གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཞོན་ནུ་རྩོམ་པ་པོ་ཧྭན་ཧན་གྱིས་སྙན་ངག་པ་ཚོར་འགྱོད་བཤགས་བྱས་པ།

2010-06-14 02:04:00 སྐྱ་བོ། ཀློག་གྲངས། མཆན ཡོད།

      
     ཉེ་ལམ། གཞོན་ནུ་རྩོམ་པ་པོ་དང་པོད་ཁུག་པ། འགྲན་འཁོར་བ་ཧྭན་ཧན་གྱིས་རང་གི་པོད་ཁུག་ཏུ་རྩོམ་ཡིག་སྤེལ་ཏེ། དེང་རབས་སྙན་ངག་དང་དེང་རབས་སྙན་ངག་པར་འགྱོད་བཤགས་བྱས་འདུག དེ་འང་ལོ་ངོ་བཞིའི་སྔོན་དུ། རྒྱ་ནང་གི་གཞོན་ནུ་ལོ་ཆུང་མང་པོའི་ཡིད་ཀྱི་ཞེན་རྟེན་དུ་གྱུར་བའི་ཧྭན་ཧན་གྱིས་སྐབས་དེའི་གླེང་ཕྱོགས་ཤིག་གི་རྒྱབ་རྩ་ནས་ལངས་ཏེ། <<དེང་རབས་སྙན་ངག་དང་དེང་རབས་སྙན་ངག་པ་ཚོ་ཅིའི་ཕྱིར་ད་དུང་ཡོད་པ་ཡིན་ནམ>>ཞེས་པ་དང་། <<སྙན་ངག་པ་དང་རྐྱལ་སྟོང་གཉིས་ཚོ་ཁག་གཅིག་གི་མི་རུ་བལྟ་བར་བྱ>>སོགས་རྩོམ་ཡིག་བྲིས་ཏེ། བུད་མེད་སྙན་ངག་པ་ཀྲའོ་ལི་ཧྭ་གཙོ་བྱས་པའི་ཁ་སྐད་སྙན་ངག་འབྲི་མཁན་ཚོར་དགག་གཞག་དང་འཕྱ་དམོད་བྱས་པ་རེད།
      ཐེངས་འདིར་ཧྭན་ཧན་གྱིས་རང་གིས་ཅི་ཡང་མ་ཤེས་པའི་རྐྱེན་གྱིས་སྐབས་དེར་ལྟ་བ་དེ་འདྲ་བཟུང་བ་ཁས་བླངས་འདུག་པ་དང་ཁོ་རང་གི་ཀློག་པ་པོ་ཚོས་ཀྱང་ནོར་འཁྲུལ་དེ་ཡོ་བསྲང་བྱ་བའི་གྲོས་གཞི་བཏོན་འདུག བུད་མེད་སྙན་ངག་པ་ཀྲའོ་ལི་ཧྭ་ཡིས་ཀྱང་ཁོ་རང་ནར་སོན་འདུག་ཅེས་ཧྭན་ཧན་གྱི་འགྱོད་བཤགས་དེ་ཤུགས་ནས་དང་ལེན་བྱས་འདུག
      ཧྭན་ཧན་ནི་ཀྲུང་གོ་ཡོངས་ནས་པོད་ཁུག་གི་ཀློག་མཁན་ཆེས་མང་པའི་མི་ཡིན་ལ། དེང་གི་གཙོ་རྒྱུགས་རིག་གནས་ལ་འགྲན་སློང་བར་ཕོད་ཅིང་། སྨྱན་ལམ་སོགས་ཀྱི་བཅར་འདྲི་དང་ལེན་མི་བྱེད་པའི་ལོ་རབས་བརྒྱད་ཅུ་བའི་ནང་སྐྱེས་པའི་གཞོན་ནུ་རྩོམ་པ་པོ་ཞིག་ཡིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།