སྲིན་མོ་བུད་མེད་རོགས་སྐྱོར་ཚོགས་པས་མགོ་ལོག་ར་རྒྱ་ནས་གཞན་ཕན་གྱི་བྱེད་སྒོ་སྤེལ་བ།

  
  
  
  
    ལོ་གསར་བའི་ནང་ལ(སྤྱི་ཟླ་གཉིས་པའི་ཚེས25ནས་ཚེས28བར)ངེད་ཚོགས་པས་མགོ་ལོག་ར་རྒྱ་ནས་ཉིན་གཉིས་ཀྱི་རིང་ལ་བོད་རྒྱ་མི་རིགས་གཉིས་ཀྱི་བུད་མེད་བརྒྱ་ལྷག་བསྡུས་ཏེ་ཨེ་ཙི་སོགས་ཉེན་ཁ་ཆེ་བའི་མཚན་མའི་འགོས་ནད་སྣ་ཚོགས་ཀྱི་འབྱུང་རྐྱེན་དང་འགོས་ནད་དེ་རིགས་སྔོན་འགོག་བྱེད་ཐབས་ཐད་ཀྱི་ཤེས་བྱ་ཁྱབ་སྒྲོག་བྱས་པ་དང༌། བུད་མེད་རྣམས་ལ་བྱུང་བའི་མོ་ནད་སྣ་ཚོགས་བརྟག་སྟེ་གང་ལ་གང་མཁོའི་སྨན་བཅོས་བྱས་ཤིང༌། འཕྲོད་བསྟེན་རྒྱུན་ཤེས་སོགས་བསྒྲགས་པ་མ་ཟད། བསྡོམས་པས་རིན་གོང་དམངས་སྒོར2000ལྷག་གི་སྨན་སྣ་ཚོགས་བྱིན་པ་ཡིན། ཐེངས་འདིར་བྱིན་པའི་སྨན་རིགས་སྣ་ཚོགས་ནི་པེ་ཅིང་དང་ཆིང་ཧོང་ཏོ་སོགས་གྲོང་ཁྱེར་གྱི་བུད་མེད་ལྷག་བསམ་ཅན་ཚོས་བསྐུར་ཡོང་བ་ཡིན།
   ཐེངས་འདིའི་བྱེད་སྒོ་སྤེལ་མཁན་དཔལ་མོ་དང་བོད་གཞུག་སྐྱིད་ལས་གཞན་ད་དུང་ཀན་སུའུ་ཞིང་ཆེན་ཐང་ག་རིག་གནས་ཞིབ་འཇུག་ཁང་གི་ཀླུ་མོ་དང་མཚོ་སྔོན་ཞིང་ཆེན་གསོ་རིག་སློབ་གླིང་གི་ཤེས་རམས་པ་གཡང་མོ་ཚེ་རིང༌། མཚོ་སྔོན་ཞིང་ཆེན་སྣ་མང་རིག་གནས་སྒྱུ་རྩལ་སྨྱན་སྦྱོར་ཀུང་ཟིའི་ཚེ་གཟུངས་སྐྱིད་བཅས་བསྡོམས་པས་བུད་མེད་ལྔ་ཡོད།
    བྱེད་སྒོའི་ནང་དོན་གྱི་ཐད་ནས་སྔོན་དང་མི་འདྲ་བ་ནི། རབ་འབྱམས་པ་བོད་གཞུག་སྐྱིད་ཀྱི་ཞིབ་འཇུག་ཁ་ཕྱོགས་ལྟར་བུད་མེད་བརྒྱད་ཅུ་ལ་བཅར་འདྲི་ཞིབ་མོ་བྱས་ཏེ་འདྲི་ཤོག་བྲིས་པ་མ་ཟད། ནང་དོན་ལ་དབྱེ་ཞིབ་བྱས་པ་བརྒྱུད་ནས་རྗེས་སུ་ཕྱོགས་གང་དག་ལ་དོ་ཁུར་དང་གཟབ་ནན། ཡང་ན་ལས་ཀ་གང་དག་བསྒྲུབ་ དགོས་པར་བརྟག་དཔྱད་བྱས་པ་ཡིན་ལ། དུས་ཚོད་ཐུང་རྐྱེན་ངེད་ཅག་ར་རྒྱ་ནས་ཕྱིར་ལོག་པའི་ལམ་ཁར་རླངས་འཁོར་ནང་ཐེངས་འདིའི་བྱེད་སྒོ་སྤྱི་སྡོམ་བྱེད་པའི་ཚུལ་གྱིས་དེ་ཐད་ཀྱི་བགྲོ་གླེང་ཡང་ཚོགས་པ་ཡིན།  
   ཐེངས་འདིའི་བྱེད་སྒོའི་མགོ་མཇུག་བར་གསུམ་ལ་སྡེ་དཔོན་ཉི་མ་དང་དགེ་རྒན་གངས་ཞེན། ཧྲུའུ་ཅི་འབྱོར་ལྡན། སྨན་པ་ཀུ་ལེ་དང་ཚེ་ལོ་སོགས་ཀྱིས་ཕྱོགས་ཡོངས་ནས་རྒྱབ་སྐྱོར་ཆེན་པོ་གནང་ཡོད།


 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྲིན་མོ་བུད་མེད་རོགས་སྐྱོར་ཚོགས་པས་མགོ་ལོག་ར་རྒྱ་ནས་གཞན་ཕན་གྱི་བྱེད་སྒོ་སྤེལ་བ།

2011-03-01 ཚེ་གཟུངས་སྐྱིད། ཀློག་གྲངས། མཆན ཡོད།

  
  
  
  
    ལོ་གསར་བའི་ནང་ལ(སྤྱི་ཟླ་གཉིས་པའི་ཚེས25ནས་ཚེས28བར)ངེད་ཚོགས་པས་མགོ་ལོག་ར་རྒྱ་ནས་ཉིན་གཉིས་ཀྱི་རིང་ལ་བོད་རྒྱ་མི་རིགས་གཉིས་ཀྱི་བུད་མེད་བརྒྱ་ལྷག་བསྡུས་ཏེ་ཨེ་ཙི་སོགས་ཉེན་ཁ་ཆེ་བའི་མཚན་མའི་འགོས་ནད་སྣ་ཚོགས་ཀྱི་འབྱུང་རྐྱེན་དང་འགོས་ནད་དེ་རིགས་སྔོན་འགོག་བྱེད་ཐབས་ཐད་ཀྱི་ཤེས་བྱ་ཁྱབ་སྒྲོག་བྱས་པ་དང༌། བུད་མེད་རྣམས་ལ་བྱུང་བའི་མོ་ནད་སྣ་ཚོགས་བརྟག་སྟེ་གང་ལ་གང་མཁོའི་སྨན་བཅོས་བྱས་ཤིང༌། འཕྲོད་བསྟེན་རྒྱུན་ཤེས་སོགས་བསྒྲགས་པ་མ་ཟད། བསྡོམས་པས་རིན་གོང་དམངས་སྒོར2000ལྷག་གི་སྨན་སྣ་ཚོགས་བྱིན་པ་ཡིན། ཐེངས་འདིར་བྱིན་པའི་སྨན་རིགས་སྣ་ཚོགས་ནི་པེ་ཅིང་དང་ཆིང་ཧོང་ཏོ་སོགས་གྲོང་ཁྱེར་གྱི་བུད་མེད་ལྷག་བསམ་ཅན་ཚོས་བསྐུར་ཡོང་བ་ཡིན།
   ཐེངས་འདིའི་བྱེད་སྒོ་སྤེལ་མཁན་དཔལ་མོ་དང་བོད་གཞུག་སྐྱིད་ལས་གཞན་ད་དུང་ཀན་སུའུ་ཞིང་ཆེན་ཐང་ག་རིག་གནས་ཞིབ་འཇུག་ཁང་གི་ཀླུ་མོ་དང་མཚོ་སྔོན་ཞིང་ཆེན་གསོ་རིག་སློབ་གླིང་གི་ཤེས་རམས་པ་གཡང་མོ་ཚེ་རིང༌། མཚོ་སྔོན་ཞིང་ཆེན་སྣ་མང་རིག་གནས་སྒྱུ་རྩལ་སྨྱན་སྦྱོར་ཀུང་ཟིའི་ཚེ་གཟུངས་སྐྱིད་བཅས་བསྡོམས་པས་བུད་མེད་ལྔ་ཡོད།
    བྱེད་སྒོའི་ནང་དོན་གྱི་ཐད་ནས་སྔོན་དང་མི་འདྲ་བ་ནི། རབ་འབྱམས་པ་བོད་གཞུག་སྐྱིད་ཀྱི་ཞིབ་འཇུག་ཁ་ཕྱོགས་ལྟར་བུད་མེད་བརྒྱད་ཅུ་ལ་བཅར་འདྲི་ཞིབ་མོ་བྱས་ཏེ་འདྲི་ཤོག་བྲིས་པ་མ་ཟད། ནང་དོན་ལ་དབྱེ་ཞིབ་བྱས་པ་བརྒྱུད་ནས་རྗེས་སུ་ཕྱོགས་གང་དག་ལ་དོ་ཁུར་དང་གཟབ་ནན། ཡང་ན་ལས་ཀ་གང་དག་བསྒྲུབ་ དགོས་པར་བརྟག་དཔྱད་བྱས་པ་ཡིན་ལ། དུས་ཚོད་ཐུང་རྐྱེན་ངེད་ཅག་ར་རྒྱ་ནས་ཕྱིར་ལོག་པའི་ལམ་ཁར་རླངས་འཁོར་ནང་ཐེངས་འདིའི་བྱེད་སྒོ་སྤྱི་སྡོམ་བྱེད་པའི་ཚུལ་གྱིས་དེ་ཐད་ཀྱི་བགྲོ་གླེང་ཡང་ཚོགས་པ་ཡིན།  
   ཐེངས་འདིའི་བྱེད་སྒོའི་མགོ་མཇུག་བར་གསུམ་ལ་སྡེ་དཔོན་ཉི་མ་དང་དགེ་རྒན་གངས་ཞེན། ཧྲུའུ་ཅི་འབྱོར་ལྡན། སྨན་པ་ཀུ་ལེ་དང་ཚེ་ལོ་སོགས་ཀྱིས་ཕྱོགས་ཡོངས་ནས་རྒྱབ་སྐྱོར་ཆེན་པོ་གནང་ཡོད།


 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།