བོད་རིག་པའི་ཞིབ་འཇུག་མཁས་ཆེན་ཆར་ལེ་སི་རོབ་བྷོ་ཡིས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་འཆད་ཁྲིད་གནང་བ།

གསར་འགོད་པ་མགོན་པོ་སྐྱབས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-01-03


 སྐུ་ཞབས་ཆར་ལེ་སི་རོབ་བྷོ༼Charles Ramble༽
  ༢༠༡༡ལོའི་ཟླ་༡༢པའི་ཚེས༢༨ཕྱི་དྲོ་ཆུ་ཚོད་གཉིས་དང་ཕྱེད་ཀའི་ཐོག་རིག་གཞུང་སྙན་ཞུ་ཁང་ནས་བོད་སྐད་ཡིག་རིག་གནས་སློབ་གླིང་གིས་གདན་འདྲེན་ཞུས་པའི་དབྱིན་ཇིའི་ཉོའི་ཅིན་སློབ་གྲྭ་ཆེན་མོའི་དགེ་རྒན་དང་བོད་རིག་པ་ཞིབ་འཇུག་པ་གྲགས་ཅན།རྒྱལ་སྤྱིའི་བོད་རིག་པ་མཉམ་འབྲེལ་ཚོགས་པའི་ཚོགས་གཙོ་སྔིན་མ་སྐུ་ཞབས་ཆར་ལེ་སི་རོབ་བྷོ་ཡིས་བོད་སྐད་རྐྱང་རྐྱང་ལམ་ནས་བལ་ཡུལ་རིག་གནས་ལོ་རྒྱུས་དང་བོད་ཀྱི་རིག་གནས་བར་གྱི་འབྲེལ་བ་ཞིབ་འཇུག་སྐོར་གྱི་འཆད་ཁྲིད་གནང་།
 
འཆད་ཁྲིད་ལ་ཉན་ཡོད་པའི་ཟུར་ཞིག
 འཆད་ཁྲིད་ལ་ཞུགས་མཁན་བོད་སྐད་ཡིག་རིག་གནས་སློབ་གླིང་དང་གེ་སེར་ཞིབ་འཇུག་གླིང་གི་དགེ་སློབ་ལྔ་བརྒྱ་ལྷག་འདུས་ཡོད།
 
  འཆད་ཁྲིད་གྲོལ་རྗེས།
  སྐུ་ཞབས་ཆར་ལེ་སི་རོབ་བྷོ༼Charles Ramble༽ནི་རྒྱ་གར་ནས་སྐྱེས་ལ།དབྱིན་ཇིའི་ཉོའི་ཅིན་སློབ་གྲྭ་ཆེན་མོའི་འབུམ་རམས་པའི་ཐོབ་ཐང་བླངས་ཡོད་ལ།ད་ལྟ་དེ་གར་དགེ་རྒན་གྱི་བྱ་བ་གཉེར་བཞིན་ཡོད།ད་དུང་དབྱིན་ཇིའི་ཉོའི་ཅིན་སློབ་གྲྭ་ཆེན་མོའི་བོན་ཆོས་ཞིབ་འཇུག་ལས་ཚན་གྱི་འགན་ཁུར་བ་དང་།རྒྱལ་སྤྱིའི་བོད་རིག་པ་མཉམ་འབྲེལ་ཚོགས་པའི་ཚོགས་གཙོ་སྔོན་མ་ཡིན།ཁོ་རང་བོད་སྐད་ལ་ཐོགས་པ་མེད་ལ།གཙོ་བོ་བོན་ཆོས་དང་བོད་ཁུལ་མིའི་རིགས་རིག་པར་ཞིབ་འཇུག་བྱེད་བཞིན་ཡོད།བརྩམས་ཆོས་གཙོ་བོ་ལ《གནས་མཐོའི་བལ་ཡུལ་གྱི་བོད་བརྒྱུད་ནང་བསྟན་དང་དམངས་ཁྲོད་ཆོས་ལུགས》《བོར་ཟིན་པའི་བོན་ཆོས་རྒྱལ་རབས་འཚོལ་བ》སོགས་དཔྱད་རྩོམ་ཞེ་བརྒྱད་ལྷག་དང་གསུང་རྩོམ་པོ་ཏི་ལྔ།ཡིག་ཚང་ཕྱོགས་བསྒྲིགས་པོ་ཏི་བཞི་བཅས་ཡོད།ད་དུང་གཞན་ཁོ་དང་པོ་ལོ་ཨིན་གཉིས་ཀྱིས་གཙོ་སྒྲིག་བྱས་པའི《བོད་ལྗོངས་དང་ཧི་མ་ལ་ཡའི་མིའི་རིགས་རིག་པ》ཞེས་པར་ཕྱོགས་ཀུན་ན་གདེང་འཇོག་མཐོན་པོ་བྱེད་བཞིན་ཡོད།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་རིག་པའི་ཞིབ་འཇུག་མཁས་ཆེན་ཆར་ལེ་སི་རོབ་བྷོ་ཡིས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་འཆད་ཁྲིད་གནང་བ།

2012-01-03 གསར་འགོད་པ་མགོན་པོ་སྐྱབས། ཀློག་གྲངས། མཆན ཡོད།


 སྐུ་ཞབས་ཆར་ལེ་སི་རོབ་བྷོ༼Charles Ramble༽
  ༢༠༡༡ལོའི་ཟླ་༡༢པའི་ཚེས༢༨ཕྱི་དྲོ་ཆུ་ཚོད་གཉིས་དང་ཕྱེད་ཀའི་ཐོག་རིག་གཞུང་སྙན་ཞུ་ཁང་ནས་བོད་སྐད་ཡིག་རིག་གནས་སློབ་གླིང་གིས་གདན་འདྲེན་ཞུས་པའི་དབྱིན་ཇིའི་ཉོའི་ཅིན་སློབ་གྲྭ་ཆེན་མོའི་དགེ་རྒན་དང་བོད་རིག་པ་ཞིབ་འཇུག་པ་གྲགས་ཅན།རྒྱལ་སྤྱིའི་བོད་རིག་པ་མཉམ་འབྲེལ་ཚོགས་པའི་ཚོགས་གཙོ་སྔིན་མ་སྐུ་ཞབས་ཆར་ལེ་སི་རོབ་བྷོ་ཡིས་བོད་སྐད་རྐྱང་རྐྱང་ལམ་ནས་བལ་ཡུལ་རིག་གནས་ལོ་རྒྱུས་དང་བོད་ཀྱི་རིག་གནས་བར་གྱི་འབྲེལ་བ་ཞིབ་འཇུག་སྐོར་གྱི་འཆད་ཁྲིད་གནང་།
 
འཆད་ཁྲིད་ལ་ཉན་ཡོད་པའི་ཟུར་ཞིག
 འཆད་ཁྲིད་ལ་ཞུགས་མཁན་བོད་སྐད་ཡིག་རིག་གནས་སློབ་གླིང་དང་གེ་སེར་ཞིབ་འཇུག་གླིང་གི་དགེ་སློབ་ལྔ་བརྒྱ་ལྷག་འདུས་ཡོད།
 
  འཆད་ཁྲིད་གྲོལ་རྗེས།
  སྐུ་ཞབས་ཆར་ལེ་སི་རོབ་བྷོ༼Charles Ramble༽ནི་རྒྱ་གར་ནས་སྐྱེས་ལ།དབྱིན་ཇིའི་ཉོའི་ཅིན་སློབ་གྲྭ་ཆེན་མོའི་འབུམ་རམས་པའི་ཐོབ་ཐང་བླངས་ཡོད་ལ།ད་ལྟ་དེ་གར་དགེ་རྒན་གྱི་བྱ་བ་གཉེར་བཞིན་ཡོད།ད་དུང་དབྱིན་ཇིའི་ཉོའི་ཅིན་སློབ་གྲྭ་ཆེན་མོའི་བོན་ཆོས་ཞིབ་འཇུག་ལས་ཚན་གྱི་འགན་ཁུར་བ་དང་།རྒྱལ་སྤྱིའི་བོད་རིག་པ་མཉམ་འབྲེལ་ཚོགས་པའི་ཚོགས་གཙོ་སྔོན་མ་ཡིན།ཁོ་རང་བོད་སྐད་ལ་ཐོགས་པ་མེད་ལ།གཙོ་བོ་བོན་ཆོས་དང་བོད་ཁུལ་མིའི་རིགས་རིག་པར་ཞིབ་འཇུག་བྱེད་བཞིན་ཡོད།བརྩམས་ཆོས་གཙོ་བོ་ལ《གནས་མཐོའི་བལ་ཡུལ་གྱི་བོད་བརྒྱུད་ནང་བསྟན་དང་དམངས་ཁྲོད་ཆོས་ལུགས》《བོར་ཟིན་པའི་བོན་ཆོས་རྒྱལ་རབས་འཚོལ་བ》སོགས་དཔྱད་རྩོམ་ཞེ་བརྒྱད་ལྷག་དང་གསུང་རྩོམ་པོ་ཏི་ལྔ།ཡིག་ཚང་ཕྱོགས་བསྒྲིགས་པོ་ཏི་བཞི་བཅས་ཡོད།ད་དུང་གཞན་ཁོ་དང་པོ་ལོ་ཨིན་གཉིས་ཀྱིས་གཙོ་སྒྲིག་བྱས་པའི《བོད་ལྗོངས་དང་ཧི་མ་ལ་ཡའི་མིའི་རིགས་རིག་པ》ཞེས་པར་ཕྱོགས་ཀུན་ན་གདེང་འཇོག་མཐོན་པོ་བྱེད་བཞིན་ཡོད།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།