རྨ་ཁུགས་རྟ་རའི་རྟ་ཐོག་སྤོ་ལོའི་འགྲན་ཚོགས་སྐབས་དང་པོ་སྤེལ་བ།

གསར་འགོད་པ་མགོ་ལེབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-08-13

  མདོ་སྨད་རྨ་ཆུ་རྫོང་གི་རྨ་ཁུགས་རྟ་རའི་རྟ་ཐོག་སྤོ་ལོའི་འགྲན་ཚོགས་སྐབས་དང་པོ་དེ་རྨ་ཆུའི་རྟ་རྒྱུགས་འགྲན་ཚོགས་ཆེན་མོའི་སྔོན་གྱི་ཉིན་གསུམ་པ་སྟེ་སྤྱི་ཟླ་༨པའི་ཚེས༡༠ཉིན་དངོས་སུ་སྤེལ་ཅིང་ཚེས་༡༡ཉིན་མཇུག་བསྡུས། ཐེངས་འདིའི་འགྲན་ཚོགས་སུ་རྨ་ཁུགས་རྟ་རའི་རྟ་ཐོག་སྤོ་ལོའི་རུ་ཁག་དྲུག་ཞུགས་པ་དང་། ཉིན་གཉིས་རིང་གི་ཛ་དྲག་གི་འགྲན་སྡུར་བརྒྱུད་ནས་མཐར་རུ་ཁག་གཉིས་པར་བྱ་དགའ་ཨང་དང་པོ་ཐོབ་ཅིང་བྱ་དགའི་གཟེངས་དངུལ་དམངས་སྒོར་ཆིག་ཁྲི་ཐོབ།
 
 འགྲན་སྡུར་གྱི་རྣམ་པ་དངོས།
 
 ཛ་དྲག་གི་ངང་དུ་སྤོ་ལོ་འཕྲོག་བཞིན་པ།
 
 རྟ་བ་ཀུན་སྤོ་ལོའི་ཕྱོགས་སུ་ཤོར་ཡོང་བའི་ཚུལ།
 
 ༼ཀྲུང་གོའི་བོད་ལྗོངས༽ཞེས་པའི་དུས་དེབ་དབྱིན་ཡིག་མ་རུ་རྨ་ཁུགས་རྟ་རའི་རྟ་སྤོའི་སྐོར་བཀོད་ཡོད་པ།
  ན་ནིང་ནས་བཟུང་། རྨ་ཆུ་རྫོང་གི་རྨ་ཁུགས་རྟ་རས་མདོ་སྨད་རྟའི་ཆོལ་ཀའི་རིགས་བཟང་རྒྱུད་གཙང་གི་རྟའི་རིག་གནས་གོང་སྤེལ་གཏོང་བ་དང་། གནའ་བོའི་ལུས་རྩལ་དེ་བོད་ཡུལ་ནས་ཉམས་པ་སླར་གསོ་བྱ་ཆེད་ནང་སོག་ནས་ཆེད་ལས་མཁས་པ་གདན་དྲངས་ཏེ། ཡུལ་དེ་གའི་རྟ་རྩལ་ལ་བྱངས་པའི་གཞོན་ནུ་ལོ་ཆུང་ཚོར་ལུས་རྩལ་དེ་ཇི་ལྟར་རྩེ་བའི་སྐོར་གྱི་ཡུལ་དངོས་སློབ་སྟོན་བྱས་ནས་རྟ་ཐོག་སྤོ་ལོའི་རུ་ཁག་བརྒྱད་རྩ་འཛུགས་བྱས་ཤིང་། ད་ལོ་ནས་བཟུང་འགྲན་སྡུར་དངོས་སུ་མགོ་བརྩམས་པ་དང་རྗེས་མར་ཡང་ལོ་རེ་བཞིན་འགྲན་ཚོགས་དེ་བསྡུ་བའི་འཆར་གཞི་ཡོད་འདུག
  གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། ལོ་ངོ་གཅིག་རིང་གི་སྦྱོང་བརྡར་དང་ལག་ལེན་བརྒྱུད་ནས་རྨ་ཁུགས་རྟ་རའི་རྟ་ཐོག་སྤོ་ལོའི་ལུས་རྩལ་བ་ཚོས་སྤོ་ལོ་ཇི་ལྟར་འཕྲོག་པ་དང་། རྟ་ཁ་ཇི་ལྟར་དཀྱུ་པ། སྒྲིག་ལམ་ལ་མི་འགལ་བའི་འོག་ནས་སྤོ་རྩལ་ཇི་ལྟར་ངོམ་པ། སྤོ་དབྱུག་ཇི་ལྟར་གཡུག་པ་སོགས་ཀྱི་ཤེས་བྱ་མི་ཉུང་བ་ཞིག་སྦྱོང་བ་བྱས་ཏེ་བྱང་ཆུབ་འདུག ཁོ་ཚོས་འབྲོག་པའི་སྤང་ཐང་ལ་ཤིན་ཏུ་འཚམ་པའི་གནའ་བོའི་ལུས་རྩལ་དེའི་རྒྱུན་ལེགས་པོར་བཟུང་སྟེ་རྗེས་མར་ཕྱོགས་སོ་སོའི་འབྲོག་སྡེ་མང་པོའི་ནང་སྤེལ་ཐུབ་པ་བྱུང་ཚེ་འབྲོག་ཕྲུག་མང་པོ་ཞིག་རྒྱན་པོ་འགྱེད་པ་དང་། དོན་མེད་དུ་སྲང་ལམ་འཁྱམ་པའི་ལས་དང་རྦད་དེ་གྱེས་ཐུབ་པ་རེད་ཟེར།
            (པར་བ་བསོད་ནམས་དབང་རྒྱལ་ཡིན)
            གཞན་དུ་གཟིགས་པ། རྨ་ཁུགས་རྟ་རའི་རྟ་ཐོག་སྤོ་ལོའི་གྲ་སྒྲིག་གི་གནས་ཚུལ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨ་ཁུགས་རྟ་རའི་རྟ་ཐོག་སྤོ་ལོའི་འགྲན་ཚོགས་སྐབས་དང་པོ་སྤེལ་བ།

2011-08-13 གསར་འགོད་པ་མགོ་ལེབ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།