བོད་ཀྱི་རྩོམ་པ་པོ་ཚེ་རིང་ནོར་བུར་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་པ།

      ཉེ་ལམ། བོད་ཀྱི་རྩོམ་པ་པོ་ཚེ་རིང་ནོར་བུ་ལགས་ཀྱི་བརྩམས་སྒྲུང༼ཚེ་ཐར་དུ་བཏང་བའི་ལུག༽ཞེས་པར་ཀྲུང་གོའི་སྐབས་ལྔ་བའི་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ། རྒྱ་ཡིག་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་བཀོད་པ་ལྟར་ན། ཚེ་རིང་ནོར་བུ་ལགས་ནི་རྒྱ་ཡིག་གི་ལམ་ནས་རྩོམ་འབྲི་མཁན་གྱི་བོད་རིགས་རྩོམ་པ་པོ་ཞིག་ཡིན་ཞིང་༡༩༨༡ལོར་བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་ཏུ་ཞུགས་པ་དང་། ༡༩༨༦ལོ་ནས་བཟུང་བོད་ལྗོངས་གསར་འགྱུར་ཁང་དང༼བོད་ཀྱི་རྩོམ་རིག༽ཅེས་པའི་རྒྱ་ཡིག་གི་དུས་དེབ་ཁང་ནས་ཕྱག་ལས་གནང་། ༢༠༠༩ལོར་གསར་རྩོམ་མཛད་པའི་སྒྲུང་ཐུང༼ཨ་མེ་རི་ཀ༽ཞེས་པ་དུས་དེབ་ཏུ་བཀོད་རྗེས༼ཀྲུང་གོའི་ལོ་རེའི་བརྩམས་སྒྲུང་གཅེས་བསྡུས༽ཞེས་པའི་དེབ་ཏུ་བདམས་འདུག ཁོང་ནི་ཐེངས་འདིར་བྱ་དགའ་དེ་ཐོབ་སའི་མི་རིགས་གྲངས་ཉུང་གི་རྩོམ་པ་པོ་གཅིག་བུ་ཡིན།
     ལུའུ་ཞུན་རྩོམ་རིག་བྱ་དགའ་ནི་ཀྲུང་གོ་ནང་ཁུལ་གྱི་མའོ་ཏུན་རྩོམ་རིག་བྱ་དགའི་འཕྲོ་ནས་རྒྱ་ཡིག་གི་རྩོམ་རིག་བྱ་དགའི་རིམ་པ་མཐོ་ཤོས་དེ་ཡིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་ཀྱི་རྩོམ་པ་པོ་ཚེ་རིང་ནོར་བུར་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་པ།

2010-10-22 ངེད་དྲ་བ། ཀློག་གྲངས། མཆན ཡོད།

      ཉེ་ལམ། བོད་ཀྱི་རྩོམ་པ་པོ་ཚེ་རིང་ནོར་བུ་ལགས་ཀྱི་བརྩམས་སྒྲུང༼ཚེ་ཐར་དུ་བཏང་བའི་ལུག༽ཞེས་པར་ཀྲུང་གོའི་སྐབས་ལྔ་བའི་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ། རྒྱ་ཡིག་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་བཀོད་པ་ལྟར་ན། ཚེ་རིང་ནོར་བུ་ལགས་ནི་རྒྱ་ཡིག་གི་ལམ་ནས་རྩོམ་འབྲི་མཁན་གྱི་བོད་རིགས་རྩོམ་པ་པོ་ཞིག་ཡིན་ཞིང་༡༩༨༡ལོར་བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་ཏུ་ཞུགས་པ་དང་། ༡༩༨༦ལོ་ནས་བཟུང་བོད་ལྗོངས་གསར་འགྱུར་ཁང་དང༼བོད་ཀྱི་རྩོམ་རིག༽ཅེས་པའི་རྒྱ་ཡིག་གི་དུས་དེབ་ཁང་ནས་ཕྱག་ལས་གནང་། ༢༠༠༩ལོར་གསར་རྩོམ་མཛད་པའི་སྒྲུང་ཐུང༼ཨ་མེ་རི་ཀ༽ཞེས་པ་དུས་དེབ་ཏུ་བཀོད་རྗེས༼ཀྲུང་གོའི་ལོ་རེའི་བརྩམས་སྒྲུང་གཅེས་བསྡུས༽ཞེས་པའི་དེབ་ཏུ་བདམས་འདུག ཁོང་ནི་ཐེངས་འདིར་བྱ་དགའ་དེ་ཐོབ་སའི་མི་རིགས་གྲངས་ཉུང་གི་རྩོམ་པ་པོ་གཅིག་བུ་ཡིན།
     ལུའུ་ཞུན་རྩོམ་རིག་བྱ་དགའ་ནི་ཀྲུང་གོ་ནང་ཁུལ་གྱི་མའོ་ཏུན་རྩོམ་རིག་བྱ་དགའི་འཕྲོ་ནས་རྒྱ་ཡིག་གི་རྩོམ་རིག་བྱ་དགའི་རིམ་པ་མཐོ་ཤོས་དེ་ཡིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།