མདའ་བཙན་པོ་སོགས་མི་རབས་གསུམ་པ་ནས་བུད་པ།

          ཟླ་འདིའི་ཚེས༡༨ནས་ཚེས་༢༠ཡི་བར་དུ་མཚོ་སྔོན་པོའི་འགྲམ་ནས་བསྡུས་པའི་བོད་ཀྱི་སྙན་ངག་པའི་མི་རབས་གསུམ་པའི་འདུ་ཚོགས་སྐབས་ལྔ་བ་རུ་མི་རབས་གསུམ་པའི་ཞེས་པའི་སྙན་ངག་གི་ཚོགས་པར་བཟུང་བའི་ལྟ་བ་མི་མཐུན་པས་རྐྱེན་བྱས་ཏེ། མདའ་བཙན་པོ་དང་སྐྱབས་ཆེན་བདེ་གྲོལ། མཚོ་བུ་དགའ་བདེ། ལྡོང་བུ། རྨོག་རུ་ཤེས་རབ་རྡོ་རྗེ། ཨ་རྡོར།ངལ་རྫི། བསྒྲལ་རྡོ་བཅས་མི་རབས་གསུམ་པ་ལས་དངོས་སུ་བུད་ཅིང་ཁོ་ཚོའི་སྤྱོད་སྟངས་དེར་ཚོགས་མི་གཞན་དག་གིས་ཀྱང་ཁས་ལེན་བྱས་ཡོད། ཤུལ་གྱི་ཚོགས་མི་དག་དང་ཁོ་ཚོའི་བར་དུ་ལྟ་ཚུལ་མི་མཐུན་པའི་དོན་བྱུང་བ་ལས་མི་སྒེར་གྱི་འབྲེལ་བའི་བར་ནས་སྔར་བཞིན་གྲོགས་པོ་ཡིན་པའི་འདོད་ཚུལ་གསལ་བར་གླེང་། དེ་མཚུངས་སུ་བོད་ཀྱི་སྙན་ངག་པ་གྲགས་ཅན་གཅན་མེ་སྟག་ལགས་ཀྱིས་རང་ཉིད་མི་རབས་གསུམ་པར་དངོས་སུ་ཞུགས་པ་ཡིན་ཞེས་ཁྱབ་བསྒྲགས་ཀྱང་གནང་། དོན་དེ་མཐའ་དག་གི་བརྒྱུད་རིམ་ཚང་མ་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་གྱིས་གློག་བརྙན་དུའང་བཤུས་ཡོད། དེ་བས་རྗེས་སུ་མི་རབས་གསུམ་པའི་མིང་ཐོག་ནས་བསྒྲུབས་པའི་ལས་ཅི་རིགས་མདའ་བཙན་པོ་སོགས་དང་འབྲེལ་བ་མེད་པ་ཡིན་ནོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མདའ་བཙན་པོ་སོགས་མི་རབས་གསུམ་པ་ནས་བུད་པ།

2011-06-20 ངེད་དྲ་བ། ཀློག་གྲངས། མཆན ཡོད།

          ཟླ་འདིའི་ཚེས༡༨ནས་ཚེས་༢༠ཡི་བར་དུ་མཚོ་སྔོན་པོའི་འགྲམ་ནས་བསྡུས་པའི་བོད་ཀྱི་སྙན་ངག་པའི་མི་རབས་གསུམ་པའི་འདུ་ཚོགས་སྐབས་ལྔ་བ་རུ་མི་རབས་གསུམ་པའི་ཞེས་པའི་སྙན་ངག་གི་ཚོགས་པར་བཟུང་བའི་ལྟ་བ་མི་མཐུན་པས་རྐྱེན་བྱས་ཏེ། མདའ་བཙན་པོ་དང་སྐྱབས་ཆེན་བདེ་གྲོལ། མཚོ་བུ་དགའ་བདེ། ལྡོང་བུ། རྨོག་རུ་ཤེས་རབ་རྡོ་རྗེ། ཨ་རྡོར།ངལ་རྫི། བསྒྲལ་རྡོ་བཅས་མི་རབས་གསུམ་པ་ལས་དངོས་སུ་བུད་ཅིང་ཁོ་ཚོའི་སྤྱོད་སྟངས་དེར་ཚོགས་མི་གཞན་དག་གིས་ཀྱང་ཁས་ལེན་བྱས་ཡོད། ཤུལ་གྱི་ཚོགས་མི་དག་དང་ཁོ་ཚོའི་བར་དུ་ལྟ་ཚུལ་མི་མཐུན་པའི་དོན་བྱུང་བ་ལས་མི་སྒེར་གྱི་འབྲེལ་བའི་བར་ནས་སྔར་བཞིན་གྲོགས་པོ་ཡིན་པའི་འདོད་ཚུལ་གསལ་བར་གླེང་། དེ་མཚུངས་སུ་བོད་ཀྱི་སྙན་ངག་པ་གྲགས་ཅན་གཅན་མེ་སྟག་ལགས་ཀྱིས་རང་ཉིད་མི་རབས་གསུམ་པར་དངོས་སུ་ཞུགས་པ་ཡིན་ཞེས་ཁྱབ་བསྒྲགས་ཀྱང་གནང་། དོན་དེ་མཐའ་དག་གི་བརྒྱུད་རིམ་ཚང་མ་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་གྱིས་གློག་བརྙན་དུའང་བཤུས་ཡོད། དེ་བས་རྗེས་སུ་མི་རབས་གསུམ་པའི་མིང་ཐོག་ནས་བསྒྲུབས་པའི་ལས་ཅི་རིགས་མདའ་བཙན་པོ་སོགས་དང་འབྲེལ་བ་མེད་པ་ཡིན་ནོ།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།