང་དུ་འགྲོ་རྒྱུག་ཡོད་པ་ཞིག་དགོས་མཁོ་ཆེ་བར་མཐོང་ནས་བོད་ཡིག་གི་རྩེད་མོ་འདི་རྒྱ་ཁྱབ་ཏུ་པར་འགྲེམས་ཀྱི་བརྒྱུད་ལམ་འཚོལ་ཞིབ་བྱེད་བཞིན་ཡོད།
     
    སྤྱིར་བོད་ཀྱི་ཡི་གེ་ལ་སྲོག རྐྱེན། ཕ། མ། བུ་ཚའི་ཡི་གེ་ཞེས་སྡེ་ཚན་ལྔར་བསྡུས་ཡོད་པ་ལས། དམིགས་གསལ་རོལ་རྩེད་འདིར་རང་གི་དགོས་པ་སྐབས་བསྟུན་གྱིས་སྲོག་ཡིག་ལྔའི་ཚེག་དང་། རྐྱེན་གྱི་ཡི་གེ་དབུ་ཁྱུད། ཕུར་ཤད། སྦྲུལ་ཤད། རིན་ཆེན་སྤུངས་ཤད་བཅས་བསྡུས་མེད། དེ་མིན་གྱི་གསལ་བྱེད་སུམ་ཅུ། སྔོན་རྗེས་བཅོ་ལྔ། ཡང་འཇུག་གཉིས།གུག་ཀྱེད་བརྩེགས་འདོགས་ཀྱི་ཡི་གེ་བཅུ་གཅིག་བཅས་ཁྱོན་ཡི་གེ་ང་བརྒྱད་པོ་ཆ་ཚང་འདིའི་ནང་བཀོད་ཡོད།
རྩེད་ཆས་འདི་ནི་ཕོ་ཡིག་དང་། མ་ནིང་གི་ཡི་གེ མོ་ཡིག ཤིན་ཏུ་མོའི་ཡི་གེ་བཅས་ཚན་པ་བཞིར་དབྱེ་བསལ་བྱས་ཡོད་ལ་དེ་དག་སོ་སོར་ཁ་དོག་མི་འདྲ་བ་བཞིས་མཚོན་པར་བྱས་ཡོད། རྟགས་ཀྱི་དབྱེ་བ་འདི་ལྟར་ཕྱེ་བ་ཡང་བརྡ་སྤྲོད་ཀྱི་གཞུང་ལ་ཁུངས་སུ་བྱས་པ་ཡིན། མདོ་དོན་བརྡ་དག་རོལ་རྩེད་འདིར་ཡིག་འབྲུ་ང་བརྒྱད་ཡོད་ཅིང་ཕོ་མོ་མ་ནིང་ཤིན་ཏུ་མོ་སྟེ་སྡེ་ཚན་བཞིར་ཕྱེས་ཡོད་པས་འཛམ་གླིང་ནང་རྒྱ་ཁྱབ་ཏུ་སྤྱོད་བཞིན་པའི་ཤོག་ཤོ་དང་འདྲ་པོ་ཡོད་ལ་རྩེ་སྟངས་ཐད་ཁོ་བོས་ཁག་སུམ་ཙམ་ཞིག་བཟོས་ཡོད་པ་ཞིབ་ཕྲ་ཟུར་དུ་གསལ་བཤད་བྱེད་རྒྱུ་ཡིན། ད་དུང་རང་རང་གི་བསམ་བློ་བཏང་ནས་རྩེ་སྟངས་འདྲ་མིན་སྣ་ཚོགས་རྩེ་ཆོག་གི་ཡོད་པས་དེ་ལུགས་ཐུགས་སྣང་ཡོད་པར་ཞུ། །

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།