ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་རིག་པའི་གླིང་ནས་རང་མོས་བགྲོ་གླེང་ཚོགས་ཐེངས་གཉིས་པ་བསྡུས་པ།

   བོད་ཀྱི་སློབ་ཆེན་པའི་སྡེ་ན་གྲགས་འགུལ་མེད་པར་གཉིད་མ་སད་ཀྱི་སྡོད་འདུག་ཅེས་ པའི་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་ཟླ་འདིའི་ཚེས་བཅུ་དྲུག་གི་དགོང་མོ་དུས་ཚོད་ བདུན་དང་ཕྱེད་ཀའི་སྟེང་ཐེངས་གཉིས་པའི་རང་མོས་བགྲོ་གླེང་ཚོགས།
   ཐེངས་འདི་ནི་བིས་མདོ་བ་དང་སྤྱང་ཁ་གཉིས་ཀྱིས་འགོ་བཟུང་ཏེ་གཟའ་འཁོར་གཅིག་གི་སྔོན་ནས་བརྡ་སྦྱོར་སོགས་བསྒྲགས་ཏེ་སློབ་མ་རང་ཉིད་ཀྱི་མཐར་ཕྱིན་དཔྱད་རྩོམ་གཙོ་བྱས་པའི་རྩོམ་རིག་གི་སྐོར་ནས་བགྲོ་གླེང་ངམ་ཁ་ཏ་དང་བསམ་བློ་བརྗེ་རེས་བྱས་ཤིང་།འགོ་ འཛིན་པ་གཉིས་ཀྱིས་ཀྱང་ཐོག་མ་ནས་བགྲོ་གླེང་ལ་ཞུགས་མཁན་དག་ལ་རེ་བ་ཞིག་ལ་སློབ་གྲོགས་རང་ཉིད་ཀྱིས་དཔྱད་རྩོམ་སྐོར་ནས་ཁ་ཏ་བྱ་དུས།ངེས་པར་དུ་ཅི་ཞིག་ལ་དཔྱད་རྩོམ་དེ་ལྟ་བུ་ཞིག་འདེམས་དགོས་པ་དང་།དེ་འདེམས་པའི་དམིགས་ཡུལ་ཅི་ཞིག་ཡིན་པ།དེ་སྤྱི་ ཚོགས་ལ་ཕན་ནུས་དང་དགོས་པ་ཅི་ཞིག་འདོན་ཐུབ་པ་བཅས་གཙོ་བོ་བཟུང་ནས་ཁ་ཏ་བྱས་པའི་རེ་བ་བཏོན།
 
{སྐབས་གཉིས་པའི་རང་མོས་བགྲོ་གླེང་གི་ཁ་བྱང་།}
 
 {འགོ་འཛིན་པ་བིས་མདོ་བ་དང་སྤྱང་ཁ་གཉིས་ཀྱིས་ཐོག་མའི་གཏམ་བཤད་བཞིན་པ།}
 
{ཚོགས་ཞུགས་ཀྱི་སློབ་གྲོགས་ཚོས་རང་ཉིད་ཀྱི་མིང་ཐོ་བཀོད་ཡོད་པ།}
 
{སློབ་གྲོགས་ཤིག་གིས་ཕ་ཡུལ་མང་རྫོང་གི་གཉེན་སྒྲིག་སྐོར་ནས་ཁ་ཏ་བྱས་བཞིན་པ།}
 
{བུད་མེད་སློབ་གྲོགས་ཀྱིས་ཀྱང་གྲལ་གྱི་བཅུ་ཆའི་ལྔ་ཟིན་པ།}
 
{སློབ་གྲོགས་ཚོས་སྦ་གསང་དང་ཐེ་ཚོམ་མེད་པར་རང་ཉིད་ཀྱི་འདོད་ཚུལ་བཤད་བཞིན་པ།}
 
{བུད་མེད་སློབ་གྲོགས་ཚོས་ཀྱང་རང་ཉིད་ཀྱི་འདོད་ཚུལ་གླེང་བཞིན་པ།}
 
 {ཚོགས་རའི་ཟུར་ཞིག}
  ཐེངས་འདི་ལ་མཚོན་ན་སྔོན་མ་དང་བསྡུར་ན་དགའ་འོས་པ་ཞིག་ལ།སློབ་གྲོགས་ཚོས་སྨྲ་སྒོ་དེ་མི་བསྡམ་པར་རང་ནུས་ཅི་ལྕོགས་ཀྱིས་སློབ་སྦྱོང་ཞིག་གམ།ཡང་ན་བསམ་བློ་བརྗེ་རེས་ཤིག་གི་ཚུལ་དུ་ས་སྐྱེས་ཚོད་ཀྱི་རི་དྭགས་ཞེས་པ་བཞིན་རང་ཉིད་ཀྱི་སྐད་ཆ་ཚིག་གཅིག་ཤོད་ཐུབ་ན་གཅིག་དང་གཉིས་ན་གཉིས་བྱས་པས།དངོས་ནས་ད་ཐེངས་ལ་མཚོན་ན་ལེགས་པོ་ཞིག་གི་ཚུལ་དུ་ཆགས་སོང་།གཞན་ཡང་བུད་མེད་སློབ་གྲོགས་ཚོས་ཀྱང་སྨྲ་སྒོ་དེ་ཅུང་ཙམ་ཕྱེས་སོང་།ནང་དོན་གྱི་ཐད་ནས་ཀྱང་སློབ་གྲོགས་རང་ཉིད་ཀྱི་མཐར་ཕྱིན་དཔྱད་རྩོམ་གཙོ་བྱས་ཏེ་སྲོལ་རྒྱུན་གཉེན་སྒྲིག་གི་སྐོར་དང་ཨ་མདོའི་ལ་གཞས་ཀྱི་ལ་གཞས་སྐོར།ད་དུང་བོད་ཀྱི་བརྙན་འཕྲིན་ཟློས་གར་གྱི་སྐོར་སོགས་རབ་དང་རིམ་པ་བྱས་ཏེ་ཁ་ཏའམ་བསམ་བློ་བརྗེ་རེས་བྱས་ལ།གཞན་ཡང་དེ་དག་དང་འབྲེལ་བའི་འཕྲོས་གཏམ་ཡང་ཁ་ཏ་བྱས་ཡོད་པས།གྲག་འགུལ་མེད་པའི་ལྷོ་ནུབ་ཚང་ཡང་ཁ་རོག་གེར་འཕག་འཚག་བྱས་ཀྱིན་འདུག་ལ།བོད་ཀྱི་ སློབ་ཆེན་པ་ཞེས་པའི་མིང་བྱང་འཁུར་མཁན་ཚོ་ཡང་འཕག་འཚག་བྱས་ཀྱིན་འདུག
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་རིག་པའི་གླིང་ནས་རང་མོས་བགྲོ་གླེང་ཚོགས་ཐེངས་གཉིས་པ་བསྡུས་པ།

2011-11-21 བིས་མདོ་བ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།