ནུབ་བྱང་མི་རིགས་སློབ་ཆེན་གྱི་2011ལོའི་འབུམ་རམས་པའི་དཔྱད་རྩོམ་བགྲོ་གླེང་ཚོགས་འདུ་བསྡུས་པ།

གསར་འགོད་པ། རིག་སྨོན་དཀོན་མཆོག མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-05-24


   ནུབ་བྱང་མི་རིགས་སློབ་ཆེན་གྱི་2011ལོའི་འབུམ་རམས་ཞིབ་འཇུག་སློབ་མའི་དཔྱད་རྩོམ་བགྲོ་གླེང་ཚོགས་འདུ་དེ་ཟླ་འདིའི་ཚེས་18ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གཉིས་དང་ཕྱེད་ཀའི་སྟེང་སློབ་གྲྭའི་སྣ་འཛོམས་ཐོག་ཁང་གི་རིག་གཞུང་སྙན་ཞུ་ཁང་དུ་གཟབ་རྒྱས་ངང་འཚོགས། ཐེངས་འདིའི་བགྲོ་གླེང་ཨུ་ཡོན་གྱི་འགོ་གཙོ་ནི་ལན་གྲུག་སློབ་ཆེན་གྱི་དགེ་རྒན་ཆེན་མོའམ་འབུམ་རམས་པའི་མཛུབ་སྟོན་པ་རྒྱ་ཡེ་ཆོས་འཕེལ་ལགས་ཀྱིས་འགན་ཁུར་ཡོད་ལ། དགེ་རྒན་ཆེན་མོ་གཉའ་གོང་དཀོན་མཆོག་ཚེ་བརྟན་དང་ཁ་སྒང་བཀྲ་ཤིས་ཚེ་རིང་།  ལན་ཀྲུ་སློབ་ཆེན་གྱི་དགེ་རྒན་ཆེན་མོའམ་འབུམ་རམས་པའི་མཛུབ་སྟོན་པ་འབྲུག་ཐར་སོགས་ཀྱང་དཔྱད་བསྡུར་ཚན་ཆུང་དུ་ཞུགས་ཡོད།   གཞན་བོད་ཡིག་སྡེ་ཁག་གི་འབྲེལ་ཡོད་འགོ་ཁྲིད་དང་ཞིབ་འཇུག་སློབ་མ། དངོས་གཞི་སློབ་མ།  ཆེད་སྦྱོང་སློབ་མ།  ལན་གྲུག་དུ་སྡོད་པའི་བོད་རིགས་ལས་བྱེད་སོགས་མི་གྲངས་600ལྷག་ཐེངས་འདིའི་བགྲོ་གླེང་ཚོགས་འདུར་ཟུར་ཉན་དུ་ཕེབས་ཡོད། 
 འབུམ་རམས་པ་བསྟན་འཛིན་དོན་གྲུབ་དང་གདུགས་དཀར་བཀྲ་ཤིས་གཉིས་ཀྱིས་སོ་སོར་བོད་ཀྱི་དུས་རབས་རིམ་བྱུང་གི་རྩོམ་རིག་ལས་བཀའ་གདམས་པའི་རྩོམ་རིགས་ལ་གསར་དུ་དཔྱད་པ་དང་བོད་སྐད་བྱུང་འཕེལ་གྱི་ལོ་རྒྱུས་ལས་གནའ་སྐད་ཀྱི་ཚོགས་གསུམ་རྣམ་གཞག་ལ་དཔྱད་པ་ཅེས་པ་སྔ་གཞུག་ཏུ་དམ་བཅའ་གནང་ལ། ཞིབ་འཇུག་གི་ནང་དོན་གཏིང་ཟབ་ལ་བརྗོད་བྱ་གསར་བ་ཡིན་པ་མ་ཟད། ལོ་ངོ་གསུམ་གྱི་སློབ་སྦྱོང་གི་གྲུབ་འབྲས་དང་དཔྱད་རྩོམ་སྤེལ་གྲངས་སོགས་རྒྱལ་ཁབ་སློབ་གསོ་པུས་བཏོན་པའི་ཚད་གཞིར་ལོངས་པ།  དཔྱད་རྩོམ་བགྲོ་གླེང་གནང་བ་ལེགས་པ་བཅས་དམིགས་ནས་ཐེངས་འདིའི་བགྲོ་གླེང་ཨུ་ཡོན་ལྷན་ཚོགས་ཀྱིས་རྣམ་དཔྱོད་ཅན་གྱི་འབུམ་རམས་ཞིབ་འཇུག་སློབ་མ་འདི་གཉིས་བདེ་ལེགས་ངང་སློབ་མཐར་ཕྱིན་པ་ལ་ཆོག་མཆན་ཐོབ་པ་རེད་དོ།།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནུབ་བྱང་མི་རིགས་སློབ་ཆེན་གྱི་2011ལོའི་འབུམ་རམས་པའི་དཔྱད་རྩོམ་བགྲོ་གླེང་ཚོགས་འདུ་བསྡུས་པ།

2011-05-24 གསར་འགོད་པ། རིག་སྨོན་དཀོན་མཆོག ཀློག་གྲངས། མཆན ཡོད།


   ནུབ་བྱང་མི་རིགས་སློབ་ཆེན་གྱི་2011ལོའི་འབུམ་རམས་ཞིབ་འཇུག་སློབ་མའི་དཔྱད་རྩོམ་བགྲོ་གླེང་ཚོགས་འདུ་དེ་ཟླ་འདིའི་ཚེས་18ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གཉིས་དང་ཕྱེད་ཀའི་སྟེང་སློབ་གྲྭའི་སྣ་འཛོམས་ཐོག་ཁང་གི་རིག་གཞུང་སྙན་ཞུ་ཁང་དུ་གཟབ་རྒྱས་ངང་འཚོགས། ཐེངས་འདིའི་བགྲོ་གླེང་ཨུ་ཡོན་གྱི་འགོ་གཙོ་ནི་ལན་གྲུག་སློབ་ཆེན་གྱི་དགེ་རྒན་ཆེན་མོའམ་འབུམ་རམས་པའི་མཛུབ་སྟོན་པ་རྒྱ་ཡེ་ཆོས་འཕེལ་ལགས་ཀྱིས་འགན་ཁུར་ཡོད་ལ། དགེ་རྒན་ཆེན་མོ་གཉའ་གོང་དཀོན་མཆོག་ཚེ་བརྟན་དང་ཁ་སྒང་བཀྲ་ཤིས་ཚེ་རིང་།  ལན་ཀྲུ་སློབ་ཆེན་གྱི་དགེ་རྒན་ཆེན་མོའམ་འབུམ་རམས་པའི་མཛུབ་སྟོན་པ་འབྲུག་ཐར་སོགས་ཀྱང་དཔྱད་བསྡུར་ཚན་ཆུང་དུ་ཞུགས་ཡོད།   གཞན་བོད་ཡིག་སྡེ་ཁག་གི་འབྲེལ་ཡོད་འགོ་ཁྲིད་དང་ཞིབ་འཇུག་སློབ་མ། དངོས་གཞི་སློབ་མ།  ཆེད་སྦྱོང་སློབ་མ།  ལན་གྲུག་དུ་སྡོད་པའི་བོད་རིགས་ལས་བྱེད་སོགས་མི་གྲངས་600ལྷག་ཐེངས་འདིའི་བགྲོ་གླེང་ཚོགས་འདུར་ཟུར་ཉན་དུ་ཕེབས་ཡོད། 
 འབུམ་རམས་པ་བསྟན་འཛིན་དོན་གྲུབ་དང་གདུགས་དཀར་བཀྲ་ཤིས་གཉིས་ཀྱིས་སོ་སོར་བོད་ཀྱི་དུས་རབས་རིམ་བྱུང་གི་རྩོམ་རིག་ལས་བཀའ་གདམས་པའི་རྩོམ་རིགས་ལ་གསར་དུ་དཔྱད་པ་དང་བོད་སྐད་བྱུང་འཕེལ་གྱི་ལོ་རྒྱུས་ལས་གནའ་སྐད་ཀྱི་ཚོགས་གསུམ་རྣམ་གཞག་ལ་དཔྱད་པ་ཅེས་པ་སྔ་གཞུག་ཏུ་དམ་བཅའ་གནང་ལ། ཞིབ་འཇུག་གི་ནང་དོན་གཏིང་ཟབ་ལ་བརྗོད་བྱ་གསར་བ་ཡིན་པ་མ་ཟད། ལོ་ངོ་གསུམ་གྱི་སློབ་སྦྱོང་གི་གྲུབ་འབྲས་དང་དཔྱད་རྩོམ་སྤེལ་གྲངས་སོགས་རྒྱལ་ཁབ་སློབ་གསོ་པུས་བཏོན་པའི་ཚད་གཞིར་ལོངས་པ།  དཔྱད་རྩོམ་བགྲོ་གླེང་གནང་བ་ལེགས་པ་བཅས་དམིགས་ནས་ཐེངས་འདིའི་བགྲོ་གླེང་ཨུ་ཡོན་ལྷན་ཚོགས་ཀྱིས་རྣམ་དཔྱོད་ཅན་གྱི་འབུམ་རམས་ཞིབ་འཇུག་སློབ་མ་འདི་གཉིས་བདེ་ལེགས་ངང་སློབ་མཐར་ཕྱིན་པ་ལ་ཆོག་མཆན་ཐོབ་པ་རེད་དོ།།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།