ས་ནག་གཞས་ཚོགས་ཞེས་པའི་གཞས་ཚོགས་གསར་བ་ཞིག་འཁྲུངས་ཡོད་པ།

ཆོས་འཁོར་ཚེ་དཔག་སྐྱབས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-09-19

 
   ༈ཀླུ་ཆབ་དལ་འགྲོ་རིང་མོའི་བརྩེ་སེམས་ཀྱིས་བསྐྱངས་ཤིང་ཤེས་རིག་ཁྲི་གདུགས་ཉི་མའི་འོད་སྣང་གིས་གསོས་ པའི་ས་ནག་གཞས་ཚོགས་ནི། ལང་ཚོ་དང་གསོན་ཤུགས་ཀྱིས་རབ་ཏུ་བརྟས་པའི་སློབ་ཆེན་མཐར་ཕྱིན་གྱི་གཞོན་ ནུའི་གཞས་ཚོགས་ཤིག་ཡིན་ལ། ཕུགས་བསམ་འཚོལ་སྙེག་གི་གདམ་ཀ་ཆེན་མོའི་ཁྲོད་ཁོ་ཚོས་རང་ཉིད་ཀྱི་བརྩེ་ དུང་དང་མཛེས་པ་ཡོད་ཚད་སྒྱུ་རྩལ་གྱི་ལས་ཀ་འདི་ལ་བཅོལ་ཞིང་། ཚེ་སྲོག་གི་མཇུག་མཐའ་མའི་དབུགས་ཀྱི་ རྒྱུ་བ་ཕྲ་མོ་དག་ཀྱང་འདི་དང་ལྷན་དུ་རྫོགས་སྲིད་པའི་དམ་བཅའ་སྙིང་ལ་བཅངས་ནས་ཡོད། སུ་ལའང་སྐྱེས་ འཚར་འབྱུང་བའི་གོ་རིམ་ཧྲིལ་བོར་དཀའ་སྡུག་དང་རྔུལ་ཆུས་སིམ་ཡོད་པ་བསྙོན་དུ་མེད་པ་བཞིན། ཁོ་ཚོ་ལ་ ཡང་རང་ཉིད་ཀྱིས་བཟློ་མི་ཚར་བའི་གཏམ་རྒྱུད་རེ་ཅིས་ཀྱང་མཆིས་སྲིད་མོད། དེ་ལྟར་ན་ཡང་། ལྷན་སྐྱེས་ནས་ མངའ་བའི་མགྲིན་པ་བཟང་པོའི་གཤིན་ཐང་དང་དབྱངས་ཀྱི་སྙན་པ་ལ་ཆགས་པའི་མོས་འདུན་ཟབ་མོའི་ས་བོན། མང་མང་གིས་དགའ་བསུ་དང་བསྟོད་པའི་སྦྲང་ཆར་ཤག་ཤག་ཏུ་འཇོ་བའི་མཐུན་རྐྱེན་འཛོམས་པ་བཅས་ཀྱིས་ཁོ་ཚོར་རེ་བ་དང་ཡིད་ཆེས་ཀྱིས་ཕྱུག
   ད་ལན་ཁོ་ཚོས་བྱམས་ལྡན་ཨ་མའི་གཞན་ཕན་གཞུང་དྲང་གི་ལྷག་བསམ་དང་། དྲིན་ཅན་ཕ་ལོའི་དཔའ་ གདེངས་དང་སྤོབས་སེམས་ཀྱིས་ཁེངས་པ་སྟེ། སྦྲང་དཀར་རྩམ་པའི་དྲི་བསུངས་འཐུལ་ཞིང་རོ་བཅུད་ཀྱིས་ཀུན་ ནས་ཕྱུག་པའི་དབྱངས་རྟ་སྙན་མོ་དག་ཆེད་སྒྲིག་བརྙན་འཁོར་ཐོག་མ་<<ས་ཆེན་ཨ་མར་ཕུལ་བའི་གླུ>>རུ་ བཅུག་ནས། སྒྱུ་རྩལ་གྱི་ལས་ལ་ཚོར་ཤེས་སྐྱེན་པའི་སྐྱེ་འགྲོ་ཀུན་དང་ལྷག་པར་རིགས་རུས་གཅིག་ཏུ་འཁྲུངས་པའི་ བོད་རིགས་སྤུན་ཟླ་ཡོངས་ཀྱི་སྣང་ངོར་བཀྲམས་པ་ལགས་ན། ཚང་མའི་ཐུགས་ཡིད་སྤྲོ་བའི་རེ་སྨོན་དང་བཅས་ཁོ་ བ་ཚོའི་གཞུག་ཕྱོགས་ཀྱི་བགྱིད་པར་ཐུགས་བཞེས་ཚད་མེད་གནང་བའི་བཀའ་དྲིན་ཡང་ཡང་ཞུ་ལགས།          
                     ཆོས་འཁོར་ཚེ་དཔག་སྐྱབས་ཀྱིས་སྤྱི་ལོ་2011ལོའི་ཟླ9བའི་ཚེས15ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ས་ནག་གཞས་ཚོགས་ཞེས་པའི་གཞས་ཚོགས་གསར་བ་ཞིག་འཁྲུངས་ཡོད་པ།

2011-09-19 ཆོས་འཁོར་ཚེ་དཔག་སྐྱབས། ཀློག་གྲངས། མཆན ཡོད།

 
   ༈ཀླུ་ཆབ་དལ་འགྲོ་རིང་མོའི་བརྩེ་སེམས་ཀྱིས་བསྐྱངས་ཤིང་ཤེས་རིག་ཁྲི་གདུགས་ཉི་མའི་འོད་སྣང་གིས་གསོས་ པའི་ས་ནག་གཞས་ཚོགས་ནི། ལང་ཚོ་དང་གསོན་ཤུགས་ཀྱིས་རབ་ཏུ་བརྟས་པའི་སློབ་ཆེན་མཐར་ཕྱིན་གྱི་གཞོན་ ནུའི་གཞས་ཚོགས་ཤིག་ཡིན་ལ། ཕུགས་བསམ་འཚོལ་སྙེག་གི་གདམ་ཀ་ཆེན་མོའི་ཁྲོད་ཁོ་ཚོས་རང་ཉིད་ཀྱི་བརྩེ་ དུང་དང་མཛེས་པ་ཡོད་ཚད་སྒྱུ་རྩལ་གྱི་ལས་ཀ་འདི་ལ་བཅོལ་ཞིང་། ཚེ་སྲོག་གི་མཇུག་མཐའ་མའི་དབུགས་ཀྱི་ རྒྱུ་བ་ཕྲ་མོ་དག་ཀྱང་འདི་དང་ལྷན་དུ་རྫོགས་སྲིད་པའི་དམ་བཅའ་སྙིང་ལ་བཅངས་ནས་ཡོད། སུ་ལའང་སྐྱེས་ འཚར་འབྱུང་བའི་གོ་རིམ་ཧྲིལ་བོར་དཀའ་སྡུག་དང་རྔུལ་ཆུས་སིམ་ཡོད་པ་བསྙོན་དུ་མེད་པ་བཞིན། ཁོ་ཚོ་ལ་ ཡང་རང་ཉིད་ཀྱིས་བཟློ་མི་ཚར་བའི་གཏམ་རྒྱུད་རེ་ཅིས་ཀྱང་མཆིས་སྲིད་མོད། དེ་ལྟར་ན་ཡང་། ལྷན་སྐྱེས་ནས་ མངའ་བའི་མགྲིན་པ་བཟང་པོའི་གཤིན་ཐང་དང་དབྱངས་ཀྱི་སྙན་པ་ལ་ཆགས་པའི་མོས་འདུན་ཟབ་མོའི་ས་བོན། མང་མང་གིས་དགའ་བསུ་དང་བསྟོད་པའི་སྦྲང་ཆར་ཤག་ཤག་ཏུ་འཇོ་བའི་མཐུན་རྐྱེན་འཛོམས་པ་བཅས་ཀྱིས་ཁོ་ཚོར་རེ་བ་དང་ཡིད་ཆེས་ཀྱིས་ཕྱུག
   ད་ལན་ཁོ་ཚོས་བྱམས་ལྡན་ཨ་མའི་གཞན་ཕན་གཞུང་དྲང་གི་ལྷག་བསམ་དང་། དྲིན་ཅན་ཕ་ལོའི་དཔའ་ གདེངས་དང་སྤོབས་སེམས་ཀྱིས་ཁེངས་པ་སྟེ། སྦྲང་དཀར་རྩམ་པའི་དྲི་བསུངས་འཐུལ་ཞིང་རོ་བཅུད་ཀྱིས་ཀུན་ ནས་ཕྱུག་པའི་དབྱངས་རྟ་སྙན་མོ་དག་ཆེད་སྒྲིག་བརྙན་འཁོར་ཐོག་མ་<<ས་ཆེན་ཨ་མར་ཕུལ་བའི་གླུ>>རུ་ བཅུག་ནས། སྒྱུ་རྩལ་གྱི་ལས་ལ་ཚོར་ཤེས་སྐྱེན་པའི་སྐྱེ་འགྲོ་ཀུན་དང་ལྷག་པར་རིགས་རུས་གཅིག་ཏུ་འཁྲུངས་པའི་ བོད་རིགས་སྤུན་ཟླ་ཡོངས་ཀྱི་སྣང་ངོར་བཀྲམས་པ་ལགས་ན། ཚང་མའི་ཐུགས་ཡིད་སྤྲོ་བའི་རེ་སྨོན་དང་བཅས་ཁོ་ བ་ཚོའི་གཞུག་ཕྱོགས་ཀྱི་བགྱིད་པར་ཐུགས་བཞེས་ཚད་མེད་གནང་བའི་བཀའ་དྲིན་ཡང་ཡང་ཞུ་ལགས།          
                     ཆོས་འཁོར་ཚེ་དཔག་སྐྱབས་ཀྱིས་སྤྱི་ལོ་2011ལོའི་ཟླ9བའི་ཚེས15ཉིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།