མཚོ་བུ་དགའ་བདེ་སོགས་ཐབས་སྣ་ཚོགས་ལ་བརྟེན་ཏེ་སྙན་ངག་འདུ་ཚོགས་ལང་ཚོའི་རྦབ་ཆུར་ཞུགས་པ།

 
སྙན་ངག་འདུ་ཚོགས་ལང་ཚོའི་རྦབ་ཆུ་སྐབས་ལྔ་བ་དེ་སྔོན་མ་ནང་བཞིན་མི་མང་པོ་མཉམ་དུ་འདུས་ཏེ་གསོལ་སྟོན་དང་ཆང་རག་ལ་རོལ་བ་མིན་པར་རང་རང་གི་ས་ནས་ཁེར་རྐྱང་ངང་སྙན་ངག་ལ་འཇུག་པའི་བརྟུལ་ཞུགས་བསྐྱང་ཕྱིར་བོད་ཀྱི་སྙན་ངག་པ་གྲགས་ཅན་མཚོ་བུ་དགའ་བདེ་ལགས་ཀྱིས་རང་ཁྱིམ་ནས༼རང་གཅིག་བུར་དབང་བའི་སྙན་ངག་གི་དགུང་ཚོགས༽ཞེས་པ་ཞིག་བསྡུས་ཏེ་རང་གི་སྙན་ངག་ལྔ་དང་། ལྗང་བུའི་སྙན་ངག་གཅིག བདེ་གྲོལ་གྱི་སྙན་ངག་གཅིག་བཅས་གྱེར་འདོན་བྱས་ཞེས་ཁོང་གི་ཞིན་ལའང་གི་པོད་ཕྲན་དུ་བྲིས་འདུག
 
 
 དེ་བཞིན་སྐྱབས་ཆེན་བདེ་གྲོལ་གྱིས་ལགས་ཀྱིས་སྙན་ངག་གི་དུས་ཆེན་དེའི་ཉི་མ་དང་འཁེལ་བར་བྱས་ཏེ་ཞིན་ལའང་པོད་ཕྲན་བརྒྱུད་ནས༼དུས་མཐའི་གླུ་དབྱངས༽ཞེས་པའི་སྙན་ངག་ཅིག་གསར་རྩོམ་གནང་ཡོད་པ་དང་། བོད་ཡིག་གི༼མི་རིགས་ཀྱི་རྩོམ་རིག༽གི་རྩོམ་སྒྲིག་པ་དང་། སྙན་ངག་པ་དང་ཡིག་སྒྱུར་བ་ལྡོང་བུ་ལགས་ཀྱིས་ཞིན་ལའང་པོད་ཕྲན་བརྒྱུད་ནས་རྐང་བ་གཉིས་ཅན་གྱི་སྙན་ངག་༼སྤྲོ་གར༽ཞེས་པ་ཞིག་གསར་རྩོམ་གནང་ཡོད་པ་རེད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚོ་བུ་དགའ་བདེ་སོགས་ཐབས་སྣ་ཚོགས་ལ་བརྟེན་ཏེ་སྙན་ངག་འདུ་ཚོགས་ལང་ཚོའི་རྦབ་ཆུར་ཞུགས་པ།

2011-12-15 ངེད་དྲ་བ། ཀློག་གྲངས། མཆན ཡོད།

 
སྙན་ངག་འདུ་ཚོགས་ལང་ཚོའི་རྦབ་ཆུ་སྐབས་ལྔ་བ་དེ་སྔོན་མ་ནང་བཞིན་མི་མང་པོ་མཉམ་དུ་འདུས་ཏེ་གསོལ་སྟོན་དང་ཆང་རག་ལ་རོལ་བ་མིན་པར་རང་རང་གི་ས་ནས་ཁེར་རྐྱང་ངང་སྙན་ངག་ལ་འཇུག་པའི་བརྟུལ་ཞུགས་བསྐྱང་ཕྱིར་བོད་ཀྱི་སྙན་ངག་པ་གྲགས་ཅན་མཚོ་བུ་དགའ་བདེ་ལགས་ཀྱིས་རང་ཁྱིམ་ནས༼རང་གཅིག་བུར་དབང་བའི་སྙན་ངག་གི་དགུང་ཚོགས༽ཞེས་པ་ཞིག་བསྡུས་ཏེ་རང་གི་སྙན་ངག་ལྔ་དང་། ལྗང་བུའི་སྙན་ངག་གཅིག བདེ་གྲོལ་གྱི་སྙན་ངག་གཅིག་བཅས་གྱེར་འདོན་བྱས་ཞེས་ཁོང་གི་ཞིན་ལའང་གི་པོད་ཕྲན་དུ་བྲིས་འདུག
 
 
 དེ་བཞིན་སྐྱབས་ཆེན་བདེ་གྲོལ་གྱིས་ལགས་ཀྱིས་སྙན་ངག་གི་དུས་ཆེན་དེའི་ཉི་མ་དང་འཁེལ་བར་བྱས་ཏེ་ཞིན་ལའང་པོད་ཕྲན་བརྒྱུད་ནས༼དུས་མཐའི་གླུ་དབྱངས༽ཞེས་པའི་སྙན་ངག་ཅིག་གསར་རྩོམ་གནང་ཡོད་པ་དང་། བོད་ཡིག་གི༼མི་རིགས་ཀྱི་རྩོམ་རིག༽གི་རྩོམ་སྒྲིག་པ་དང་། སྙན་ངག་པ་དང་ཡིག་སྒྱུར་བ་ལྡོང་བུ་ལགས་ཀྱིས་ཞིན་ལའང་པོད་ཕྲན་བརྒྱུད་ནས་རྐང་བ་གཉིས་ཅན་གྱི་སྙན་ངག་༼སྤྲོ་གར༽ཞེས་པ་ཞིག་གསར་རྩོམ་གནང་ཡོད་པ་རེད།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།