རང་གྲོལ་ཅེས་པའི་དུས་དེབ་སྒྲུབ་སྟངས་ཐད་ཀྱི་བགྲོ་གླེང་འདུ་ཚོགས་ཐེངས་གཉིས་པ་ལན་ཀྲུ་ནས་བསྡུས་པ།

རིག་སྨོན་དཀོན་མཆོག མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-12-08

   
   ༡ སྟག་ལྷ་ཚེ་བརྟན།     ༢ དཔའ་རྩེ།      ༣ བདུད་ལྷ་རྒྱལ།   ༤ སྐུ་ཞབས་གངས་ཞུན།
  
   ནུབ་བྱང་མི་རིགས་སློབ་ཆེན་གྱི་ཚོགས་ཞུགས་སློབ་མ།
       མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡིས་འགན་བཞེས་ཤིང་རྨ་ལྷོ་ཁུལ་བོད་ཡིག་ཚགས་པར་ཁང་གིས་གཙོ་སྒྲུབ་བྱེད་རྒྱུ་ཡིན་པའི་རང་གྲོལ་ཅེས་པའི་དུས་དེབ་སྒྲུབ་སྟངས་ཐད་ཀྱི་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ་དེ་ཉེ་སྔོན་ཀན་སུའུ་ཞིང་ཆེན་གྱི་ལན་གྲུག་གྲོང་ཁྱེར་ནས་ཚོགས།    ཚོགས་འདུའི་སྟེང་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་བདུད་ལྷ་རྒྱལ་དང་དཔའ་རྩེ། སྟག་ལྷ་ཚེ་བརྟན།  དཔལ་མོ་སོགས་དགེ་སློབ་སུམ་ཅུར་ཉེ་བ་ཞུགས་ཡོད་ཅིང་།  རང་གྲོལ་དུས་དེབ་ཀྱི་འགན་འཛིན་པ་གཙོ་བོ་དེང་རབས་བོད་ཀྱི་སྙན་ངག་པ་སྐུ་ཞབས་གངས་ཞུན་དང་རྨ་ལྷོ་ཁུལ་ཚགས་ པར་ཁང་གི་རྩོམ་སྒྲིག་པ་རེ་རྐང་གླིང་།སྙན་ངག་པ་ས་དཀྱིལ་ཚེ་བཀྲ་བཅས་ཀྱང་ཞུགས་ཡོད།རང་གྲོལ་དུས་དེབ་ནི་མཚོ་སྔོན་ཞིང་ཆེན་རིག་གནས་ཐེན་དང་མཚོ་སྔོན་ཞིང་ཆེན་གསར་འགྱུར་དཔེ་སྐྲུན་ཅུའུ་གཉིས་ཀྱིས་ཆོག་མཆན་བཀོད་པ་བརྒྱུད་ནས་མི་འགྱངས་པར་བོད་ཁུལ་དུ་འགྲེམ་སྤེལ་བྱེད་རྩིས་ཡོད་པའི་བོད་ཡིག་གི་དུས་དེབ་གསར་བ་ཞིག་ཡིན་ལ།དུས་དེབ་འདིའི་མ་འོངས་ཁ་ཕྱོགས་བརྟན་པོ་ཡོང་བ་དང་། མ་འོངས་པར་དུས་དེབ་འདི་བོད་ཁུལ་ཀྱི་རྩོམ་རིག་བགྲོ་གླེང་དུས་དེབ་ལེགས་པོ་ཞིག་ཏུ་འགྱུར་བར་རྒྱ་ཆེའི་དགེ་སློབ་དག་གིས་རང་རང་གི་བསམ་ཚུལ་ལྷུག་པོར་བརྗོད་པ་ལ་དོན་སྙིང་གལ་ཆེན་འདུག  གཞན་དུས་དེབ་འདིའི་འགན་་འཛིན་པ་སྐུ་ཞབས་གངས་ཞུན་དང་རྩོམ་སྒྲིག་པ་རེ་རྐང་གླིང་སོགས་ཀྱིས་ཀྱང་དུས་དེབ་འདིའི་སྒྲུབ་སྟངས་དང་ནང་དོན། ཁ་ཕྱོགས་བཅས་ཀྱི་ཐད་ནས་ཚོགས་ཞུགས་མི་སྣ་ཡོངས་ལ་ངོ་སྤྲོད་ཞིབ་རྒྱས་གནང་བ་མ་ཟད། དུས་དེབ་འདི་བོད་ཁུལ་གྱི་མིག་སྔའི་དུས་དེབ་སྣ་ཚོགས་་དང་བསྡུར་ན་རྣམ་པ་དང་ཁྱད་ཆོས་སོགས་ཕྱོགས་གང་རུང་ནས་ཐོད་བརྒལ་གྱི་ཁྱད་ཆོས་མངོན་གསལ་ཡོད་པ་ཞིག་ཏུ་བསྒྱུར་བ་ལ་རྩོམ་སྒྲིག་པ་རེ་རེ་ནས་རང་ནུས་གང་ཡོད་འདོན་རྒྱུའི་ཆོད་སེམས་བརྟན་པོ་འདུག་གོ། །  

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རང་གྲོལ་ཅེས་པའི་དུས་དེབ་སྒྲུབ་སྟངས་ཐད་ཀྱི་བགྲོ་གླེང་འདུ་ཚོགས་ཐེངས་གཉིས་པ་ལན་ཀྲུ་ནས་བསྡུས་པ།

2010-12-08 རིག་སྨོན་དཀོན་མཆོག ཀློག་གྲངས། མཆན ཡོད།

   
   ༡ སྟག་ལྷ་ཚེ་བརྟན།     ༢ དཔའ་རྩེ།      ༣ བདུད་ལྷ་རྒྱལ།   ༤ སྐུ་ཞབས་གངས་ཞུན།
  
   ནུབ་བྱང་མི་རིགས་སློབ་ཆེན་གྱི་ཚོགས་ཞུགས་སློབ་མ།
       མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡིས་འགན་བཞེས་ཤིང་རྨ་ལྷོ་ཁུལ་བོད་ཡིག་ཚགས་པར་ཁང་གིས་གཙོ་སྒྲུབ་བྱེད་རྒྱུ་ཡིན་པའི་རང་གྲོལ་ཅེས་པའི་དུས་དེབ་སྒྲུབ་སྟངས་ཐད་ཀྱི་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ་དེ་ཉེ་སྔོན་ཀན་སུའུ་ཞིང་ཆེན་གྱི་ལན་གྲུག་གྲོང་ཁྱེར་ནས་ཚོགས།    ཚོགས་འདུའི་སྟེང་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་བདུད་ལྷ་རྒྱལ་དང་དཔའ་རྩེ། སྟག་ལྷ་ཚེ་བརྟན།  དཔལ་མོ་སོགས་དགེ་སློབ་སུམ་ཅུར་ཉེ་བ་ཞུགས་ཡོད་ཅིང་།  རང་གྲོལ་དུས་དེབ་ཀྱི་འགན་འཛིན་པ་གཙོ་བོ་དེང་རབས་བོད་ཀྱི་སྙན་ངག་པ་སྐུ་ཞབས་གངས་ཞུན་དང་རྨ་ལྷོ་ཁུལ་ཚགས་ པར་ཁང་གི་རྩོམ་སྒྲིག་པ་རེ་རྐང་གླིང་།སྙན་ངག་པ་ས་དཀྱིལ་ཚེ་བཀྲ་བཅས་ཀྱང་ཞུགས་ཡོད།རང་གྲོལ་དུས་དེབ་ནི་མཚོ་སྔོན་ཞིང་ཆེན་རིག་གནས་ཐེན་དང་མཚོ་སྔོན་ཞིང་ཆེན་གསར་འགྱུར་དཔེ་སྐྲུན་ཅུའུ་གཉིས་ཀྱིས་ཆོག་མཆན་བཀོད་པ་བརྒྱུད་ནས་མི་འགྱངས་པར་བོད་ཁུལ་དུ་འགྲེམ་སྤེལ་བྱེད་རྩིས་ཡོད་པའི་བོད་ཡིག་གི་དུས་དེབ་གསར་བ་ཞིག་ཡིན་ལ།དུས་དེབ་འདིའི་མ་འོངས་ཁ་ཕྱོགས་བརྟན་པོ་ཡོང་བ་དང་། མ་འོངས་པར་དུས་དེབ་འདི་བོད་ཁུལ་ཀྱི་རྩོམ་རིག་བགྲོ་གླེང་དུས་དེབ་ལེགས་པོ་ཞིག་ཏུ་འགྱུར་བར་རྒྱ་ཆེའི་དགེ་སློབ་དག་གིས་རང་རང་གི་བསམ་ཚུལ་ལྷུག་པོར་བརྗོད་པ་ལ་དོན་སྙིང་གལ་ཆེན་འདུག  གཞན་དུས་དེབ་འདིའི་འགན་་འཛིན་པ་སྐུ་ཞབས་གངས་ཞུན་དང་རྩོམ་སྒྲིག་པ་རེ་རྐང་གླིང་སོགས་ཀྱིས་ཀྱང་དུས་དེབ་འདིའི་སྒྲུབ་སྟངས་དང་ནང་དོན། ཁ་ཕྱོགས་བཅས་ཀྱི་ཐད་ནས་ཚོགས་ཞུགས་མི་སྣ་ཡོངས་ལ་ངོ་སྤྲོད་ཞིབ་རྒྱས་གནང་བ་མ་ཟད། དུས་དེབ་འདི་བོད་ཁུལ་གྱི་མིག་སྔའི་དུས་དེབ་སྣ་ཚོགས་་དང་བསྡུར་ན་རྣམ་པ་དང་ཁྱད་ཆོས་སོགས་ཕྱོགས་གང་རུང་ནས་ཐོད་བརྒལ་གྱི་ཁྱད་ཆོས་མངོན་གསལ་ཡོད་པ་ཞིག་ཏུ་བསྒྱུར་བ་ལ་རྩོམ་སྒྲིག་པ་རེ་རེ་ནས་རང་ནུས་གང་ཡོད་འདོན་རྒྱུའི་ཆོད་སེམས་བརྟན་པོ་འདུག་གོ། །  

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།