བོད་སོག་ཡུ་གུར་རིགས་ཀྱི་ན་གཞོན་རྩོམ་པ་པོའི་བགྲོ་གླེང་ཚོགས་འདུ་པེ་ཅིང་ནས་བསྡུས་པ།

 ཚོགས་འདུའི་ཟུར་ངོས་ཤིག
 
 ཚོགས་འདུའི་ཟུར་ངོས་ཤིག
 
 བོད་ཀྱི་རྩོམ་པ་པོ་བཀྲ་ཤིས་ཟླ་བ།
    
      ཕྱི་ལོ་ཉིས་སྟོང་བཅུ་གཅིག་ལོའི་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུའི་ཉིན་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྩོམ་རིག་གླིང་དང་«མི་རིགས་ཀྱི་རྩོམ་རིག»དུས་དེབ་ཁང་།  ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོའི་སློབ་ཚོགས་བཅས་ཀྱིས་གཙོ་སྒྲུབ་མཛད་པའི་བོད་རིགས་དང་སོག་རིགས།  ཡུ་གུར་རིགས་ཀྱི་ན་གཞོན་རྩོམ་པ་པོའི་བགྲོ་གླེང་ཚོགས་འདུ་དང་ཏོར་ནཱ་༼སོག་སྐད་དེ་ཤར་ཕྱོགས་ཀྱི་དོན།༽རྩོམ་རིག་བྱ་དགའི་དབུ་འབྱེད་མཛད་སྒོ་པེ་ཅིང་དུ་བསྡུས་ཤིང་དོན་གྲུབ་དབང་འབུམ་དང་བསྟན་འཛིན།   བཀྲ་ཤིས་ཟླ་བ།  བཀྲ་བྷ་སོགས་ཚོགས་འདུར་ཞུགས་ཡོད།    ཚོགས་འདུའི་ཐོག་ཏུ་ད་ལོར་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་པའི་རྒྱ་ཡིག་གི་ལམ་ནས་རྩོམ་འབྲི་གནང་བཞིན་པའི་བོད་རིགས་རྩོམ་པ་པོ་ཚེ་རིང་ནོར་བུ་གཙོས་པའི་ཉི་མ་ཕན་ཐོགས་དང་སྐལ་གཡང་།  ལྷ་བྱམས་རྒྱལ།  དབྱངས་སྐྱིད་སྒྲོལ་མ་སོགས་ཀྱི་བརྩམས་ཆོས་ལ་དཔྱད་བརྗོད་པ་དག་གི་གདེང་འཇོག་བྱས་ཤིང་«མི་རིགས་ཀྱི་རྩོམ་རིག»བོད་ཡིག་དུས་དེབ་ཀྱིས་ད་ལོའི་དེབ་བཞི་པར་སྤེལ་བའི་བོད་རིགས་ན་གཞོན་རྩོམ་པ་པོའི་ཆེད་བསྒྲིགས་ཀྱི་བརྩམས་ཆོས་དག་ལའང་དཔྱད་བརྗོད་མཛད།  ཡིན་ནའང་ལྷ་བྱམས་རྒྱལ་དང་དགའ་བདེ་ཚེ་རིང་ཕུད་པའི་རྩོམ་པ་པོ་ཚང་མ་རྒྱ་ཡིག་གི་ལམ་ནས་རྩོམ་འབྲི་མཁན་ཤ་སྟག་ཡིན་པས་བོད་ཡིག་གི་ཀློག་མཁན་དག་ལ་ཆ་རྒྱུས་མེད་ལ་དཔྱད་བརྗོད་དག་ཀྱང་རྒྱ་ཡིག་རྐྱང་བའི་ལམ་ནས་སྤེལ་བ།   གཞུང་ཕྱོགས་ཀྱི་འགྲོ་ལུགས་སུ་གྱུར་པའི་བགྲོ་གླེང་སྤེལ་ཕྱོགས་བཅས་ཀྱིས་ཚོགས་འདུ་འདི་ཉིད་མིང་གིས་བོད་ཀྱི་ན་གཞོན་རྩོམ་པ་པོའི་བགྲོ་གླེང་དུ་བཤད་ཡོད་ནའང་དོན་དུ་བོད་ཡིག་གི་ལམ་ནས་རྩོམ་འབྲི་བཞིན་པའི་རྩོམ་པ་པོ་དང་ཁ་ཐག་ཤིན་ཏུ་རིང་བར་འདུག་གོ།  འོན་ཀྱང་སོག་རིགས་ཀྱིས་སོག་ཡིག་གི་ལམ་ནས་རྩོམ་འབྲི་གནང་བཞིན་པར་སྒུལ་ཤུགས་སྦྱིན་པ་དང་སོག་པོའི་ཕ་སྐད་རྩོམ་རིག་ལ་སྐུལ་འདེད་གཏོང་ཆེད་བཙུགས་པའི་ད་སྔོན་ཀྲུང་གོའི་རྩོམ་རིག་བྱ་དགའི་གཟེངས་དངུལ་ཆེས་མཐོ་བའི་བྱ་དགའ༼ལོ་གཉིས་ལ་ཐེངས་རེར་གཟེངས་བསྟོད་ཆེན་མོ་ཐོབ་པའི་རྩོམ་པ་པོར་མི་དམངས་དངུལ་ལོར་འབུམ་གཅིག་དང་ཁྲི་གཉིས་རག་ཐུབ།  གཞན་ད་དུང་སྒྲུང་གཏམ་དང་སྙན་ངག་སོགས་བྱ་དགའ་མི་རེ་ལ་སྒོར་ཁྲི་ལྔ།  སྨྱུག་གསར་བྱ་དགའ་རག་མཁན་ལ་སྒོར་ཁྲི་གཉིས་བཅས་ཡོད།༽ཏོར་ནཱ་རྩོམ་རིག་བྱ་དགའ་ཞེས་པ་སྤེལ་བ་དེས་རང་རེའི་གོག་མ་ནུར་གྱི་རྩོམ་རིག་གསར་རྩོམ་གྱི་སྡེ་དང་ལྷག་པར་དུ་རིག་གནས་ཡར་སྤེལ་ལ་སེམས་ཤུགས་ཆེ་བའི་འབྱོར་ལྡན་དང་རིག་གནས་ལས་རིགས་གཉེར་མཁན་གྱི་དཔོན་པོ་དག་ལ་ཁ་ཡར་ལྟ་སའི་མིག་དཔེ་ཞིག་ཏུ་མི་འགྱུར་གྲང་མོད་དེ་ཙམ་གྱིས་ལས་ཀ་འདི་ཉིད་འགྲུབ་ཐུབ་མིན་པའང་ཤེས་པའི་གནས་སོ།   །
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་སོག་ཡུ་གུར་རིགས་ཀྱི་ན་གཞོན་རྩོམ་པ་པོའི་བགྲོ་གླེང་ཚོགས་འདུ་པེ་ཅིང་ནས་བསྡུས་པ།

2010-11-23 ལྡོམ་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།