ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་ཟླ་མཇུག་རིག་རྩལ་སྤྲོ་ཚོགས་བསྡུས་པ།

སྟག་རིག་འབྲུག་ཐར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-04-01

    
    སློབ་གྲྭའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་དང་སློབ་སྦྱོང་གི་ངལ་དུབ་སེལ་ཆེད་དམ་སློབ་གྲྭའི་སྒྱུ་རྩལ་ཕྱོགས་ཀྱི་མཁའ་དབུགས་གསར་བ་སྔོག་འདོན་བྱེད་ཆེད༢༠༡༡ལོའི་སྐབས་དང་པོའི་ཟླ་མཇུག་རིག་རྩལ་སྤྲོ་ཚོགས་ཟླ༣པའི་ཚེས༢༧ཉིན་ཏེ་གཟའ་ཉི་མའི་ཕྱི་དྲོའི་དུས་ཚོད་བེད་སྤྱད་ནས་སློབ་གྲྭའི་དགེ་བཟོ་བ་དང་སློབ་མ་སྟོང་གསུམ་ལྷག་གི་མཉམ་འབྲེལ་གྱི་རྩོལ་བའི་འོག་ནས་བདེ་ལེགས་ངང་མཇུག་སྒྲིལ་བ་རེད། ཐེངས་འདིའི་རིག་རྩལ་སྤྲོ་ཚོགས་སུ་ཁྱོན་བསྡོམས་རྩེད་མོ༣༡ཙམ་ཡོད་མོད། སློབ་གྲྭའི་རིག་རྩལ་མགོ་བས་ཚེས༢༦ཉིན་གྱི་སྐྱ་འགྲན༼ཐོག་མའི་འགྲན་བསྡུར༽ཁྲོད་རྩེད་མོ༢༡བདམས་ཐོན་བྱུང་། རྩེད་མོ༢༡གི་ཁྲོད་དུ་ཞབས་བྲོའི་རིགས༼བོད་རིགས་ཞབས་བྲོ། སོག་རིགས་ཞབས་བྲོ། རྒྱ་གར་རིགས་ཀྱི་ཞབས་བྲོ༽ གླུ་གཞས་ཀྱི་རིགས། བཞད་གར། ཁ་ཤགས། རྒྱན་གོས་འཁྲབ་སྟོན། དམངས་སྲོལ་རྩེད་མོ་སོགས་རྣམ་པ་མང་པོ་འདུས་ཡོད་པ་རེད། ཚེས༢༧ཉིན་གྱི་གྱ་ནོམ་པའི་གར་གྱི་རྣམ་གྲངས་དང་ཡིད་ཀྱི་དང་བ་འདྲེན་པའི་སྟངས་སྟབས། དགའ་དགོད་ཀྱི་ཡོ་ལང་རྫོགས་པའི་ལྟད་མོ་རེ་རེས་དགེ་སློབ་ཡོངས་ལ་སྐྱིད་སྣང་གི་སེམས་ཁམས་དང་སྤྲོ་སྣང་གི་འཛུམ་མདངས་ཕྱུང་བ་རེད། མ་ཟད་མིག་དབང་ཅིག་ཅར་འཕྲོག་པའི་རེབ་འདིའི་སྤྲོ་སྐྱིད་ལྷན་འཛོམས་ཀྱིས་ཚང་མའི་སེམས་སུ་བརྗེད་དཀའ་བའི་བག་ཆགས་ཟབ་མོ་བཞག་པས། དུས་ཚོད་གཉིས་ཙམ་རིང་གི་ཛ་དྲག་གི་འགྲན་བསྡུར་ཇི་ལྟར་མཇུག་རྫོགས་པའང་མ་ཚོར་བ་རེད། གཅིག་ལས་གཅིག་ལྷག་གི་སྣ་ཚོགས་པའི་ལྟད་མོའི་ཁྲོད་ནས་བརྩོན་འགྲུས་གླིང་གི་སྐོར་ལས་ལོ་རིམ་དགུ་བའི་འཛིན་གྲྭ་བཞི་བའི་དམངས་ཁྲོད་རྩེད་མོ༼གེ་སར་རྒྱལ་བོའི་འཁྲབ་ཚན༽ཞིག་ལ་ཨང་དང་པོའི་བྱ་དགའ་ཐོབ་པ་དང་། ལོ་རིམ་དགུ་བའི་འཛིན་གྲྭ་ལྔ་བའི་བོད་རིགས་ཞབས་བྲོ༼མཚོ་སྔོན་པོའི་བསྟོད་གླུ༽ལ་ཨང་གཉིས་པའི་བྱ་དགའ་དང་། ལོ་རིམ་དགུ་བའི་འཛིན་གྲྭ་གཉིས་པའི་དམངས་སྲོལ་རྩེད་མོ༼གཉེན་སྟོན་བཀྲ་ཤིས་གཡང་འཁྱིལ༽ལ་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད། གཞན་བློ་ལྡན་གླིང་གི་སྐོར་ལས་ལོ་རིམ་དང་པོའི་འཛིན་གྲྭ་གཉིས་པའི༼རྡོག་བྲོ༽ལ་ཨང་དང་པོའི་བྱ་དགའ་དང་ལོ་རིམ་དང་པོའི་འཛིན་གྲྭ་དང་པོའི༼དཔྱིད་དཔལ་གང་དུ་ཤར༽ཞེས་པར་བྱ་དགའ་ཨང་གཉིས་པ་ཐོབ་པ་རེད།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་ཟླ་མཇུག་རིག་རྩལ་སྤྲོ་ཚོགས་བསྡུས་པ།

2011-04-01 སྟག་རིག་འབྲུག་ཐར། ཀློག་གྲངས། མཆན ཡོད།

    
    སློབ་གྲྭའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་དང་སློབ་སྦྱོང་གི་ངལ་དུབ་སེལ་ཆེད་དམ་སློབ་གྲྭའི་སྒྱུ་རྩལ་ཕྱོགས་ཀྱི་མཁའ་དབུགས་གསར་བ་སྔོག་འདོན་བྱེད་ཆེད༢༠༡༡ལོའི་སྐབས་དང་པོའི་ཟླ་མཇུག་རིག་རྩལ་སྤྲོ་ཚོགས་ཟླ༣པའི་ཚེས༢༧ཉིན་ཏེ་གཟའ་ཉི་མའི་ཕྱི་དྲོའི་དུས་ཚོད་བེད་སྤྱད་ནས་སློབ་གྲྭའི་དགེ་བཟོ་བ་དང་སློབ་མ་སྟོང་གསུམ་ལྷག་གི་མཉམ་འབྲེལ་གྱི་རྩོལ་བའི་འོག་ནས་བདེ་ལེགས་ངང་མཇུག་སྒྲིལ་བ་རེད། ཐེངས་འདིའི་རིག་རྩལ་སྤྲོ་ཚོགས་སུ་ཁྱོན་བསྡོམས་རྩེད་མོ༣༡ཙམ་ཡོད་མོད། སློབ་གྲྭའི་རིག་རྩལ་མགོ་བས་ཚེས༢༦ཉིན་གྱི་སྐྱ་འགྲན༼ཐོག་མའི་འགྲན་བསྡུར༽ཁྲོད་རྩེད་མོ༢༡བདམས་ཐོན་བྱུང་། རྩེད་མོ༢༡གི་ཁྲོད་དུ་ཞབས་བྲོའི་རིགས༼བོད་རིགས་ཞབས་བྲོ། སོག་རིགས་ཞབས་བྲོ། རྒྱ་གར་རིགས་ཀྱི་ཞབས་བྲོ༽ གླུ་གཞས་ཀྱི་རིགས། བཞད་གར། ཁ་ཤགས། རྒྱན་གོས་འཁྲབ་སྟོན། དམངས་སྲོལ་རྩེད་མོ་སོགས་རྣམ་པ་མང་པོ་འདུས་ཡོད་པ་རེད། ཚེས༢༧ཉིན་གྱི་གྱ་ནོམ་པའི་གར་གྱི་རྣམ་གྲངས་དང་ཡིད་ཀྱི་དང་བ་འདྲེན་པའི་སྟངས་སྟབས། དགའ་དགོད་ཀྱི་ཡོ་ལང་རྫོགས་པའི་ལྟད་མོ་རེ་རེས་དགེ་སློབ་ཡོངས་ལ་སྐྱིད་སྣང་གི་སེམས་ཁམས་དང་སྤྲོ་སྣང་གི་འཛུམ་མདངས་ཕྱུང་བ་རེད། མ་ཟད་མིག་དབང་ཅིག་ཅར་འཕྲོག་པའི་རེབ་འདིའི་སྤྲོ་སྐྱིད་ལྷན་འཛོམས་ཀྱིས་ཚང་མའི་སེམས་སུ་བརྗེད་དཀའ་བའི་བག་ཆགས་ཟབ་མོ་བཞག་པས། དུས་ཚོད་གཉིས་ཙམ་རིང་གི་ཛ་དྲག་གི་འགྲན་བསྡུར་ཇི་ལྟར་མཇུག་རྫོགས་པའང་མ་ཚོར་བ་རེད། གཅིག་ལས་གཅིག་ལྷག་གི་སྣ་ཚོགས་པའི་ལྟད་མོའི་ཁྲོད་ནས་བརྩོན་འགྲུས་གླིང་གི་སྐོར་ལས་ལོ་རིམ་དགུ་བའི་འཛིན་གྲྭ་བཞི་བའི་དམངས་ཁྲོད་རྩེད་མོ༼གེ་སར་རྒྱལ་བོའི་འཁྲབ་ཚན༽ཞིག་ལ་ཨང་དང་པོའི་བྱ་དགའ་ཐོབ་པ་དང་། ལོ་རིམ་དགུ་བའི་འཛིན་གྲྭ་ལྔ་བའི་བོད་རིགས་ཞབས་བྲོ༼མཚོ་སྔོན་པོའི་བསྟོད་གླུ༽ལ་ཨང་གཉིས་པའི་བྱ་དགའ་དང་། ལོ་རིམ་དགུ་བའི་འཛིན་གྲྭ་གཉིས་པའི་དམངས་སྲོལ་རྩེད་མོ༼གཉེན་སྟོན་བཀྲ་ཤིས་གཡང་འཁྱིལ༽ལ་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད། གཞན་བློ་ལྡན་གླིང་གི་སྐོར་ལས་ལོ་རིམ་དང་པོའི་འཛིན་གྲྭ་གཉིས་པའི༼རྡོག་བྲོ༽ལ་ཨང་དང་པོའི་བྱ་དགའ་དང་ལོ་རིམ་དང་པོའི་འཛིན་གྲྭ་དང་པོའི༼དཔྱིད་དཔལ་གང་དུ་ཤར༽ཞེས་པར་བྱ་དགའ་ཨང་གཉིས་པ་ཐོབ་པ་རེད།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།