དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་བོད་ཀྱི་རིག་གནས་དར་སྤེལ་ཐད་ལེགས་སྐྱེས་ཆེན་པོ་ཕུལ་བ།

  
  བོད་ལྗོངས་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཁང་ནི་ལྷ་ས་གྲོང་ཁྱེར་ཀྱི་ཤར་ངོས་དར་དམར་ལམ་གྱི་ཁ་ཁུ་སིམ་པའི་གྲོང་སྡེའི་ཁུལ་དུ་གནས་ཡོད། བལྟས་པ་ཙམ་གྱིས་ཡིད་དབང་འཕྲོག་པའི་ཁོར་ཡུག་འདིར་བོད་ཀྱི་རིག་གནས་ཀྱི་རྣམ་པས་ཡོངས་སུ་ཁེངས་ཡོད།
    དཔལ་བརྩེགས་དཔེ་རྙིང་ཞིབ་འཇུག་ཁང་གིས་བོད་ཀྱི་རིག་གནས་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱ་ཆེད། བོད་ཀྱི་ས་ཕྱོགས་གང་སར་རིག་གནས་འཚོལ་སྡུད་དང་ལེགས་སྒྲིག  ཞིབ་འཇུག་སྲུང་སྐྱོང་སོགས་ཀྱི་ལས་དོན་མང་བོ་བསྒྲུབས།
  དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཁང་གི་རྒན་ཀརྨ་བདེ་ལེགས་ལགས་ཀྱིས་གསུངས་པ་ལྟར་ན། ཚོགས་པ་འདི་བཙུགས་པ་ནས་ད་བར་དུ《རྙིང་མ་རྒྱུད་འབུམ》དང་། 《བཀའ་གདམས་དཔེ་བསྡུར》《ས་མཐོའི་བུ་མོ》《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྡུས》《མེས་པོའི་ཤུལ་བཞག》《མཁྱེན་རྩེའི་འོད་སྣང》《བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས》《ཕྱག་རིས་གཅེས་བསྡུས》ལ་སོགས་པའི་བོད་ཀྱི་རིག་གནས་སྐོར་གྱི་དཔེ་དེབ་མང་པོ་དཔེ་སྐྲུན་གནང་ཡོད་ལ། སྔ་ཕྱིར་འབྲས་སྤུངས་དགོན་དང་སེ་ར་དགོན། རྒྱལ་རྩེ་དཔལ་འཁོར་ཆོས་སྡེ། ཞྭ་ལུ་དགོན། སྙེ་མོ་ཟིམ་མཁར་དགོན་ལ་སོགས་པའི་བོད་ཀྱི་དགོན་སྡེ་མང་པོའི་དཔེ་རྙིང་མྱུར་སྐྱོབ་དང་སྲུང་སྐྱོབ་ཀྱི་ཕྱག་ལས་ལེགས་སྒྲུབ་གནང་ཡོད།
      ཁོང་རྣམ་པས་ངལ་བ་ཁྲི་སྟོང་མང་པོ་ཁྱད་དུ་བསད་ནས་བོད་ཀྱི་རིག་གནས་ཐད་བྱ་གཞག་ཆེན་པོ་འདི་ལྟ་བུ་ལེགས་སྒྲུབ་གནང་བར་གོང་རིམ་དབུ་ཁྲིད་དང་མི་སྣ་མང་པོས་བསྔགས་བརྗོད་དང་གདེང་འཇོག་བཟང་པོ་བྱས་པ་མ་ཟད། 2006ལོ་དང2010ལོར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་ཐོབ་ཡོད་ལ། 2007ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསར་འགྱུར་དཔེ་སྐྲུན་སྤྱི་ཁྱབ་ཁང་གི་སྐབས་དང་པོའི་ཀྲུང་གོའི་དཔེ་སྐྲུན་གྱི་སྲིད་གཞུང་བྱ་དགའ་ཞེས་པ་གནང་། 2011ལོར་སླར་ཡང་ཀྲུང་གོའི་དཔེ་སྐྲུན་གྱི་སྲིད་གཞུང་བྱ་དགའ་ཐོབ་ཡོད།
     འདས་ཟིན་པའི་ལོ་ངོ་བཅུ་ཙམ་གྱི་རིང་ལ་ཁོང་རྣམ་པས་བོད་ཡུལ་ས་ཕྱོགས་གང་སར་ཕེབས་ནས་བོད་ཀྱི་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་གྱི་བྱ་གཞག་ཐད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། དེ་ལྟ་བུའི་མཚན་སྙན་དང་གྲུབ་འབྲས་ལ་ཁོང་རྣམས་བློ་ཡིད་མི་ཚིམ་པར་ད་དུང་མུ་མཐུད་བོད་ཀྱི་རིག་གནས་འཚོལ་སྡུད་དང་ལེགས་སྒྲིག  ཞིབ་འཇུག་སོགས་ཀྱི་ཕྱག་ལས་ལ་མུ་མཐུད་དུ་འབད་པ་གནང་བཞིན་ཡོད།
 

རྩོམ་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་བོད་ཀྱི་རིག་གནས་དར་སྤེལ་ཐད་ལེགས་སྐྱེས་ཆེན་པོ་ཕུལ་བ།

2011-11-05 བསྟན་འཛིན། ཀློག་གྲངས། མཆན ཡོད།

  
  བོད་ལྗོངས་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཁང་ནི་ལྷ་ས་གྲོང་ཁྱེར་ཀྱི་ཤར་ངོས་དར་དམར་ལམ་གྱི་ཁ་ཁུ་སིམ་པའི་གྲོང་སྡེའི་ཁུལ་དུ་གནས་ཡོད། བལྟས་པ་ཙམ་གྱིས་ཡིད་དབང་འཕྲོག་པའི་ཁོར་ཡུག་འདིར་བོད་ཀྱི་རིག་གནས་ཀྱི་རྣམ་པས་ཡོངས་སུ་ཁེངས་ཡོད།
    དཔལ་བརྩེགས་དཔེ་རྙིང་ཞིབ་འཇུག་ཁང་གིས་བོད་ཀྱི་རིག་གནས་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱ་ཆེད། བོད་ཀྱི་ས་ཕྱོགས་གང་སར་རིག་གནས་འཚོལ་སྡུད་དང་ལེགས་སྒྲིག  ཞིབ་འཇུག་སྲུང་སྐྱོང་སོགས་ཀྱི་ལས་དོན་མང་བོ་བསྒྲུབས།
  དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཁང་གི་རྒན་ཀརྨ་བདེ་ལེགས་ལགས་ཀྱིས་གསུངས་པ་ལྟར་ན། ཚོགས་པ་འདི་བཙུགས་པ་ནས་ད་བར་དུ《རྙིང་མ་རྒྱུད་འབུམ》དང་། 《བཀའ་གདམས་དཔེ་བསྡུར》《ས་མཐོའི་བུ་མོ》《བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྡུས》《མེས་པོའི་ཤུལ་བཞག》《མཁྱེན་རྩེའི་འོད་སྣང》《བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས》《ཕྱག་རིས་གཅེས་བསྡུས》ལ་སོགས་པའི་བོད་ཀྱི་རིག་གནས་སྐོར་གྱི་དཔེ་དེབ་མང་པོ་དཔེ་སྐྲུན་གནང་ཡོད་ལ། སྔ་ཕྱིར་འབྲས་སྤུངས་དགོན་དང་སེ་ར་དགོན། རྒྱལ་རྩེ་དཔལ་འཁོར་ཆོས་སྡེ། ཞྭ་ལུ་དགོན། སྙེ་མོ་ཟིམ་མཁར་དགོན་ལ་སོགས་པའི་བོད་ཀྱི་དགོན་སྡེ་མང་པོའི་དཔེ་རྙིང་མྱུར་སྐྱོབ་དང་སྲུང་སྐྱོབ་ཀྱི་ཕྱག་ལས་ལེགས་སྒྲུབ་གནང་ཡོད།
      ཁོང་རྣམ་པས་ངལ་བ་ཁྲི་སྟོང་མང་པོ་ཁྱད་དུ་བསད་ནས་བོད་ཀྱི་རིག་གནས་ཐད་བྱ་གཞག་ཆེན་པོ་འདི་ལྟ་བུ་ལེགས་སྒྲུབ་གནང་བར་གོང་རིམ་དབུ་ཁྲིད་དང་མི་སྣ་མང་པོས་བསྔགས་བརྗོད་དང་གདེང་འཇོག་བཟང་པོ་བྱས་པ་མ་ཟད། 2006ལོ་དང2010ལོར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་ཐོབ་ཡོད་ལ། 2007ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསར་འགྱུར་དཔེ་སྐྲུན་སྤྱི་ཁྱབ་ཁང་གི་སྐབས་དང་པོའི་ཀྲུང་གོའི་དཔེ་སྐྲུན་གྱི་སྲིད་གཞུང་བྱ་དགའ་ཞེས་པ་གནང་། 2011ལོར་སླར་ཡང་ཀྲུང་གོའི་དཔེ་སྐྲུན་གྱི་སྲིད་གཞུང་བྱ་དགའ་ཐོབ་ཡོད།
     འདས་ཟིན་པའི་ལོ་ངོ་བཅུ་ཙམ་གྱི་རིང་ལ་ཁོང་རྣམ་པས་བོད་ཡུལ་ས་ཕྱོགས་གང་སར་ཕེབས་ནས་བོད་ཀྱི་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་གྱི་བྱ་གཞག་ཐད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། དེ་ལྟ་བུའི་མཚན་སྙན་དང་གྲུབ་འབྲས་ལ་ཁོང་རྣམས་བློ་ཡིད་མི་ཚིམ་པར་ད་དུང་མུ་མཐུད་བོད་ཀྱི་རིག་གནས་འཚོལ་སྡུད་དང་ལེགས་སྒྲིག  ཞིབ་འཇུག་སོགས་ཀྱི་ཕྱག་ལས་ལ་མུ་མཐུད་དུ་འབད་པ་གནང་བཞིན་ཡོད།
 

རྩོམ་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།