༼བརྩེ་དུང༽ཞེས་པའི་ལོ་དེབ་པར་དུ་བསྐྲུན་པ།

    ཉེ་ལམ། ༼བརྩེ་དུང༽ཞེས་པའི་ལོ་དེབ་པར་དུ་བསྐྲུན་ཟིན་པའི་གནས་ཚུལ་དྲ་ངོས་སུ་བཀོད་འདུག གཤམ་དུ་གསལ་བ་ནི་ལོ་དེབ་དེ་དང་འབྲེལ་བའི་རྩོམ་ཐུང་ཞིག་གོ།    
                                           
            དུངས་བའི་ཁུ་ཁྲག

                                                                                 ——ཐོག་མའི་གླེང་གཞི་དང་འབྲེལ་བའི་གཏམ་ཐུང་།
 ནོར་འཛིན་སྒེག་མོའི་པང་གཞུང་དུ་གསོན་གྱིན་པའི་སྐྱེ་འགྲོ་སུ་ཞིག་ཡིན་རུང་སེམས་ཀྱི་ཟབ་ས་ནས་འབར་ཏེ་ལུས་ཀྱི་རྩ་ལམ་ན་ཁྱབ་བཞིན་ཡོད་པ་དང་། སྙིང་གི་གཅེས་ས་ནས་འཁྱིལ་ཏེ་མགྲིན་པའི་ངག་སྒོ་ན་འཐོན་བཞིན་ཡོད་པ་ནི་ཐུན་མོང་གི་མཚོན་དོན་གཅིག་པུ་སྟེ། མིང་ནས་ལྗེན་པར་བོས་ན་དོགས་མི་བདེ་བའི་གོམས་སྲོལ་འཐུག་ཀྱང་དགོས་དབང་དང་དགའ་ཞེན་གྱིས་ཐད་ཀར་བརྗོད་ན“བརྩེ་དུང”ཞེས་པ་དེ་རེད། དེ་ནི་སྤྲ་དང་སྤྲེའུ་མ་འདུས་པའི་གོང་རོལ་གོང་རོལ་ཞིག་སྟེ་གང་གཉིས་མ་གཏོགས་སེམས་ཅན་གཞན་པ་གཅིག་ཀྱང་ཡོད་མ་མྱོང་བའི་དུས་སྐབས་དེ་ནས་མགོ་འབུས་ཤིང་། སེམས་ཅན་ཕོ་མོ་གཉིས་ཕྱོགས་ཀྱི་དུམ་ཚད་སོ་སོར་མི་འཐོར་བའི་འབྲེལ་ཚུགས་པ་ནས་ལག་ཆགས་ཏེ་རྒན་དར་གཞོན་གསུམ་གྱི་བྲང་གི་དྲོད་ས་ཀུན་ན་ལྡིང་བཞིན་ཡོད་པ་རེད།
  མི་ཡི་ཤེས་རིག་གོ་རྟོགས་ཇེ་མཐོར་ཕྱིན་པ་དང་བསྟུན་ནས་བརྩེ་དུང་གི་སྣང་ཚུལ་ལའང་འགྱུར་བ་དང་འཕེལ་རྒྱས་ཤུགས་ཆེན་ཕྱིན་ཏེ་སྐད་དང་བརྡ་ཡི་སྟོན་ལུགས་ཀྱི་སྐོར་དང་། སེམས་དང་སྙིང་གི་བརྩེ་ལུགས་ཀྱི་ཚུལ། གཏམ་དང་ལུས་ཀྱི་འབྲེལ་ལུགས་ཀྱི་བབ་སོགས་ཕྱོགས་གང་ཐད་ནས་ལྟོས་འཇོག་གི་གོ་རིམ་ངེས་ཅན་ཞིག་ཏུ་བརྒྱུད་བཞིན་པ་རེད་ལ། སྣང་ཚུལ་གྱི་བསམ་སྦྱོར་ཅི་རིགས་པའང་གནས་ལུགས་དང་རྒྱང་དུ་བཀྱེད་ནས་དཀར་གཙང་ཅ་དག་པོའི་བརྩེ་དུང་རྣལ་མ་ཞིག་སེམས་ཀྱི་གཤིས་ལུགས་སུ་འགོས་ཀྱིན་ཡོད་པ་རེད། དེ་དག་ལ་ཧྲིལ་གྱིས་བལྟས་ན་མི་དང་མིའི་འབྲེལ་ལམ་ཟབ་མོ་ཞིག་ཇེ་གསལ་འགྲོ་བཞིན་ཡོད་པ་དང་།  སྤྱི་ཚོགས་ཡོངས་སུ་རང་རང་གི་གནས་མལ་བཟུང་ནས་ཞི་འཇམ་ལྷོད་ཡངས་ཀྱི་འཚོ་བ་ཉམས་དགའ་བ་རེ་སྐྱེལ་བཞིན་ཡོད་པ་སོགས་ཀྱིས་འཆམ་མཐུན་དང་ཞི་བདེ་ལ་མཐུན་རྐྱེན་གྱི་རྨང་གཞི་བརྟན་པོ་ཞིག་འཛུགས་ཀྱིན་ཡོད་པའང་སྨོས་མ་དགོས་པ་རེད་ལ། བརྩེ་དུང་གི་ཟློས་གར། བརྩེ་དུང་གི་གློག་བརྙན། བརྩེ་དུང་གི་གླེང་མོལ། བརྩེ་དུང་གི་ཆེད་དེབ།  བརྩེ་དུང་གི་དྲྭ་ཚིགས་སོགས་སྔོན་ཐོན་མི་རིགས་ཀྱི་ཁོར་ཡུག་དག་ན་རྒྱུགས་ཆེ་ཞིང་ཀུན་གྱིས་དོ་སྣང་བྱེད་བཞིན་པ་དང་།  ཉམས་མྱོང་གི་གོ་རིམ་ཁྲོད་ནས“བརྩེ་དུང་མེད་ན་འཚོ་བ་ལ་འོད་སྣང་མེད”ཅེས་པའི་སྡོམ་ཚིག་འཇོག་པ་སོགས་ནི་རིག་གནས་དང་རིག་གནས་བསྡུར་ཞིང་བསམ་བློ་དང་བསམ་བློ་བསྡུར་ནས་ཐོན་པ་ཤ་སྟག་ཡིན་གཤིས་གནས་ལུགས་དང་རྒྱུ་མཚན་རྩ་བ་ནས་མེད་ཅེས་གཡུག་ག་ལ་རུང་།
  འོན་ཏེ་འུ་ཚོའི་བརྒྱུད་སྲོལ་གྱི་ཁོར་ཡུག་གུ་དོག་པོ་ནི་དེ་འདྲ་ཞིག་གཞི་ནས་མིན་པར་ཁྲེལ་མེད་རྩུབ་སྦྱོར་ལ་ཉེ་བའི་སྲེད་སྤྱོད་དང་ཡིད་འོང་བྱམས་བརྩེ་ལ་བཅར་བའི་བརྩེ་དུང་གི་ངོ་བོ་ཁ་ཁར་བགར་བཞིན་མེད་ལ་བརྩེ་དུང་གི་རིན་ཐང་དང་ངོ་བོ་ཡང་དག་པ་ཞིག་རྩ་བ་ནས་ཤེས་ཀྱི་ཡོད་པ་མ་རེད། དེའི་དབང་གིས་སྤྱི་རིགས་ནས་བཤད་ན་འུ་ཚོའི་སྡེ་བར་བརྩེ་དུང་གི་མཁའ་དབུགས་གཙང་མ་ཞིག་ཆགས་ཐུབ་མེད་ཅིང་།  གྲགས་ཆེ་བའི་བརྩེ་དུང་ཆེད་དེབ་ཅིག་ནི་དེ་བས་ཀྱང་བྱུང་མྱོང་ཡོད་པ་མ་རེད།  ཡང་གཅིག་བཤད་ན་ཁ་ཁོག་ཐོད་ཐུག་གི་སྙན་ངག་པ“རིག་འཛིན་ཚངས་རྒྱམ”སོགས་གཞོན་དྲི་བྲོ་བའི་རྩོམ་པ་པོ་རེ་འགས་སྒེར་དང་སྤྱི་པའི་ཤོག་ལྷེ་ནས་བརྩེ་དུང་གི་བྲིས་རྩོམ་ཐར་ཐོར་བཀོད་མྱོང་ཡོད་མོད། བོད་ཀྱི་མི་ཁ་སྟོབས་པོ་ཆེས་འབུར་འཇོམས་བྱས་ཏེ་བརྩེ་དུང་གི་ཁོར་ཡུག་བརྟན་པོ་ཞིག་ཁྱོན་ནས་ཆགས་སུ་བཅུག་མེད།   རེད་དེ་ན་གཞོན་གྱི་རླབས་དང་དུས་རབས་ཀྱི་འོད་སོགས་ཀྱིས་གསར་སྐྱེས་གཞོན་པའི་ཚིགས་མཚམས་འདི་ནས་འུ་ཚོ་བོད་ཁུལ་ལའང་སྔར་དང་མི་མཚུངས་བའི་འགྱུར་བ་ཐེབས་ཏེ་བརྩེ་དུང་གི་ངོས་འཛིན་གསལ་ལ་མི་གསལ་བ་ཞིག་རིམ་གྱིས་ཤེས་ཀྱིན་ཡོད་ལ། བརྩེ་དུང་གི་རྩོམ་འབྲི་བ་ཡང་ཇེ་མང་ནས་ཇེ་མང་འགྲོ་བཞིན་ཡོད་པ་རེད། དེ་དག་ནི་གཞི་རྒྱ་ཆེ་ས་ནས་སྨྲ་བརྗོད་དང་བསམ་བློ་རང་དབང་གི་གོ་རྟོགས་སད་པའི་སྔོན་བརྡ་དགའ་འོས་པ་ཞིག་རེད་ལ། ཟུར་ནས་བརྩེ་དུང་ལ་འཕྱ་ཁ་དང་ཁ་རྡུང་གཏོང་བའི་གུ་དོག་འཁོས་ཆུང་གི་རིགས་ལ་བཤད་ཁ་མི་སྟེར་བའི་རྐྱེན་བཟང་གལ་ཆེན་ཞིག་ཀྱང་རེད། དེས་ན་སྐབས་འདིར་མཁོ་ནས་ཡོད་པ་ནི་བརྩེ་དུང་གླེང་བརྗོད་ཀྱི་ཆེད་དེབ་ཅིག་སྟེ་གཞོན་དྲི་བྲོ་བའི་རྩོམ་པ་པོ་རྣམས་ལ་སྡིངས་ཆ་སྤྲོད་རྒྱུ་དེ་རེད་འདུག
  དེ་དང་དེ་སོགས་རྒྱུ་མཚན་དུ་སྣང་བ་མང་པོ་ཐོད་དུ་བླངས་ཤིང་མི་ཁ་དང་འཕྱ་དམོད་རིགས་དགུ་རྒྱབ་ཏུ་བསྐྱུར་ནས“བརྩེ་དུང་རྐྱང་རྐྱང་གི་དེབ་ལྷེ”འདི་བསྒྲིགས་པ་ཡིན།  འདི་ལ་ཉམས་མྱོང་གི་ཐེམ་སྐས་བརྒྱུད་ནས་བྱང་ཆ་ཐོན་མེད་པ་དང་གཅིག ཁོར་ཡུག་བཀག་རྒྱའི་དབང་གིས་བསམ་ཚད་ལག་ཏུ་འདེབས་མི་ཆོག་པ་དང་གཉིས། སྤྱིར་ནས་ཤེས་རིག་ཡོན་ཏན་གྱི་ཆུ་ཚད་མཐོན་པོ་མིན་པ་དང་གསུམ་གྱིས་བརྩེ་དུང་གི་རིགས་སུ་གཏོགས་པའི་བྲིས་རྩོམ་འགའ་ལས་འདྲི་གཅོད་དང་ཟིན་བྲིས། མིང་གྲགས་ཅན་གང་དང་གང་གི་སེམས་བསམ་པ་གང་ན་ཡོད་ཚུལ་དང་། སྙིང་དམར་པོ་སུ་ལ་བཅོལ་ཚུལ་ན་གཞོན་མི་ཁྲག་ཅན་དག་གི་ཤེས་འདོད་པའི་སྐད་ཆ་སོགས་ནི་ཐེངས་འདིར་འགོད་མ་ཐུབ་པས་ཀློག་པ་པོ་ཡོངས་ལ་བཟོད་གསོལ་ཞུས་པ་ཡིན།
  དེབ་ལྷེ་འདི་དང་གཏད་ནས་ཁྲིན་ཏུའུ་བོད་མིའི་ཁྲོམ་གྱི་ཉེ་འགྲམ་རོ་མ་ཐང་ཆེན་གྱི་ཇ་ཁང་ཞིག་ཏུ་ན་གཞོན་གྱི་བློ་མིག་ཕྱེས་པའི་རྩོམ་པ་མིང་གྲགས་ཅན་རེ་ཟུང་དང་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མ།  མཚོ་སྔོན་དགེ་ཐོན་སློབ་གྲྭའི་སློབ་མ། སི་ཁྲོན་བོད་ཡིག་སློབ་གྲྭའི་སློབ་མ་སོགས་ན་གཞོན་ཕོ་མོ་སྐོར་ཞིག་ཆེད་བསྡུས་བྱས་ཏེ་བརྩེ་དུང་གི་བགྲོད་གླེང་སྟབས་བདེ་ཞིག་༢༠༡༡ལོའི་སྤྱི་ཟླ་༣་པའི་ཚེས་བརྒྱད་སྐྱེས་མའི་དུས་ཆེན་ཉིན་ཚོགས་ཤིང་། བརྩེ་དུང་གི་རིན་ཐང་དང་བསམ་བློའི་ལྟ་ཚུལ་སོགས་རང་རང་གི་ལྷུག་བརྗོད་གྱ་ནོམ་པ་རེ་བྱས། དེ་སོགས་དེ་རིང་གི་ལས་གཞི་འདི་ནི་གོམ་པ་ཐོག་མ་ཡིན་ལ་རིམ་གྱིས་བཀས་བཀོད་དང་གཞན་དབང་གི་བརྩེ་དུང་ཙམ་པོ་བ་དེ་ལས་བརྒལ་ཏེ་གུ་ཡངས་རང་དབང་གི་བརྩེ་དུང་ཁོར་ཡུག་ཅིག་འུ་ཚོའི་སྤྱི་ཚོགས་སུ་འཛུགས་སྐྲུན་བྱེད་ཕྱིར་འབད་པ་བརྒྱ་དང་ངལ་བ་སྟོང་གིས་བརྩོན་རྒྱུ་ཡིན་ལ། མིག་རྒྱང་རིང་བའི་ཀློག་པོ“མྱི་སེམས”ཅན་རྣམས་ཀྱིས་རྒྱབ་སྐྱོར་དང་མཛུབ་སྟོན་སོགས་འཛེམ་དོགས་མེད་པར་གནང་རོགས་ཞུ་ཞེས་པའང་བརྗེད་མི་རུང་བའི་སྐད་ཆ་ཉག་གཅིག་ཡིན། །
 
རྩོམ་ཁུངས། སེང་རྡོར་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༼བརྩེ་དུང༽ཞེས་པའི་ལོ་དེབ་པར་དུ་བསྐྲུན་པ།

2011-07-08 བཞག་སྲས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།