སྐབས་གསུམ་པའི་བོད་ཀྱི་བུ་མོ་སློབ་ཆེན་པའི་གསོ་སྦྱོང་ཚོགས་འདུ་ནུབ་བྱང་མི་རིགས་སློབ་ཆེན་ནས་བསྡུས་པ།


       
       ཟླ༧པའི་ཚེས༤ཉིན་ནུབ་བྱང་མི་རིགས་སློབ་ཆེན་བོད་ཡིག་སློབ་གླིང་ནས་སྐབས་གསུམ་པའི་བུ་མོ་སློབ་ཆེན་པའི་གསོ་སྦྱོང་ཚོགས་འདུ་བསྡུས། ཐེངས་འདིའི་བྱ་འགུལ་ལ་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐུན་གྱི་མཁའ་མོ་རྒྱལ་དང་ཀན་སུའུ་ཞིང་ཆེན་མི་དམངས་སྨན་ཁང་གསུམ་པའི་སྨན་པ་སྐྱིད་འཚོ། ནུབ་བྱང་མི་རིགས་སློབ་ཆེན་གྱི་དེང་རབས་སློབ་གསོ་ལག་རྩལ་སློབ་གླིང་གི་དགེ་རྒན་སྐལ་བཟང་འཚོ། བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་དགེ་རྒན་དཔལ་མོ་དང་བུ་མོ་སློབ་མ་བརྒྱད་ཅུ་ལྷག་ཞུགས། 
        
       བྱ་འགུལ་འདི་ནི་བོད་ཀྱི་དེང་རབས་བུ་མོ་སློབ་ཆེན་པ་རྣམས་ལུས་སེམས་བདེ་ཐང་ངང་འཚར་ལོངས་འབྱུང་བར་དམིགས་ཏེ་སྤེལ་བ་ཡིན་པས་ན། སྨན་པ་སྐྱིད་འཚོ་ལགས་ཀྱིས་བུ་མོ་ཚོའི་སྐྱེ་འཕེལ་མ་ལག་གི་གྲུབ་ཚུལ་དང་ནུས་པ། ཟླ་མཚན་དང་སྦྲུམ་འགོག་ཤེས་བྱ་བསྒྲགས་པ་བརྒྱུད་ནས་སྐྱེ་ཁམས་འཕྲོད་བསྟེན་དང་བདེ་སྲུང་ཤེས་བྱའི་སྐོར་ནས་ཚན་རིག་དང་མཐུན་པར་མཛུབ་སྟོན་བྱས་པ་དང༌། ལོ་འདི་འགར་སློབ་མའི་སློབ་སྦྱོང་ བྱེད་ཐབས་དང་ལྷག་པར་བོད་ཡིག་གི་ཆུ་ཚད་ཇེ་དམའ་དང་མཐར་ཕྱིན་དཔྱད་རྩོམ་གྱི་སྤུས་ཀ་ཇེ་ཞན་ཡིན་པའི་གནད་དོན་ལ་དམིགས་ཏེ་དགེ་རྒན་སྐལ་བཟང་འཚོ་དང་དཔལ་མོས་གོ་རིམ་ལྡན་པའི་སྒོ་ནས་དཔྱད་རྩོམ་འབྲི་ བར་ཐོག་མར་དཔེ་ཆ་ཀློག་ཐབས་དང་རྒྱུ་ཆ་འཚོལ་སྟངས། དབྱེ་ཞིབ་དང་ཞིབ་འཇུག་བྱེད་ཐབས་སོགས་ཆ་ཡོངས་ནས་དཔེ་མང་བོ་དྲངས་ཏེ་མཛུབ་སྟོན་གང་ལེགས་བྱས། མཁའ་མོ་རྒྱལ་གྱིས་མ་འོངས་སྤྱི་ཚོགས་ལས་གནས་ལ་ཞུགས་པར་ད་ལྟ་ནས་བཟུང་ཕྱོགས་ཡོངས་ནས་རྨང་གཞི་འདིང་དགོས་པ་དང༌། རང་ཉིད་ཀྱི་དངོས་ཡོད་སྤྱི་ཚོགས་འཚོ་བའི་ཉམས་མྱོང་དང་སྦྲགས་ཏེ་སློབ་མ་བུ་མོ་ཚོར་ཁ་ཏ་མང་བོ་གནང་བས་ཚོགས་ཞུགས་སློབ་མ་ཚོའི་དགའ་བསུ་ཐོབ་མ་ཟད། རང་རང་ལ་སློབ་སྦྱོང་དང་འཚོ་བའི་ཐད་གནས་པའི་དོགས་གཞི་མང་བོ་དྲིས་ཤིང་དགེ་རྒན་རྣམ་པས་ལྷག་བསམ་རྣམ་དག་གིས་ལན་བཏབས་ཏེ་ཚོགས་ཡུན་ཆུ་ཚོད་གསུམ་ལྷག་འགོར། 
         
       བུ་མོ་སྐོར་ཞིག་གིས་ཐེངས་འདིར་ཐེངས་སྔོན་མ་དང་བསྡུར་ནའང་ཁ་ཚ་དགོས་གཏུག་ཏུ་གྱུར་པའི་གནད་དོན་མང་བོ་རྟོགས་ཐུབ་པ་བྱུང་བས་བྱ་འགུལ་འདི་མུ་མཐུད་དུ་སྤེལ་བའི་རེ་བ་ཞུས་མོད། དགེ་རྒན་དཔལ་མོས་ འདི་ནི་རང་རེའི་སློབ་གླིང་ནང་ཆེས་མཐའ་མར་སྤེལ་བའི་བུ་མོ་ཚོའི་བྱ་འགུལ་ཡིན་ཞེས་གཟབ་ནན་གྱིས་བརྗོད་པར་བལྟས་ན་ཁོང་མོར་གཞི་རིམ་སོགས་ས་ཆ་གཞན་དག་ནས་སྤེལ་བའི་འཆར་གཞི་ཡོད་པའང་རྟོགས་ཐུབ།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐབས་གསུམ་པའི་བོད་ཀྱི་བུ་མོ་སློབ་ཆེན་པའི་གསོ་སྦྱོང་ཚོགས་འདུ་ནུབ་བྱང་མི་རིགས་སློབ་ཆེན་ནས་བསྡུས་པ།

2010-07-11 མི་གསལ། ཀློག་གྲངས། མཆན ཡོད།


       
       ཟླ༧པའི་ཚེས༤ཉིན་ནུབ་བྱང་མི་རིགས་སློབ་ཆེན་བོད་ཡིག་སློབ་གླིང་ནས་སྐབས་གསུམ་པའི་བུ་མོ་སློབ་ཆེན་པའི་གསོ་སྦྱོང་ཚོགས་འདུ་བསྡུས། ཐེངས་འདིའི་བྱ་འགུལ་ལ་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐུན་གྱི་མཁའ་མོ་རྒྱལ་དང་ཀན་སུའུ་ཞིང་ཆེན་མི་དམངས་སྨན་ཁང་གསུམ་པའི་སྨན་པ་སྐྱིད་འཚོ། ནུབ་བྱང་མི་རིགས་སློབ་ཆེན་གྱི་དེང་རབས་སློབ་གསོ་ལག་རྩལ་སློབ་གླིང་གི་དགེ་རྒན་སྐལ་བཟང་འཚོ། བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་དགེ་རྒན་དཔལ་མོ་དང་བུ་མོ་སློབ་མ་བརྒྱད་ཅུ་ལྷག་ཞུགས། 
        
       བྱ་འགུལ་འདི་ནི་བོད་ཀྱི་དེང་རབས་བུ་མོ་སློབ་ཆེན་པ་རྣམས་ལུས་སེམས་བདེ་ཐང་ངང་འཚར་ལོངས་འབྱུང་བར་དམིགས་ཏེ་སྤེལ་བ་ཡིན་པས་ན། སྨན་པ་སྐྱིད་འཚོ་ལགས་ཀྱིས་བུ་མོ་ཚོའི་སྐྱེ་འཕེལ་མ་ལག་གི་གྲུབ་ཚུལ་དང་ནུས་པ། ཟླ་མཚན་དང་སྦྲུམ་འགོག་ཤེས་བྱ་བསྒྲགས་པ་བརྒྱུད་ནས་སྐྱེ་ཁམས་འཕྲོད་བསྟེན་དང་བདེ་སྲུང་ཤེས་བྱའི་སྐོར་ནས་ཚན་རིག་དང་མཐུན་པར་མཛུབ་སྟོན་བྱས་པ་དང༌། ལོ་འདི་འགར་སློབ་མའི་སློབ་སྦྱོང་ བྱེད་ཐབས་དང་ལྷག་པར་བོད་ཡིག་གི་ཆུ་ཚད་ཇེ་དམའ་དང་མཐར་ཕྱིན་དཔྱད་རྩོམ་གྱི་སྤུས་ཀ་ཇེ་ཞན་ཡིན་པའི་གནད་དོན་ལ་དམིགས་ཏེ་དགེ་རྒན་སྐལ་བཟང་འཚོ་དང་དཔལ་མོས་གོ་རིམ་ལྡན་པའི་སྒོ་ནས་དཔྱད་རྩོམ་འབྲི་ བར་ཐོག་མར་དཔེ་ཆ་ཀློག་ཐབས་དང་རྒྱུ་ཆ་འཚོལ་སྟངས། དབྱེ་ཞིབ་དང་ཞིབ་འཇུག་བྱེད་ཐབས་སོགས་ཆ་ཡོངས་ནས་དཔེ་མང་བོ་དྲངས་ཏེ་མཛུབ་སྟོན་གང་ལེགས་བྱས། མཁའ་མོ་རྒྱལ་གྱིས་མ་འོངས་སྤྱི་ཚོགས་ལས་གནས་ལ་ཞུགས་པར་ད་ལྟ་ནས་བཟུང་ཕྱོགས་ཡོངས་ནས་རྨང་གཞི་འདིང་དགོས་པ་དང༌། རང་ཉིད་ཀྱི་དངོས་ཡོད་སྤྱི་ཚོགས་འཚོ་བའི་ཉམས་མྱོང་དང་སྦྲགས་ཏེ་སློབ་མ་བུ་མོ་ཚོར་ཁ་ཏ་མང་བོ་གནང་བས་ཚོགས་ཞུགས་སློབ་མ་ཚོའི་དགའ་བསུ་ཐོབ་མ་ཟད། རང་རང་ལ་སློབ་སྦྱོང་དང་འཚོ་བའི་ཐད་གནས་པའི་དོགས་གཞི་མང་བོ་དྲིས་ཤིང་དགེ་རྒན་རྣམ་པས་ལྷག་བསམ་རྣམ་དག་གིས་ལན་བཏབས་ཏེ་ཚོགས་ཡུན་ཆུ་ཚོད་གསུམ་ལྷག་འགོར། 
         
       བུ་མོ་སྐོར་ཞིག་གིས་ཐེངས་འདིར་ཐེངས་སྔོན་མ་དང་བསྡུར་ནའང་ཁ་ཚ་དགོས་གཏུག་ཏུ་གྱུར་པའི་གནད་དོན་མང་བོ་རྟོགས་ཐུབ་པ་བྱུང་བས་བྱ་འགུལ་འདི་མུ་མཐུད་དུ་སྤེལ་བའི་རེ་བ་ཞུས་མོད། དགེ་རྒན་དཔལ་མོས་ འདི་ནི་རང་རེའི་སློབ་གླིང་ནང་ཆེས་མཐའ་མར་སྤེལ་བའི་བུ་མོ་ཚོའི་བྱ་འགུལ་ཡིན་ཞེས་གཟབ་ནན་གྱིས་བརྗོད་པར་བལྟས་ན་ཁོང་མོར་གཞི་རིམ་སོགས་ས་ཆ་གཞན་དག་ནས་སྤེལ་བའི་འཆར་གཞི་ཡོད་པའང་རྟོགས་ཐུབ།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།