བརྙན་ཐུང་ཞིག་གི་གསལ་བརྡ།

རི་འཚེར་དབང་རྒྱལ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-09-21

  རྒྱ་ཆེ་བའི་སྨྱུག་ཐོགས་པ་དང་བལྟ་མཁན་ཡོངས་ལགས།
   ཉེ་ལམ་ངེད་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཡེའུ་ཀྲོང་སློབ་ཁུལ་གྱི་སློབ་བུ་སྐོར་ཞིག་གིས་རང་ནུས་ཅི་ལྕོགས་སྒོས་སློབ་ཆེན་པའི་སྣང་བརྙན་སྣ་ཚོགས་ཤིག་བརྙན་རིས་སུ་ཕབ་ནས་ད་ལྟ་དངོས་སུ་ལེགས་འགྲུབ་བྱུང་ཡོད་ངེས་རེད།  ཐོག་མ་ནས་བཟུང་གང་ལ་རྒྱུས་ལོན་བྱེད་རྒྱུ་དང་ལེགས་འགྲུབ་ཆེན་པོ་བྱུང་རྒྱུ་ནི་དེ་ལས་དཀའ་ཁག་ཆེན་པོ་འདུག་མོད།  འོན་ཀྱང་མི་ཞིག་གི་མདུན་ལམ་ཡིན་ཡང་རུང་སེམས་ཤུགས་ལས་ནམ་ཡང་གསར་གཏོད་ཀྱི་ཆོས་ཉིད་མ་དོར་ཚེ་དེ་ནི་རྒྱལ་ཁབ་ཆེན་པོ་ཡིན་ཚོད་འདུག  བརྙན་ཐུང་འདི་ནི་ཐོག་དང་བོར་ཕབ་ལེན་བྱས་རྐྱེན་ཕྱོགས་སོ་སོ་ནས་མི་འདང་བའི་ཆ་གང་མང་འདུག་མོད  ཡིན་ཡང་ཐོག་དང་བོའི་ཆོས་ཉིད་འདི་ལས་ལྟ་མཁན་ཞིག་ལ་མཚོན་ན་གུ་ཡངས་དང་བཟོད་སྒོམ། དཀྱེལ་ཡངས་ལྟ་བུའི་བློ་ཁོག་ནི་སུ་ལའང་ཡོད་
སྲིད།  ལོ་རབས་བརྒྱད་ཅུ་བ་བཟུང་བོད་ཀྱི་རྩོམ་རིག་གི་སྟེགས་བུ་ཆེན་པོ་བྱུང་བ་བརྒྱུད་ནས་ཀ་ཁའི་ཡིག་ངོ་ངོས་ཟིན་མཁན་ཐམས་ཅད་ཀྱིས་བརྩམས་སྒྲུང་དང་སྙན་ངག་ད་དུང་ལྷུག་རྩོམ་སྙན་ངག་འབྲི་མཁན་ནི་ཆར་རྗེས་ཀྱི་ཤྭ་མོ་བརྡོལ་བ་བཞིན་བྱུང་དང་འབྱུང་གིན་ཡོད་ལ་འོན་ཀྱང་རྩོམ་རིག་གི་ཁ་གཏོད་ས་ནི་གཙོ་བོ་མང་ཚོགས་རེད།  གང་ལྟར་ཁྱེད་ཀྱི་གོ་དཀའ་བའི་སྙན་ངག་ཞིག་བྲིས་ཀྱང་རུང་མང་ཚོགས་ཀྱི་གོ་བ་ལོན་མ་ཐུབ་ཚེ་དེ་ནི་ཁྱོད་ལ་མཚོན་ན་བསུབ་རྒྱུ་མེད་པའི་དགོས་མཁོ་ཞིག་ཡིན་མི་འདུག   སྤྱིར་རྩོམ་རིག་གི་བསམ་བློ་ནི་སྣེ་ཁྲིད་རེད།  འདི་ལས་གསལ་བྱེད་
བྱེད་རྒྱུ་ཞིག་ནི་ང་ཚོའི་བརྙན་ཐུང་འདི་ལས་མི་སྣའི་སྣང་བརྙན་ལས་མཚོན་པའི་དུངས་བརྗོད་ཀྱི་སེམས་འདུན་ཞིག་གི་འཆར་ཡན་དངོས་སུ་མངོན་ཏེ་ཁོར་ཡུག་མི་འདྲ་བ་ནས་ཡོང་བའི་མི་
སྣའི་་སེམས་ཤུགས་མི་འདྲ་བ་རེ་ཡོད་ལ་ཁོ་ཚོ་ནི་དོན་དངོས་སུ་སློབ་གྲྭ་བ་ཆེན་མོའི་སྣང་ཚུལ་ཞིག་རེད།
     སློབ་གྲྭ་བ་ཆེན་མོ་ནི་ཀུན་གྱི་ཡིད་ངོས་སུ་གདེང་འཇོག་གི་ཚད་གཞི་ཆེས་མཐོ་བའི་འཇོན་ཐང་ཅན་གྱི་མི་སྣ་རུ་ངོས་འཛིན་གྱིན་ཡོད་ལ་བརྙན་རིས་འདི་ལས་གང་ལ་ཟུར་ཟ་དང་གང་ལ་མཐེ་བོང་ཡང་བསྒྲེང་མེད་ཕྱིར་རྣམ་པ་ཚོས་གང་ལའང་ཐེ་གཏོགས་བྱེད་མི་དགོས།  མཐར་ཁྱེད་ཚོའི་བསམ་འཆར་དང་རེ་བ་འདོན་པར་སྒུག་ནས་འདུག
    དྲ་གནས།  http://v.youku.com/v_show/id_XMzA0ODkxMDI4.html  
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བརྙན་ཐུང་ཞིག་གི་གསལ་བརྡ།

2011-09-21 རི་འཚེར་དབང་རྒྱལ་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།