བོད་ཡིག་ཀུ་ཤུ་རྟགས་ཅན་གྱི་ཁ་པརiphoneསོགས་ནས་བེད་སྤྱོད་ཐུབ་པར་གྱུར་བ།

      ཨ་རིའི་ཀུ་ཤུ་ཀུང་ཟིས་ཟླ་འདིའི་ཚེས༢༣ཉིན་གྱི་མཚན་མོར་གསར་དུ་བཏོན་པའི་མ་ལག་གསར་བios4.2.1གི་ནང་དུ་བོད་ཡིག་གི་ཡིག་གཟུགས་དང་གཏགས་ཐབས་གསར་དུ་ཁ་སྣོན་བྱས་འདུག
       དུས་དེ་ནས་བཟུང་སྟེ་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཡོད་པའི་གནའ་བོའི་ཡིག་རྙིང་འདི་དེང་གི་ཆེས་སྔོན་ཐོན་ཡིན་པའི་བརྡ་འཕྲིན་ཡོ་ཆས་ཏེ། འཛམ་གླིང་གི་ས་གནས་སོ་སོ་ན་འཕྲོག་རྩོད་བྱས་ཏེ་ཉོ་བཞིན་པའི་ཀུ་ཤུ་རྟགས་ཅན་གྱི་ཁ་པར་རམ་ཡོངས་གྲགས་སུIphoneདུ་འབོད་པ་དེ་དང་། འཐེབ་གཞུང་དང་ཙི་ཙི་མི་དགོས་པའི་སྟབས་བདེའི་ལག་འཁྱེར་རྩིས་འཁོརIpadརུ་འབོད་པ་དེ། Iphoneགྱི་ཁ་པར་ཀྱི་ནུས་པ་མ་གཏོགས་གཞན་ཚང་མ་འཛོམས་པའི་ཡོ་བྱདIpodརུ་འབོད་པ་དེ་སོགས་སུ་དངོས་སུ་བེད་སྤྱོད་ཐུབ་པ་ཡིན་ཞིང་། མ་འོངས་པའི་བོད་ཡིག་གི་བརྡ་འཕྲིན་ལག་རྩལ་གོང་དུ་འཕེལ་བར་རྨང་གསར་བ་ཞིག་བཏིང་བའང་ཡིན་ནོ།། གཤམ་དུ་ངེད་དྲ་བས་Iphone4 བ་རུ་བོད་ཡིག་སྤྱོད་སྟངས་སྐོར་ནས་ཚོད་ལྟ་བྱས་པ་སྟེ།
  
   ཡིག་ཆའི་ཁུག་མ་དག་གི་ཁ་བྱང་བོད་ཡིག་གིས་འབྲི་ཐུབ་པ།
  
   བོད་ཡིག་གིས་འཕྲིན་ཐུང་སྐུར་བཞིན་པ།
  
   བོད་ཡིག་གི་རྩོམ་ཉར་ཚགས་བྱས་ཏེ་ཀློག་ཐུབ་པ།
  
   བོད་ཡིག་གི་དྲ་བར་གཟིགས་པ།
  
   འབྲེལ་བ་བྱེད་སའི་མི་སྣའི་དཀར་ཆག་ཀ་མད་ཀྱི་གོ་རིམ་ལྟར་བོད་ཡིག་གིས་བྲི་ཐུབ་པ།
   
   ཁ་པར་གཏོང་ཡུལ་གྱི་མཚན་བོད་ཡིག་ཏུ་བྲིས་པ།
          
            གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། བོད་ཡིག་ནི་མ་ལག་གསར་བ་དེར་སྤྱོད་ཐུབ་པའི་རང་རྒྱལ་གྱི་སྐད་ཡིག་གཉིས་པ་དེ་ཡིན་པ་དང་། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གཅིག་བུ་དེའང་ཡིན། རྩིས་འཁོར་ཆེད་མཁས་པས་སྡོམ་རྩིས་དང་ཞིབ་འཇུག་བྱས་པའི་འབྲས་བུ་ལྟར་ན། ད་ལྟ་བོད་ཡིག་ནི་འཛམ་གླིང་སྟེང་དངོས་སུ་བེད་སྤྱོད་བྱེད་བཞིན་པའི་ཡི་གེ་བརྒྱའི་གྲས་སུ་ཚུད་པ་དང་། དེང་རབས་ཀྱི་བརྡ་འཕྲིན་ལག་རྩལ་དུ་བེད་སྤྱོད་ཐུབ་པའི་ཡི་གེ་ལྔ་བཅུའི་གྲས་སུ་ཚུད་འདུག
             དེ་མིན་ཉིན་འགའི་སྔོན་ཏག་ཏག་ལ། བློ་བཟང་སྨོན་ལམ་ལགས་ཀྱིས་སྨོན་ལམ་ཚིག་མཛོད་ཅེས་པའི་རྩིས་འཁོར་དུ་བཀོལ་ཆོག་པའི་བོད་ཡིག་གི་ཚིག་མཛོད་ཆེན་མོ་ཞིག་བཟོས་འདུག་པ་དང་། རྩིས་འཁོར་མཁས་པ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ཀྱང་ཀུ་ཤུ་རྟགས་ཅན་གྱི་རྩིས་འཁོར་དུ་བེད་སྤྱོད་ཐུབ་པའི་ཧི་གཟུགས་ཀྱི་གཏགས་ཐབས་ཀྱང་གསར་དུ་བཟོས་ཚར་འདུག་པའི་གནས་ཚུལ་ཐོན་འདུག
             གལ་སྲིད་ཁྱེད་ཀྱིས་མ་ལག་གསར་བ་དེའི་བཀོལ་སྒོ་གཞན་དག་ལ་རྒྱུས་ལོན་བྱ་འདོད་ན་གཤམ་གྱི་དྲ་གནས་ལ་གཟིགས་པར་ཞུ།
                         www.apple.com.cn/ios/
                  
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་ཡིག་ཀུ་ཤུ་རྟགས་ཅན་གྱི་ཁ་པརiphoneསོགས་ནས་བེད་སྤྱོད་ཐུབ་པར་གྱུར་བ།

2010-11-25 ངེད་དྲ་བ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།