ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་དཔལ་མོ་སོགས་ཀྱིས་གཞི་རིམ་ནས་གཞན་ཕན་གྱི་བྱེད་སྒོ་སྤེལ་བ།

    སྤྱི་ཟླ10བའི་ཚེས1ནས་ཚེས5བར་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་དཔལ་མོས་གཙོས་པའི་ཀན་སུའུ་དང་མཚོ་སྔོན་གྱི་བུད་མེད་བདུན་གྱིས་ངལ་གསོའི་དུས་ཚོད་བེད་སྤྱད་ནས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་བརྡལ་དུ་གཞན་ཕན་གྱི་བྱེད་སྒོ་སྤེལ་ཡོད།
     ཐེངས་འདིའི་བྱེད་སྒོར་ཞུགས་མཁན་ཞིང་ཆེན་གཉིས་ཀྱི་ལས་རིགས་མི་འདྲ་བའི་བུད་མེད་བདུན་ཡོད་པའི་ནང་དུ་ཆེད་ལས་སྨན་པ་གཉིས་ཡོད། ཁོ་ཚོས་སྔ་གཞུག་ཏུ་འཕྲང་དམར་གྲོང་བརྡལ་གྱི་སྡེ་བ་དགུའི་ནང་བསྡོམས་པས་བུད་མེད136ལ་སྐྱེ་ལུགས་འཕེལ་འགོག་དང་འབྱུང་གཞི་བདེ་ཐང༌། མ་བུ་བདེ་སྲུང༌། དེ་མིན་ཨེ་ཙི་སོགས་ཉེན་ཁ་ཆེས་པའི་འགོས་ནད་སྣ་ཚོགས་ཀྱི་འབྱུང་རྐྱེན་དང་འགོས་ནད་དེ་རིགས་སྔོན་འགོག་བྱེད་ཐབས་ཀྱི་ཐད་ནས་འཕྲོད་བསྟེན་རྒྱུན་ཤེས་བསྒྲགས་པ་མ་ཟད། བསྡོམས་པས་རིན་གོང་དམངས་སྒོར3000ལྷག་གི་སྨན་སྣ་ཚོགས་དང་ནང་གོས་དོར་ཐུང༌། ལག་ཕྱིས་སོགས་འཕྲོད་བསྟེན་ཡོ་བྱད་གང་མང་བྱིན།
        ཐེངས་འདིའི་བྱེད་སྒོར་ཁོ་ཚོ་བདུན་པོ་ལས་གཞན་ད་དུང་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་མ་བུ་མོ་གཉིས་ཡང་ཞུགས་ཡོད།
         ཁོ་ཚོས་བྱེད་སྒོ་འདི་སྤེལ་བའི་ཞོར་ལ་ཁྱིམ་ཚང་དུ་མར་ཉམས་ཞིབ་བྱས་ཏེ་དྭ་ཕྲུག་དང་དབང་བོ་སྐྱོན་ཅན་གྱི་བྱིས་པར་ཅི་ནུས་སྒོས་རོགས་རམ་བྱེད་རྒྱུ་དམིགས་སུ་བཟུང་ཡོད་སྟབས། འཕྲང་དམར་གྲོང་བརྡལ་གྱི་རྐ་མགོ་གཞུང་སྡེ་བའི་སློབ་མ་རྣམ་རྒྱལ་མཚོ་ཇི་ལྟར་དྭ་ཕྲུག་ལ་གྱུར་པའི་གནས་ཚུལ་རྟོགས་རྗེས་སོ་སོའི་འཛོམས་ཚད་ལ་བརྟེན་ནས་སྒོར300སྤྲད་པ་མ་ཟད། ཁོ་མོའི་མ་འོངས་པའི་སློབ་ཡོན་ཐད་རོགས་སྐྱོར་བྱེད་རྒྱུ་ཁས་བླངས་པ་རེད།
ལ་འགྲོ་ཞོལ་མ་སྡེ་བར་འཕྲོད་བསྟེན་རྒྱུན་ཤེས་སྒྲོག་བཞིན་པ།

ལ་འགྲོ་གོང་མ་སྡེ་བའི་བུད་མེད་རྣམས་དང་ལྷན་དུ་བསྐྱོན་པའི་པར།

རྐ་འགོ་གཞུང་སྡེ་བར་འཕྲོད་བསྟེན་རྒྱུན་ཤེས་སྒྲོག་བཞིན་པ།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་དཔལ་མོ་སོགས་ཀྱིས་གཞི་རིམ་ནས་གཞན་ཕན་གྱི་བྱེད་སྒོ་སྤེལ་བ།

2010-10-15 མཁར་མོ་རྒྱལ། ཀློག་གྲངས། མཆན ཡོད།

    སྤྱི་ཟླ10བའི་ཚེས1ནས་ཚེས5བར་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་དཔལ་མོས་གཙོས་པའི་ཀན་སུའུ་དང་མཚོ་སྔོན་གྱི་བུད་མེད་བདུན་གྱིས་ངལ་གསོའི་དུས་ཚོད་བེད་སྤྱད་ནས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་བརྡལ་དུ་གཞན་ཕན་གྱི་བྱེད་སྒོ་སྤེལ་ཡོད།
     ཐེངས་འདིའི་བྱེད་སྒོར་ཞུགས་མཁན་ཞིང་ཆེན་གཉིས་ཀྱི་ལས་རིགས་མི་འདྲ་བའི་བུད་མེད་བདུན་ཡོད་པའི་ནང་དུ་ཆེད་ལས་སྨན་པ་གཉིས་ཡོད། ཁོ་ཚོས་སྔ་གཞུག་ཏུ་འཕྲང་དམར་གྲོང་བརྡལ་གྱི་སྡེ་བ་དགུའི་ནང་བསྡོམས་པས་བུད་མེད136ལ་སྐྱེ་ལུགས་འཕེལ་འགོག་དང་འབྱུང་གཞི་བདེ་ཐང༌། མ་བུ་བདེ་སྲུང༌། དེ་མིན་ཨེ་ཙི་སོགས་ཉེན་ཁ་ཆེས་པའི་འགོས་ནད་སྣ་ཚོགས་ཀྱི་འབྱུང་རྐྱེན་དང་འགོས་ནད་དེ་རིགས་སྔོན་འགོག་བྱེད་ཐབས་ཀྱི་ཐད་ནས་འཕྲོད་བསྟེན་རྒྱུན་ཤེས་བསྒྲགས་པ་མ་ཟད། བསྡོམས་པས་རིན་གོང་དམངས་སྒོར3000ལྷག་གི་སྨན་སྣ་ཚོགས་དང་ནང་གོས་དོར་ཐུང༌། ལག་ཕྱིས་སོགས་འཕྲོད་བསྟེན་ཡོ་བྱད་གང་མང་བྱིན།
        ཐེངས་འདིའི་བྱེད་སྒོར་ཁོ་ཚོ་བདུན་པོ་ལས་གཞན་ད་དུང་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་མ་བུ་མོ་གཉིས་ཡང་ཞུགས་ཡོད།
         ཁོ་ཚོས་བྱེད་སྒོ་འདི་སྤེལ་བའི་ཞོར་ལ་ཁྱིམ་ཚང་དུ་མར་ཉམས་ཞིབ་བྱས་ཏེ་དྭ་ཕྲུག་དང་དབང་བོ་སྐྱོན་ཅན་གྱི་བྱིས་པར་ཅི་ནུས་སྒོས་རོགས་རམ་བྱེད་རྒྱུ་དམིགས་སུ་བཟུང་ཡོད་སྟབས། འཕྲང་དམར་གྲོང་བརྡལ་གྱི་རྐ་མགོ་གཞུང་སྡེ་བའི་སློབ་མ་རྣམ་རྒྱལ་མཚོ་ཇི་ལྟར་དྭ་ཕྲུག་ལ་གྱུར་པའི་གནས་ཚུལ་རྟོགས་རྗེས་སོ་སོའི་འཛོམས་ཚད་ལ་བརྟེན་ནས་སྒོར300སྤྲད་པ་མ་ཟད། ཁོ་མོའི་མ་འོངས་པའི་སློབ་ཡོན་ཐད་རོགས་སྐྱོར་བྱེད་རྒྱུ་ཁས་བླངས་པ་རེད།
ལ་འགྲོ་ཞོལ་མ་སྡེ་བར་འཕྲོད་བསྟེན་རྒྱུན་ཤེས་སྒྲོག་བཞིན་པ།

ལ་འགྲོ་གོང་མ་སྡེ་བའི་བུད་མེད་རྣམས་དང་ལྷན་དུ་བསྐྱོན་པའི་པར།

རྐ་འགོ་གཞུང་སྡེ་བར་འཕྲོད་བསྟེན་རྒྱུན་ཤེས་སྒྲོག་བཞིན་པ།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།